Back To Top

བཙལ་ནས་མ་རྙེད་པའི་བདག་གི་གངས་ལྷ་མེ་ཏོག

བཀླགས་གྲངས། 859

གསལ་ལར་རྒྱལ།

བཙལ་ནས་མ་རྙེད་པའི་བདག་གི་གངས་ལྷ་མེ་ཏོག 

               གསལ་ལེ་རྒྱལ།

 

རང་ཉིད་ལ་ད་དུང་ལོ་རྟགས་མེད་ནའང་།

ལོ་ལོན་ཚོ་རེ་རེ་བཞིན་བཞུད་རྗེས།

ལོ་མཉམ་དག་གིས་ཀྱང་འགྲུལ་བཞུད་ཀྱི་འགོ་བརྩམས་པས།

བཅོ་ལྔ་ཉི་ཤུའི་མཛེས་མ་དག་ནི་རང་གི་བུ་ཕྲུག་བཞིན་སྙིང་དུ་སྡུག་པས།

ངས་ང་ཁོ་ནར་འོས་ཤིང་འཚམས་པའི། 

ལོ་མཉམ་མིན་ལ་ལོ་ཆུང་ཡང་མིན་པའི་བརྩེ་གྲོགས་ཤིག་གང་ནས་འཚོལ། 

 

གངས་རིའི་སྤོ་ཡི་ནག་ཐིག་གན་ཉི་ཟེར་གྱིས་བསྐྱལད་པའི་ངའི་སྐྲ་ལོ་ཡིན་ལ། 

དེ་རིང་གི་ངའི་སྐྲ་ལོ་འདིའང་གངས་རིའི་སྤོ་ནས་འཕྲོས་ཡོང་བ་ཡིན།

འདི་ནི་གངས་རི་དང་ངེད་གཉིས་ཀའི་ཕར་སྤྲོད་ཚུར་ལེན་ཡིན། 

གངས་རི་དང་ཉི་ཟེར་གྱིས་བསྐྲུན་པའི་དྭངས་གཙང་གི་རྫ་ཆུ་བསིལ་མ། 

མི་སྐོམ་ནའང་ཡང་ནས་ཡང་དུ་བཏུང་།

རྒྱགས་ཚད་བཏུང་རྗེས་ད་དུང་འཐུང་འདོད་པའི་རྫ་ཆུ་བསིལ་མ།

གངས་རི་དང་བདག་གི་གནས་སྐབས་ཀྱི་ལུས་འབྲེལ་ཡིན།  ཡིན་ཡང་།

ངས་ད་དུང་བཙལ་ནས་མ་རྙེད་པ་དེ།

ལོ་མཉམ་མིན་ལ་ལོ་ཆུང་ཡང་མིན་པའི་བདག་གི་གངས་ལྷ་མེ་ཏོག་ཡིན།  

 

གསལ་བཤད།

མགོ་རྔ་མེད་པའི་སྐད་ཆ་འདིའི་མིང་ལ་སྙན་ངག་ཟེར་ཞིང་། སྙན་ངག་ལ་གྲོས་ཚོགས་ཀྱིས་གཏན་ལ་ཕབས་པའི་སྒྲིག་གཞི་མེད་པས་སྙན་ངག་པའི་སྐད་ཆར་མགོ་རྔ་མེད་ཀྱང་ཆོག གལ་ཏེ་གྲོས་ཚོགས་ཀྱི་སྒྲིག་གཞི་ཡོད་པའི་དབང་དུ་བཏང་ཡང་རང་ཁྲིམས་རང་གིས་འཁུར་མི་དགོས་པ་དེའང་གྲོས་ཚོགས་ཀྱི་སྒྲིག་གཞི་ཡིན་པས། སྙམ་ངག་པས་ཀྱང་ཡིན་མདོག་མདོག་གིས་ཅི་ཞིག་བྲིས་ཀྱང་ཆོག

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།