༆།། མི་རིགས་ཀྱི་ལ་རྒྱ་དང་ཕ་མའི་དྲིན་ལན། འཇིག་རྟེན་གྱི་ཟས་རིན་སོགས་ཁ་ཕོ་ཆེན་པོ་འཐེན་མྱོང་མེད།
ལ་གཞས་དང་ཀུ་རེ། ཁ་མཚར་སོགས་རང་གི་རྩེད་རའི་ནང་གི་རྩེད་ཆས་དག་ལ་བདག་གཉེར་བྱེད་བཞིན་མགོ་བསྒུར་ཏེ་འགྲོ་མཁན་ཞིག་ཡིན། དྲིན་ཆེན་ལ་དྲིན་ལན་འཇལ་མྱོང་མེད་ལ་དགྲ་བོར་སེན་བཏོག་ཅིག་ཀྱང་བྱས་མྱོང་མེད། རེད་དེ། ཚིག་གི་ཟ་ཟུར་ནས་མི་ཁ་ཤས་བསད་མྱོང།
མདོར་བསྡུར་ན། ང་ནི་ཚིག་མཚོན་གྱིས་རང་ཉིད་སྲུང་བའི་ཇག་པ་ལག་སྟོང་ཞིག་ཡིན། ཚིག་གི་ཐོང་རྩ་ནས་འཛིན་པའི་སྤོབས་པ་མེད་ན། སྐད་ཆའི་སྒྱིད་པ་ལ་འཐམ་ནས་ཞུ་བ་མ་བྱེད། ང་རང་ཇག་པ་སྣང་བ་མཐོན་པོ་ཅན་ཞིག་ཀྱང་ཡིན།
སཱ་ར་བོད་ཀྱི་མཐོ་སློབ་ཁང་གི་རྩོམ་དགེ་ཟུར་པ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ། བོད་མི་མང་སྤྱི་ཟུར།
༡༩༨༩ ལོར་མདོ་སྨད་རྨ་ལྷོ་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཅིང་བོད་ཕྱི་ནང་གཉིས་སུ་སྔ་ཕྱིར་སློབ་གྲྭ་དམའ་འབྲིང་མཐོ་གསུམ་ནང་མི་ལོ་སུམ་ཅུར་བོད་དགེ་བྱས་ཤིང་ལས་ཞོར་རྩོམ་པ་པོ་ཞིག་ཀྱང་ཡིན། ད་བར་དུ་བརྩམས་ཆོས་དེབ་བརྒྱད་པར་དུ་བསྐྲུན་ཡོད།
༢༠༠༩ ལོ་ནས་༢༠༡༥ བར་དུ་ཧྥ་རན་སིའི་རྒྱལ་ས་ཕ་རིས་སིའི་རྒྱལ་སྤྱིའི་སྐད་རིགས་སློབ་གླིང་དུ་ལས་ཀའི་གན་རྒྱའི་ཐོག་ནས་བོད་ཡིག་དགེ་རྒན་བྱས་རྗེས་ཧྥ་རན་སིར་སྐྱབས་བཅོལ་ཞུས་ནས་བསྡད་ཡོད།
དེང་སང་དྲྭ་ལམ་གྱི་བོད་ཡིག་ཞུ་དག་པ་དང་བོད་ཡིག་དགེ་རྒན། ལྷག་དཀར་སྲུང་བརྩི་སོགས་ཀྱི་རང་མོས་དང་བླང་གི་བྱ་བ་འགའ་རེ་སྒྲུབ་བཞིན་པ་བཅས།
བོད་ཡིག་གི་དྲྭ་ཚིགས། https://chapdaklhamokyab.jimdofree.com
ཨ་མའི་གནའ་གཏམ་དང་ཨ་མའི་གཏམ་རྒྱུད། ཨ་མས་གནང་བའི་བསླབ་བྱ་གྲང་དུས་གོན། ལྟོགས་དུས་འཐུང་། སྡུག་དུས་ཁེན། སྐྱིད་དུས་རྒྱབ་ལ་གཡུག་པའི་བུ་མོ་འཁྱམ་པོ་ཞིག་གི་དགའ་སྐྱོའི་སྣང་བ་འདི་རུ་ཡོད།
འདི་ནས་གངས་ཀྱི་མགོན་པོའི་གསུང་གི་བདུད་རྩི་འཇོ། །
འདི་ན་ངོ་མཚར་བྱུང་བའི་ལྟད་མོ་གཅལ་དུ་བཀྲམ། །
འདི་ན་དགག་གཞག་གཏམ་གྱི་ང་རོ་བྲག་ལ་འཆའ། །
གཟུར་གནས་དཔྱོད་པ་ཅན་རྣམས་འགྲོན་ལ་བསུ། །
“ང་རང་ཁེར་རྐྱང་དང་རྨོངས་འཐོམས་སུ་གཏོང་མཁན་ནི། རྩོམ་རིག་དང་རྩོམ་རིག་གི་དགའ་ཕྱོགས་ཡིན།”
འཚིག་ཇ་ཕོར་བ་གང་འཐུང་རྗེས།
ངས་སླར་ཡང་ཨ་རག་ཕོར་བ་གང་གི་བཟི་ཁ་དྲན།
ཨ་རག་འཐུང་ཞོར།
ཁོས་སུ་གཅིག་ལའང་བཤད་མྱོང་མེད་པའི་བརྩེ་སྒུང་དེ།
ཡུན་གྱིས་བཤད་རྩིས་བྱས། ཆང་ཕོར་ལ་འཐམ་ཞོར།
ཤུ་རེ་ཁོ། དེ་དུས་ང་ལ་སྒོར་མོ་ཞིག་ཡོད་ཀྱི་ན་ཟེར།
བོད་ནང་སློབ་འབྲིང་འགྲིམས་རྗེས་ཕྱིས་སུ་རྒྱ་གར་འབྱོར་ཏེ། རིམ་པས་བསླབ་པ་མཐར་སོན་ནས་རྒྱ་གར་གྱི་མཐོ་སློབ་ཏུ་བསྐྱོད་དེ་ཆབ་སྲིད་ཚན་རིག་ཐོག་གཙུག་ལག་རབ་འབྱམས་པའི་ཡོན་ཚད་བླངས། ད་བར་སློབ་ཆུང་ནས་བཟུང་བོད་གཞིས་བྱེས་གཉིས་ཀྱི་དྲ་ཚིགས་སྟེང་བོད་ཨིན་གཉིས་ཀྱི་ཐོག་རྩོམ་ཡིག་དང་སྒྱུར་རྩོམ་གང་མང་སྤེལ་མྱོང་བ་མ་ཟད། སློབ་གྲྭ་ལ་ལའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་དོན་རང་ནུས་གང་འཇོན་བསྒྲུབས།
dhondup2010@gmail.com
གུས་པར་མཚོན་ན། སློབ་མའམ་དགེ་རྒན་ཞེས་འབོད་པ་མང་དུ་ཐོས་མྱོང་སྟེ། ཕྱི་ཚུལ་ཀྱི་བདག་འབྲས་སོ། །སློབ་ཚན་རེ་རེའི་བར་མཚམས་ནས་རྫོགས་ཚིག་རེ་རེ་མངོན་པ་ནི་ངའི་མི་ཚེའི་སྣང་བརྙན་ཡིན་ལ། དེས་ནི་ཇག་ལས་ཀྱི་མཐའ་འབྲས་ཇི་ལྟར་འགྱུར་བའང་གསལ་བོར་མཚོན་ནུས། མདོར་ན། ཐོས་པ་མང་དུ་བྱས་ཀྱང་།། ཐོས་དོན་གཅིག་ཀྱང་མ་ཤེས།། བྱ་བ་མང་བོ་བརྩམས་ཀྱང་།། མཐའ་ཆོད་ནམ་འཁའི་འཇའ་ཚོན།།
སྒང་པ་ཚང་། མི་ནག
དཔའ་རྒྱ་ཚ་ཞལ་དཀར་གྱི་གནས་རི་རི་རྒྱལ་པད་མ་རི་འཕྱོར་གྱི་ཐོང་འོག་ནས་སྐྱེས། ལས་དང་སྨོན་ལམ་གྱིས་དབྱངས་གསལ་གྱི་མདའ་གཞུ་ཐོགས་པའི་གླིང་གི་ཞི་བའི་དཔའ་རྟུལ་ཞིག་གི་རྟུལ་ཞུགས་འཛིན་དགོས་བྱུང་། ནང་དགྲ་ཉོན་མོངས་རང་འདུལ་དང་། ཕྱི་དགྲ་ཇག་བདུད་ཐབས་ཀྱིས་འདུལ་ལ་སྙུག་རྩེ་ནས་འོད་ཡིག་སྤྲོ་བའི་མཐུ་རྩལ་མངའ། ཇི་སྲིད་འཚོ་བའི་བར་དུ་དབྱངས་གསལ་གྱི་མདའ་གཞུ་དང་འགྲོགས་ཏེ། ཞི་བདེའི་ལྷ་བྱ་སྲུང་བའི་དམ་བཅའ་བརྟན།
ཚེ་བརྟན་བཀྲ་ཤིས་ནི་ལ་སྟོད་དིང་རིར་སྐྱེས་ཤིང་གཞི་རིམ་སློབ་སྦྱོང་བོད་ནང་བྱས། ཕྱི་ལོ་ 2000 ལོར་རྒྱ་གར་དུ་འབྱོར་རྗེས་རྣམ་རྒྱལ་གྲྭ་ཚང་ནས་མདོ་སྔགས་སློབ་མཐར་ཕྱིན་པ་དང་། ས་རཱ་མཐོ་སློབ་ནས་རིག་གནས་རབ་འབྱམས་པ་མཐར་ཕྱིན། མཐོ་སློབ་སྐབས་ཚགས་ཤོག་དང་དུས་དེབ་ཁག་ཏུ་རྩོམ་ཡིག་སྤེལ་བ་མ་ཟད། བོད་དོན་གླེང་སྟེགས་ཞེས་པའི་ཚགས་པར་ཞིག་ཀྱང་སློབ་གྲོགས་ཤིག་དང་ལྷན་དུ་འདོན་སྤེལ་བྱས། སློབ་མཐར་ཕྱིན་རྗེས་གྲྭ་ཚང་དུ་ཕྱིར་ལོག་གིས་གཞུང་ཆེན་ཁག་ལ་སློབ་གཉེར་མུ་མཐུད་བྱེད་ཞོར་ཕན་བདེའི་འོད་སྣང་གི་དུས་དེབ་རྩོམ་སྒྲིག་པ་དང་། སྒེར་ངོས་ནས་ཇོ་མོ་གླང་མའི་དུས་དེབ་ཅེས་པ་འདོན་སྤེལ་ཞུས། ཕྱི་ལོ་ 2011 ནས་ཕྱི་ལོ་ 2022 བར་དུས་འཁོར་ཐོག་རིགས་གཅིག་རྐང་འཛིན་བྱས། ཕྱི་ལོ་ 2013 ནས་ 2016 བར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རིག་གཅིག་རྐང་འཛིན་ཁོངས་སུ་འཛུལ་ཞུགས་ཀྱིས་མཐར་ཕྱིན། ཕྱི་ལོ་ 2020 ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་ཡིག་རྒྱུགས་ལམ་ནས་འབུམ་རམས་པའི་དངོས་གཞིའི་སློབ་མར་ཡིག་རྒྱུགས་འཕྲོད་པ་བཅས་མདོར་བསྡུས་སུ།
ང་ནི་གཅན་ཚ་དཔལ་ལྡན་ཡིན། ད་ལྟ་ཕ་རི་སི་ན་ཡོད། ལོ་༣༦ ཡིན། གསར་འགོད་པ་ཞིག་ཡིན། སྐྱེས་ས་བོད་ཡིན། གཞིས་བྱེས་གཉིས་སུ་སློབ་གྲྭ་འགྲིམས་རྒྱུའི་གོ་སྐབས་བྱུང་། དགའ་ཕྱོགས་གསར་འགོད་དང་ལྟ་གྲུབ། སྟབས་བདེའི་འཚོ་བ་བཅས་ཡིན། འདི་ངའི་ལོ་རྒྱུས་ཡིན།