Back To Top

བོད་ཀྱི་བང་ཆེན་གྱི་ཁ་བདག་མེད་ནང་གི་གཏམ་ཚོད་མེད།

བཀླགས་གྲངས། 1363

བོད་ཀྱི་བང་ཆེན་གྱི་ཁ་བདག་མེད་ནང་གི་གཏམ་ཚོད་མེད། 

བོད་ཀྱི་བང་ཆེན་གྱི་ཁ་བདག་མེད་ནང་གི་གཏམ་ཚོད་མེད། 

༼བོད་ཀྱི་སྐྱ་བོའི་རིག་གནས་རྗེས་ལུས་རེད༽། 

       གསལ་ལེ་རྒྱལ།

 

   བུ་ཕྲུག་གི་བཟང་ཆ་དང་སྐྱོན་ཆ་གཉིས་ཀ་ཕ་མའི་སློབ་གསོའི་འབྲས་བུ་རེད། བོད་ཀྱི་རིག་གནས་ཀྱི་བཟང་ཆ་དང་སྐྱོན་ཆ་གཉིས་ཀའང་སྐྱ་སེར་གཉིས་ཀྱི་སློབ་གསོའི་འབྲས་པུ་རེད། དེ་བས་ཨ་རོགས་ཁམས་པའི་བུ་ལ་སྙིང་སྟོབས་མེད་པ་དེ་ཨ་མ་ཨ་མདོ་ནས་ཡིན་པའི་ནོར་འཁྲུལ་ཁོ་ན་ཨེ་ཡིན་ནམ། ཧེ་ཧེ།

   བོད་ཀྱི་རིག་གནས་ཆེ་ཆུང་བཅུ་གྲྭ་བས་བསྐྱངས་ནས་ཡོང་བ་བདེན་པ་དང་དེ་ནི་བླ་གྲྭའི་བྱས་རྗེས་རེད་དེ། མི་སྐྱའི་སྤྱི་ཚོགས་ལ་ཆེད་དུ་རིག་གནས་དར་དུ་མ་བཅུག་པ་དེའང་གྲྭ་བའི་ནོར་འཁྲུལ་རེད། “ཡོན་བདག་ལ་ཡོན་ཏན་ཡོད་ན་བླ་མ་ལ་ཡོང་སྒོ་མེད”། དེ་བས་བླ་གྲྭ་ཚོས་རང་གི་ཡོང་སྒོའི་ཆེད་དུ་སྐྱ་བོར་རིག་གནས་སློབ་གསོ་བསམ་བཞིན་དུ་མ་སྤྲད་པ་རེད། བླ་གྲྭས་རྒྱལ་ཁབ་སྐྱོང་བའི་དུས་སུ་བོད་སྐྱ་བོའི་སྤྱི་ཚོགས་སུ་སློབ་གྲྭ་ཞེས་པའི་མིང་ཡང་མེད།

རྒྱ་རྒན་ཚོས་༼བོད་བཅིངས་གྲོལ་བྱས༽ ཅེས་པ་དེའང་དོན་གྱིས་བླ་གྲྭ་ཚོས་སྐྱ་བོར་ཆེད་དུ་སློབ་སྦྱོང་མི་སྤྲོད་པའི་ལམ་ལུགས་དེ་མེད་པར་བྱས་པ་ལ་ཟེར། ༧གོང་ས་བཅུ་གསུམ་པས་གནད་དོན་དེ་མཁྱེན་ནས་ཐུགས་འགན་བཞེས་ཀྱང་བླ་གྲྭ་ཚོས་དེས་རང་གི་ཡོང་འབབ་ལ་གནོད་པར་དོགས་ནས”ཡོན་བདག་ལ་ཡོན་ཏན་ཡོད་ན་བླ་མ་ལ་ཡོང་སྒོ་མེད”། བྱ་ལམ་དུ་འགྲོ་རུ་མ་བཅུག་པ་རེད། རིག་གནས་གསར་རྗེའི་རྗེས་ནས་བོད་སྐྱ་བོའི་སྤྱི་ཚོགས་ལ་རིག་གནས་དར་མགོ་བརྩམས་ཏེ་ད་ལྟ་བླ་གྲྭ་ལས་སྐྱ་བོས་རིག་གནས་ཀྱི་གནད་འགག་བཟུང་ཡོད། ཕ་མ་གཉིས་ཀས་ཟོག་རྫི་ཞིག་གི་དགོས་མཁོར་དམིགས་ནས་རང་གི་བུ་ཕྲུག་ལ་སློབ་གསོའི་གོ་སྐབས་མ་སྤྲད་པར་བུ་ཕྲུག་ལ་ཡོན་ཏན་མེད པའི་སྐྱོན་བརྗོད་བྱེད་སྟངས་ཡོད་པ་མ་རེད་དོ།

2024-02-12 རྣོ་སྦྲེང་།
2024-02-09 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།