Back To Top

ཧྥ་ཇག་རྩོམ་སྒྲིག་པའི་གཏམ

བླ་སྲོག་བོར་བའི་ཧྥ་རན་སིའི་རིག་གནས་ཕྱི་འབྲེལ

—བོད་ཀྱི་རིག་གཞུང་དམར་གསོད་མཁན་གྱི་ཤན་གྲོགས་གྷེའུ་མིད་འགྲེམས་སྟོན་ཁང་གི་ལས་འཆར་བྱུང་རིམ།

འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ། ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་སྲོལ་རྒྱུན་གྱི་‘‘མཁྲེགས་པོའི་སྟོབས་ཤུགས་’’(La Puissance dure) འགྲན་རྩོད་ཀྱི་ཁྱབ་ཁོངས་ནང་རིམ་པར་ཕམ་ཉེས་བྱུང་རྗེས། ཧྥ་རན་སིས་‘‘རིག་གནས་ཕྱི་འབྲེལ་’’(Diplomatie Culturelle) ལ་སྔར་ལས་དོ་སྣང་དང་ཤུགས་སྣོན་བྱས་ཏེ། འཛམ་གླིང་གཅིག་གྱུར་གྱི་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་པའི་གོ་སྐབས་དང་བསྟུན་ནས། རྒྱལ་ཁབ་དང་མི་རིགས་ལ་རང་ཆས་སུ་ཡོད་པའི་སྐད་ཡིག་དང་རིག་གནས། སྒྱུ་རྩལ་སོགས་‘‘མཉེན་པོའི་སྟོབསས་ཤུགས་’’(La Puissance douce) ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྣང་བརྙན་ལེགས་བཅོས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་རང་གི་གཏམ་བརྗོད་དབང་ཚད་དང་སྲིད་དོན་གནས་བབ་གོང་མཐོར་གཏོང་ཐབས་བྱས་ཡོད། ལོ་རྒྱུས་ཀྱི་བྱུང་རབས་དེའི་ནང་། ཧྥ་རན་སིས་ཕྱོགས་གཅིག་ནས་‘‘རིག་གནས་ཟུར་འབྱེད་’’(Exception Culturelle) ཀྱི་རིགས་ལམ་དང་ཐབས་བྱུས་སྤྱད་ནས། ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གི་ཕྱི་ཡོང་རིག་གནས་ཐོན་རྫས་ཀྱི་ཤུགས་རྐྱེན་ལ་འགོག་རྒོལ་བྱས་པ་མ་ཟད། རང་ས་རང་ཡུལ་གྱི་རིག་དངོས་ཐོན་རྫས་ལ་སྲུང་སྐྱོབ་དང་དར་སྤེལ་དུ་བཏང་ཡོད། ཕྱོགས་གཞན་ནས་‘‘རིག་གནས་སྣ་མང་’’(Diversité Culturelle) གི་འདུ་ཤེས་དང་ལེན་དང་མཉམ་ལས་ལག་བསྟར་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་གཞན་དག་བར་ལ་རིག་གནས་ཀྱི་འབྲེལ་ལམ་འཛུགས་ཐབས་བྱས་ཡོད། རིག་གནས་ཐབས་བྱུས་ཀྱི་བརྡ་ཆད་ལ་མཚོན་ནའང་། རིག་གནས་ཕྱི་འབྲེལ་ནི་ཕྱི་ལོ་༡༩༣༤ ལོར་« ཨོག་སི་ཧྥོར་ཊི་དབྱིན་ཡིག་མིང་མཛོད་ཆེན་མོའི་» ནང་གསར་དུ་ཐོན་ཞིང་། རིག་གནས་ཟུར་འབྱེད་ཀྱི་ཐོག་མའི་རིགས་ལམ་འདོན་མཁན་ཡང་ཧྥ་རན་སི་ཡིན། དེང་གི་གོ་བ་ལེན་ཕྱོགས་ལྟར་ན། རིག་གནས་ཕྱི་འབྲེལ་ནི་ཆབ་སྲིད་ཀྱི་ཉིང་དགོས་འདྲེས་པའི་ཕྱི་འབྲེལ་བྱེད་སྟངས་ཤིག་སྟེ། སྲིད་དོན་ཕྱི་འབྲེལ་དང་དཔལ་འབྱོར་ཕྱི་འབྲེལ། དམག་དོན་ཕྱི་འབྲེལ་སོགས་ཕྱི་འབྲེལ་གྱི་ཁྱབ་ཁོངས་གཞན་དག་དང་འདྲ་བར། རྒྱལ་ཁབ་ཅིག་གི་ཕྱི་འབྲེལ་གྱི་ཆ་ཤས་གལ་འགངས་ཅན་ཞིག་ཡིན།

>>>
ཤི་ཙང་དང་ཐུ་བྷོད་ཀྱི་མཐའ་དཔྱོད།

བདེན་གཏམ་རྡུལ་ཕྲན་འབར་བའི་ཟིལ་ཤུགས།
ཤི་ཙང “ 西 藏 ”དང་ཐུ་བྷོད “圖 博 ”ཀྱི་མཐའ་དཔྱོད།
རྩོམ་པ་པོ། སྤྱི་ཟུར་གདུགས་དཀར་ཚེ་་རིང།
བོད་རྒྱལ་ལོ་ ༢༡༢༨ རབ་གནས་ལྕགས་སྦྲུལ། ཕྱི་ལོ་ 2003 ཟླ་ 5 ཚེས་ 1 ལ།

དཀར་ཆག
སྔོན་གླེང༌།
ཐོག་མའི་དྭོགས་སློང༌།
ལོ་རྒྱུས་ཀྱི་བྱུང་བ་དང༌། བོད།
“ཐུ་བྷོད” 吐蕃 TIBET དང༌། “ཤི་ཙང” 西藏 གི་བྱུང་བ།
“ཤི་ཙང”( 西 藏 )དང༌། “ཤིན་ཅང་”( 新 疆 ) “ཀྲུང་གོ”( 中 國 )བཅས་ཀྱི་སྐོར།
ས་ཁྱབ་རྡོ་ཁྱབ་དང་མ་དག་རྒྱུན་འབྱམས།
“ཀྲུང་དབྱང”དང་“ས་གནས”ཞེས་པའི་སྐོར།
མིང་བརྡའི་ནུས་པ་གལ་ཆེ་ཚུལ་རོབ་ཙམ་བསྟན་པས་མཇུག་བསྡུ་བ།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གལ་ཆེན་ཞིག
(ཕྱི་ལོ་༡༩༩༨ ཟླ་ ༩ ཚེས་༢༢ ཉིན། སྤྱི་མོས་བྱུང་།)

གཞི་རིམ་ལ་མངགསས་པའི་བུ་མོ་ཆུང་ཆུང་།

གློག་བརྙན « ཁྲུས་རྫིང་ »གི་སྐོར་འདི་ངས་བྲིས་པའི་‘‘བརྙན་དཔྱད་’’ཐོག་མ་དེ་ཡིན། འདི་བོད་ཡིག་གི་བརྙན་དཔྱད་ཐོག་མ་དེའང་ཡིན་ཟེར་ཆོག བོད་ལ་གློག་བརྙན་རིག་གནས་གསར་དུ་དར་བའམ། བོད་བཟོས་གློག་བརྙན་གསར་དུ་ཐོན་པ་ནས་བརྙན་དཔྱད་འདི་འབྲི་རག་བར་དུ། བོད་ཕྱི་ནང་གཉིས་ནས་བོད་ཡིག་གི་བརྙན་དཔྱད་ཅིག་ཧ་ལམ་ཐོན་མེད་ཚོད་ཡིན། རྒྱ་ནད་བཅུ་དགུ་བའི་(COVID -19) ཁྱིམ་བཀག་དུས་ཡུན་གྱི་རྩ་ཆེས་དུས་ཚོད་དེ་སྤྱད་ནས་བརྙན་དཔྱད་འདི་འབྲི་དོན་ཡང་། གལ་ཆེའི་རིག་གནས་ཤིག་གི་བར་སྟོང་འགེངས་བསམ་པ་ཙམ་དང་། བོད་ཀྱི་གློག་བརྙན་རིག་གནས་དང་གློག་བརྙན་ལས་རིགས་ཀྱང་། བོད་ཀྱི་རིག་སྒོ་གཞན་དག་ལྟར་འཐུས་ཚང་དང་དར་རྒྱས་ཡོང་བའི་རེ་བས་ཀུན་ནས་བསླངས་བ་ཙམ་ཡིན། ཉེ་བའི་ལོ་འགའ་ནི་བོད་ལ་གློག་བརྙན་རིག་གནས་དང་གློག་བརྙན་ལས་རིགས་ཀྱི་འབྲས་བུ་གཡུར་དུ་ཟ་བའི་རྫོགས་ལྡན་གྱི་དུས་སྐབས་ཤིག་ཡིན། བོད་ཕྱི་ནང་གཉིས་ནས་བོད་བརྙན་གང་མང་ཐོན་ནས་རྒྱལ་སྤྱིའི་གཟེངས་རྟགས་ཀྱང་གང་མང་ཐོབ་བཞིན་པ་མ་ཟད། བོད་ཡིག་གི་བརྙན་དཔྱད་དང་བོད་སྐད་ཐོག་‘‘བརྙན་བཤད་’’ཀྱང་གང་མང་ཐོན་བཞིན་འདུག་པ་ནི་དགའ་འོས་པའི་གནས་ཤིག་ཅི་ལ་མིན། (རྩོམ་ཡིག་བསྐྱར་འགོད་འདི་ཉར་ཚགས་ཀྱི་ཆེད་དུ་ཡིན།)

རྩམ་པའི་གསར་བརྗེ།

ཕྱི་ལོ་༢༠༡༡ ལོ་ནས་བཟུང་བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་བསྟུད་མར་བྱུང་སྐབས། བཙན་བྱོལ་བོད་གཞུང་གི་ངོས་ནས་དེ་ནི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་ངོས་འཛིན་འོག འཛམ་གླིང་རྒྱལ་སྤྱིའི་ནང་ལས་འགུལ་དེ་‘‘གསོན་རེ་བྲལ་བའི་བྱ་སྤྱོད་’’ཅིག་གམ། ཡང་ན་‘‘འུ་ཐུག་ཐབས་ཟད་ཀྱི་རང་སྲེག་’’ལས་འགུལ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་མགོ་བཙུགས། རང་སྲེག་གི་ལས་འགུལ་རེ་རེ་བྱུང་སྐབས་ཀྱི་འགྲེལ་བརྗོད་དེ་ཡང་ནས་བསྐྱར་དུ་གོ་ཡོང་དུས། སེམས་ནང་ཧ་ཅང་གི་བདེན་སྣང་དང་བདེ་སྣང་ཞིག་མ་བྱུང་། འོན་ཀྱང་། རང་ངོས་ནས་བདེན་སྣང་དང་བདེ་སྣང་མ་བྱུང་བའི་རྒྱུ་མཚན་དེ་མ་བརྙེད། བར་སྐབས་དེར་སྐུ་ཞབསས་བྷེ་སོ་ཤེ་ལགས་ཀྱི་ « འགོག་རྒོལ་གྱི་སྣེ་ཁྲིད་ལས། འུ་ཐུག་གི་བྱ་སྤྱོད་མིན། » ཞེས་པའི་རྩོམ་ཡིག་འདི་མཐོང་ཞིང་བཀླགས་པས། དེ་སྔའི་རང་སེམས་ལ་བདེན་སྣང་དང་བདེ་སྣང་མ་བྱུང་སའི་རྟོག་ཤེས་དེ་བརྙེད་ཅིང་། མཐོང་ཆེན་དུ་བརྩིས་ནས་བོད་སྒྱུར་ཀྱང་བྱས་པ་ཡིན། ཁ་སང་དེ་རིང་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདི་འུར་དང་ཟིང་གིས་བརྒྱངས་ཡོང་དུས། ཞོར་ལ་ཚང་མས་རང་སྲེག་གི་ལས་འགུལ་ཁག་བརྗེད་མེད་འགྲོ་སྙམ་པ་བྱུང་། འདིར་རང་སྲེག་གི་ངོ་བོ་དང་རིན་ཐང་སྐོར་གྱི་སྒྱུར་རྩོམ་རྙིང་བ་འདི་དྲན་གསོ་དང་ཉར་ཚགས་ཆེད་བསྐྱར་འགོད་བྱས་པ་ཡིན།

ཕྲ་མེན་གྱི་ཡི་གེ་བ།

ལོ་སར། ཨ་མ་ཧ་ཅང་དྲན་པའི་ཉིན་མོ།

རྟེན་འབྲེལ་ཐམས་ཅད་ཀྱི་དང་པོ་འབྲུ་ཤུག་རྩེ་བརྒྱ་བ།
གཡང་མོ་བལ་དཀར་གྱི་རྩེ་རྒྱན་དང་ལྷན་དུ།
གཡང་མདའ་དར་ཚོན་གྱི་རྟེན་འབྲེལ་བསྒྲིགས་དུས།
འབྲི་མོ་དུང་ཆུང་དཀར་མོའི་འོ་མའི་ཕབ་ཇ།
མཁར་ཟངས་བཀྲ་ཤིས་རྟགས་བརྒྱད་མར་བསྐྱིལ་མཁན་གྱི།
གནམ་འོག་གི་ཨ་མ་བྱམས་བརྩེ་ཅན་རྣམས། ལོ་སར་བཟང་།

---ཁ་བ་མཚོས།

དབུགས་ལྒང་། (བཅར་འདྲི།)

བུད་མེད་ཀྱི་ཟུར་ངོས་གཙོར་འདོན་བྱས་པའི་པདྨ་ཚེ་བརྟན་གྱི་གློག་བརྙན་ཐོག་མ།

གློག་བརྙན « ཐར་ལོ་ » དང་  « ལག་དམར་ » གཉིས་ཀྱི་རྗེས་ནས། བོད་རིགས་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ནི་རྒྱལ་སྤྱིའི་གློག་བརྙན་སྡིངས་ཆའི་སྟེང་། བོད་ཡུལ་གྱི་རིག་གནས་ཁྱབ་སྤེལ་བྱེད་པར་ཆེས་ཤུགས་རྐྱེན་ཅན་གྱི་མི་སྣའི་གྲས་སུ་ཚུད། ལྷག་པར་« ལག་དམར་ » ལ་ཝི་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་འཁྲབ་གཞུང་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་དེས། ཁོང་ལ་དེ་འབྲེལ་གྱི་བདག་རྐྱེན་གང་ལེགས་བསྐྲུན་ཡོད། ཝི་ནེ་སིའི་གྲོགས་པོ་རྙིང་བ་ཞིག་ཡིན་པའི་ངོས་ནས། ད་ལོའི་དབྱར་ཁར། ཁོ་ཐེངས་གསུམ་པར་འཛམ་གླིང་གི་ཆུ་མོའི་གྲོང་ཁྱེར་འདིའི་ནང་ཕེབས་ཤིང་། ཁོས་ཁྱེར་ཡོང་བའི་བརྩམས་ཆོས་གསར་པ་ « དབུགས་ལྒང་ » ཡང་བསྐྱར་དུས་སྟོན་གྱི་འགྲན་བསྡུར་ནང་ཚུད་པ་མ་ཟད། གློག་བརྙན་དཔྱད་བརྗོད་པ་དང་ལྟད་མོ་བའི་གདེང་འཇོག་ཚད་མེད་ཐོབ། ཨེ་ཧྥུན་གློག་བརྙན་གྱིས་སོས་དལ་བག་ཕེབས་ཀྱི་དབྱར་ཁའི་ཕྱི་དྲོ་ཞིག་ལ། འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་སུ་བཅར་འདྲི་བྱས་ཤིང་། ཁོང་དང་མཉམ་དུ་བརྩམས་ཆོས་གསར་པ་ « དབུགས་ལྒང་ » དང་འབྲེལ་བའི་དོན་དག་གཉིས་གསུམ་ཞིག་ལ་གླེང་མོལ་བྱས། 

སྔ་ཐལ་བའི་དམངས་གཙོ་དང་རྙིང་ཐལ་བའི་མེ་མདའ།

------ འབྲུག་པའི་གློག་བརྙན་( གྲྭ་བ་དང་མེ་མདའི་ )བརྙན་དཔྱད།

ཨ་རི་དང་ཧྥ་རན་སི་སོགས་བྱང་ཨ་མེ་རི་ཁ་དང་། ནུབ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་གསར་བརྗེ་དང་མི་འདྲ་བར། ཤར་ཨེ་ཤ་ཡའི་ནང་དམངས་གཙོ་ལ་ནང་འཁྲུག་དང་། རྔུལ་ཁྲག་གི་འགྲོ་གྲོན་གཏོང་མ་དགོས་པར། མང་ཚོགས་ལ་གསོལ་རས་སུ་གནང་བའི་རྒྱལ་ཁབ་གཉིས་ཡོད། གཅིག་ནི་བོད་དང་གཞན་དེ་འབྲུག་རྒྱལ་ཁབ་ཡིན། བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས། ༧གོང་ས་མཆོག་གིས་ཕྱི་ལོ་༡༩༦༢་ལོར་དམངས་གཙོ་གསོལ་རས་སུ་གནང་ཞིང་། ཕྱི་ལོ་༢༠༠༦ ལོར་འབྲུག་རྒྱལ་བོ་འཇིགས་མེད་སེང་གེ་དབང་ཕྱུག་གིས་ཀྱང་། འབྲུག་པ་མང་ཚོགས་ལ་དམངས་གཙོ་གསོལ་རས་སུ་གནང་། བཙན་བྱོལ་དང་རང་བཙན་གྱི་གནས་སྟངས་དང་། གསོལ་རས་སུ་གནང་བའི་དུས་རབས་མི་འདྲ་ནའང་། ཡུལ་ལུང་འདི་གཉིས་ལ་ཆབ་སྲིད་དང་ལམ་ལུགས་བཅོས་བསྒྱུར་གྱི་ཆ་ནས་ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི། ‘‘དམངས་གཙོ་གནམ་ནས་ལྷུང་བ་’’དེ་ཡིན། གློག་བརྙན་ནང་འབྲུག་གི་ ‘‘གནམ་ལྷུང་དམངས་གཙོ་’’དེ་གླེང་གཞི་གཙོ་བོ་དང་དེ་ཡང་ཧ་ཅང་ཞིབ་ཚགས་ཀྱིས་གླེང་ཡོད།

ཁ་བ་བབས་བྱུང་།

ཨ་དོན་ཉིས།

འགག་མདོ།

—ལུགས་ལྡོག

གསེར་གྱི་ཡི་གེ་བ།

ལོ་སར། ཨ་མ་ཧ་ཅང་དྲན་པའི་ཉིན་མོ།

རྟེན་འབྲེལ་ཐམས་ཅད་ཀྱི་དང་པོ་འབྲུ་ཤུག་རྩེ་བརྒྱ་བ།
གཡང་མོ་བལ་དཀར་གྱི་རྩེ་རྒྱན་དང་ལྷན་དུ།
གཡང་མདའ་དར་ཚོན་གྱི་རྟེན་འབྲེལ་བསྒྲིགས་དུས།
འབྲི་མོ་དུང་ཆུང་དཀར་མོའི་འོ་མའི་ཕབ་ཇ།
མཁར་ཟངས་བཀྲ་ཤིས་རྟགས་བརྒྱད་མར་བསྐྱིལ་མཁན་གྱི།
གནམ་འོག་གི་ཨ་མ་བྱམས་བརྩེ་ཅན་རྣམས། ལོ་སར་བཟང་།

---ཁ་བ་མཚོས།

སྔ་ཐལ་བའི་དམངས་གཙོ་དང་རྙིང་ཐལ་བའི་མེ་མདའ།

------ འབྲུག་པའི་གློག་བརྙན་( གྲྭ་བ་དང་མེ་མདའི་ )བརྙན་དཔྱད།

ཨ་རི་དང་ཧྥ་རན་སི་སོགས་བྱང་ཨ་མེ་རི་ཁ་དང་། ནུབ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་གསར་བརྗེ་དང་མི་འདྲ་བར། ཤར་ཨེ་ཤ་ཡའི་ནང་དམངས་གཙོ་ལ་ནང་འཁྲུག་དང་། རྔུལ་ཁྲག་གི་འགྲོ་གྲོན་གཏོང་མ་དགོས་པར། མང་ཚོགས་ལ་གསོལ་རས་སུ་གནང་བའི་རྒྱལ་ཁབ་གཉིས་ཡོད། གཅིག་ནི་བོད་དང་གཞན་དེ་འབྲུག་རྒྱལ་ཁབ་ཡིན། བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས། ༧གོང་ས་མཆོག་གིས་ཕྱི་ལོ་༡༩༦༢་ལོར་དམངས་གཙོ་གསོལ་རས་སུ་གནང་ཞིང་། ཕྱི་ལོ་༢༠༠༦ ལོར་འབྲུག་རྒྱལ་བོ་འཇིགས་མེད་སེང་གེ་དབང་ཕྱུག་གིས་ཀྱང་། འབྲུག་པ་མང་ཚོགས་ལ་དམངས་གཙོ་གསོལ་རས་སུ་གནང་། བཙན་བྱོལ་དང་རང་བཙན་གྱི་གནས་སྟངས་དང་། གསོལ་རས་སུ་གནང་བའི་དུས་རབས་མི་འདྲ་ནའང་། ཡུལ་ལུང་འདི་གཉིས་ལ་ཆབ་སྲིད་དང་ལམ་ལུགས་བཅོས་བསྒྱུར་གྱི་ཆ་ནས་ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི། ‘‘དམངས་གཙོ་གནམ་ནས་ལྷུང་བ་’’དེ་ཡིན། གློག་བརྙན་ནང་འབྲུག་གི་ ‘‘གནམ་ལྷུང་དམངས་གཙོ་’’དེ་གླེང་གཞི་གཙོ་བོ་དང་དེ་ཡང་ཧ་ཅང་ཞིབ་ཚགས་ཀྱིས་གླེང་ཡོད།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།