ཧྥ་ཇག་ཡི་གེ་བའི་གསལ་བསྒྲགས།
སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༨ ཚེས་ ༦ ཉིན་ཧྥ་ཇག་ཇག་དཔོན་ལྷན་འཛོམས་ཀྱི་སྐབས་སུ། འཛམ་གླིང་ས་ཕྱོགས་གར་བཞུགས་ཀྱི་བོད་ཀྱི་ཡི་གེ་བ་ཚང་མས། ཧྥ་ཇག་དྲ་བར་རང་རང་གི་ཟིན་བྲིས་གཉེར་ཆོག་པར་ཐག་བཅད་ཡོད། ཧྥ་ཇག་དྲ་བས་དབྱངས་གསལ་སོ་བཞིའི་མདའ་གཞུ་ཆ་འཛོམས་ཀྱི་ཡི་གེ་བ་ཚང་མར་མགྲོན་བརྡ་གཏོང་གི་ཡོད། ཧྥ་ཇག་ཡི་གེ་བའི་དྲ་བ་ནི། རྩོམ་འབྲིའི་རང་དབང་ཆ་ཚངལོངས་སྤྱོད་ཆོག་པའི་གར་སྟེགས་ཤིག་ཡིན། སྐུ་ཉིད་ནས་ཧྥ་ཇག་ཡི་གེ་བའི་དྲ་བར་ཁྱིམ་གཞིས་དྲོན་མོ་རེ་ཉར་འདོད་ན། གཤམ་གསལ་དོན་ཚན་ཁག་ལ་ཐུགས་སྣང་གནང་བར་ཞུ།
གཅིག སྐུ་ཉིད་ཀྱི་ཟིན་བྲིས་སམ་ཇག་ཁྱིམ་གྱི་མིང་བོད་ཡིག་དང་། ཇག་ཁྱིམ་ནང་འཛུལ་གྱི་ཐོ་མིང་ངེས་པར་དབྱིན་ཡིག་གིས་སྐུར་འཚལ།
གཉིས། སྐུ་ཉིད་ཀྱི་བ་ཚབ་འབྲེལ་ཡུལ་གྱི་ཁ་པར་ཨང་གྲངས་དང་གློག་འཕྲིན་ཁ་བྱང་སྐུར་རོགས།
གསུམ། ཇག་ཁྱིམ་གྱི་སྒོ་ཕྱར་རམ་པར་མགོའི་འདྲ་པར་དང་། ཇག་པ་རང་ཉིད་ཀྱི་ངོ་སྤྲོད་དམ་ཇག་ཁྱིམ་གྱི་ངོ་སྤྲོད་བསྒྲགས་ཡིག་སྐུར་བར་འཚལ།
༼ཇག་ཁྱིམ་གྱི་སྒོ་ཕྱར་པར་རིས་དང་མགོ་པར། ཇག་པའི་དྲ་མིང་དང་བསྒྲགས་ཡིག་བཅས་རྩོམ་སྒྲིག་པ་ལས། ཇག་པ་སྒེར་གྱིས་བརྗེ་སྤོར་མི་ནུས་པས་ངེས་པར་ཐུགས་འཇགས་གནང་འཚལ། གཞན་ཁྱེད་ལ་ཇག་ཁྱིམ་གྱི་ས་མིག་ཕུལ་རྗེས་ཐོ་མིང་དང་གསང་ཨང་བརྗེ་སྤོར། དོན་ཚན་ཁ་སྣོན་དང་དྲ་ངོས་ཀྱི་ཚོན་མདངས་བརྗེ་བསྒྱུར། རྩོམ་ཡིག་ཉར་བ་དང་བཀྲམས་པ། རྩོམ་སྒྲིག་དང་གསར་སྣོན་སོགས་ཀྱི་དབང་ཚད་ཡོངས་རྫོགས་སྐུ་ཉིད་ལ་དབང་བ་ཡིན།༽
སྤྱི་ལོ་༢༠༢༣ལོའི་ཟླ་༠༨ཚེས་༡༠ཉིན།
བཀླགས་གྲངས། 993