Back To Top

གསལ་བསྒྲགས།

སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༤ ཚེས་ ༢༨ ཉིན། འདི་ག་ཧྥ་ཇག་རྩོམ་སྒྲིག་ཁང་གིས་བོད་འབྱོར་གློག་བརྙན། ལོ་་གསུམ་གྱི་རྗེས་ནས་ཞེས་པ་གཟིགས་འབུལ་བྱེད་གཏན་འཁེལ་ཡོད། གློག་བརྙན་འདི་ནི་ཅི་ཉི་སིའི་གློག་བརྙན་གྱི་ཐོ་གཞུང་ནང་ཚུད་མྱོང་བ་མ་ཟད། གློག་བརྙན་དུས་སྟོན་ཁ་ཤས་སྟེང་བྱ་དགའ་འང་ཐོབ་ཡོད། ཉེ་ཆར་སུད་སར་འཚོགས་པའི་གློག་བརྙན་དུས་སྟོན་ནང་ཞུགས་པའི་སྐབས་དང་བསྟུན་འདི་ག་ཧྥ་རན་སིའི་ཤེས་ལྡན་པའི་སྡེ་ལ་ཆེས་ཐོག་མའི་གཟིགས་ཕུད་ཀྱི་གོ་སྐབས་ཐོབ་ཡོད།

གློག་བརྙན་འདི་གཞིས་བཞུགས་པ་སྙིང་དཀར་ཚེ་རིང་གིས་འཁྲབ་གཞུང་དང་འཁྲབ་ཁྲིད། ཕབ་སྐྲུན་བྱས་པ་ཞིག་ཡིན་མོད། ཁོང་དངོས་བཅར་ཐུབ་མེད། ཁོང་གི་ལས་རོགས་ཀྱི་གློག་བརྙན་ངོ་སྤྲོད་དང་དྲི་བར་ལན་འདེབས་གནང་རྒྱུ་རེད། ཉིན་འདིར་གློག་བརྙན་གྱི་པར་ཕུད་གཟིགས་པར་ཕེབས་མཁན་ཚང་མར་བཏུང་བའི་རྒྱ་མཚོ་དང་ཟས་ཀྱི་རི་རབ་ཀྱང་རྩིག་རྩིས་ཡོད་ལགས་ན་དེ་ལུགས་ཐུགས་འཇགས་ཀྱིས་དོ་སྣང་ཅན་དག་ངེས་ཕེབས་ཡོང་བའི་རེ་བ་ཞུ།
གློག་བརྙན་བརྙན་ཐུང་ལོ་གསུམ་གྱི་རྗེས་ནས་ཞེས་པའི་ནང་དོན་རགས་བཤད།
མདོ་དབུས་མཐོ་སྒང་གི་ཤར་ལྷོའི་ཁུལ་དུ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྒྱལ་གཉེར་ལུག་སྤེལ་ར་བའི་ལུག་རྫི་རྒྱ་བྷོ་གཟའ་ཟླ་གཉིས་ཀྱི་བུ་ཆུང་བསྟན་འཛིན་ལ་སེམས་ནད་ཅིག་གམ་ནད་གཞི་ཞིག་ཡོད་པར་སེམས་ཁྲལ་བྱེད་སྐབས། བློ་ཡུལ་ལས་འདས་པ་ཞིག་ལ། ཁོ་ཚང་གི་ལུག་ཁྱུར་བཙས་པའི་ལུག་གུ་ནག་པོ་དེས་བུ་ཆུང་བསྟན་འཛིན་གྱི་མི་ཚེ་ལ་མགོ་རྱིང་སློག་པ་ལྟ་བུའི་འགྱུར་ལྡོག་འབྱུང་བཅུག་ནས། བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་ལོ་ངོ་གསུམ་གྱི་རྗེས། ༡༩༩༩ལོའི་སྟོན་ཁར། རྒྱ་བྷོས་ལོ་བཅུ་བཞིར་སླེབས་པའི་བུ་ཆུང་བསྟན་འཛིན་ལ་སྲོལ་རྒྱུན་ལྟར་མནའ་མ་ཞིག་བཙལ་ཏེ། རང་ཉིད་ཀྱི་བྱ་བཞག་རྒྱུད་འཛིན་བྱེད་རྒྱུར་རེ་བ་བྱས་ཡོད་ནའང་། གོང་རིམ་ནས་བརྡ་སྤེལ་ནས། བསྟན་འཛིན་ངེས་པར་དུ་སློབ་གྲྭར་འགྲོ་དགོས་བྱུང་བས། བསྟན་འཛིན་དང་ལུག་ནག་གཉིས་ཀྱི་ལས་དབང་ལ་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་གཞན་ཞིག་བྱུང་མགོ་བརྩམས་ཡོད།

གློག་བརྙན། ལོ་གསུམ་གྱི་རྗེས་ནས།
སྟོན་ཡུལ། སྦྲ་ནག་ཐབ་ཚང་། 3 Rue Pierre Larousse 75014 Paris
སྟོན་དུས། ༢༠༢༥ ། ༤ ། ༢༨ ཉིན་རྒྱབ།ཆུ་ཚོད། ༤ ནས ༥ བར།

ཧྥ་ཇག་རྩོམ་སྒྲིག་ཁང་གིས།
༢༠༢༤ ། ༠༤ ། ༢༠ ཉིན།

བཀླགས་གྲངས། 713

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།