བཀླགས་གྲངས། 1191
གསལ་ལེ་རྒྱལ།
ཤེད་བུའི་དམངས་གཞས་ཀྱི་ཁ་སྣོན།
གསལ་ལེ་རྒྱལ།
ངུར་སྨིག་སྟོན་པའི་ན་བཟའ།།
མནབ་དང་མ་མནབ་མི་འདུག།
རླིག་པ་བཞི་བཅུའི་ས་བོན།།
ཞིང་ཁའི་ནང་ལ་བཏབ་སོང་།།
བྱིས་པ་བཟོ་འདོད་མིན་ན།།
རླིག་པ་འདེབས་དོན་མི་འདུག།
མ་འོངས་ལས་འཆར་ནང་ལ།།
བྱ་ལེ་ག་ཚོད་ཡོད་འགྲོ།།
སྲིད་སྐྱོང་སྐད་ལ་མཁས་ཀྱང་།།
སྐད་སྒྱུར་བྱེད་པར་མ་ནུས།།
ཁ་ན་ཊྲ་ཁའི་སྐད་ལ།།
བསྒྱུར་ན་ཁན་ཚ་འདུག་ཟེར།།
བདེ་སྲུང་རྒྱ་རི་སྒྲོལ་མ།།
ངོ་ཚས་ངུ་ཁ་ལུག་སོང་།།
ཕྱི་འབྲེལ་ནོར་འཛོམས་སྒྲོལ་མ།།
གད་མོ་ཤོར་གྲབས་བྱས་སོང་།།
བླ་རྒན་རླིག་པའི་ཕྱུག་བདག།
རྒྱབ་རྟེན་མཁན་པོ་སློབ་དཔོན།།
རླིག་པ་གར་བཏབ་འདིར་བཏབ།།
ཞིང་ཁའི་ནང་ལ་བཏབ་སོང་།།