Back To Top

ཨ་མདོ་བས་མོ་མཚན་གྱི་མིང་ལ་གཉའ་མ་ཟེར་དོན་ཨེ་ཤེས།

བཀླགས་གྲངས། 1224

གསལ་ལེ་རྒྱལ།

  ཨ་མདོ་བས་མོ་མཚན་གྱི་མིང་ལ་གཉའ་མ་ཟེར་དོན་ཨེ་ཤེས། 

        གསལ་ལེ་རྒྱལ། 

  

    ཨ་མདོའི་སྐད་དུ་མོ་མཚན་ལ་གཉའ་མ་ཟེར་ཞིང་། གཉའ་མ་ནི་བླ་མའི་མིང་གི་ཐོག་མ་ཡིན་ཟེར། གནའ་སྔ་མོར་བླ་མའི་མིང་ལ་གཉའ་མ་དང་མོ་མཚན་གྱི་མིང་ལ་བརླ་མ་ཟེར་ཡང་། ཕྱིས་སུ་གཉའ་མ་དང་བརླ་མས་མིང་ཚོང་བརྒྱབ་པའི་རྗེས་སུ་ཡི་གེར་འགོད་སྐབས་བརླ་མ་བླ་མ་རུ་ནོར་བ་རེད་ཟེར། 

     བླ་ན་མེད་པས་ན་བླ་མ་ཟེར་ཅེས་པ་དེ་ནི་བརླ་མ་བླ་མ་རུ་ནོར་བའི་ཡིག་ནོར་རྒྱུན་འཇགས་སུ་སོང་བ་ཞིག་ལ་རིགས་འདྲེས་པའི་འགྲེལ་བཤད་བྱས་པ་ཙམ་ལས། དོན་དངོས་སུ་བླ་མའི་མིང་གི་ཐོག་མ་འམ་མིང་དངོས་མ་དེ་བརླ་མ་ཡིན་ཟེར།

    བརླ་མ་དང་གཉའ་མའི་མིང་གི་བཤད་རྒྱུན་ལྟར་ན། གནའ་སྔ་མོར་གཉའ་ཁྲི་བཙན་པོ་བཞིན་གཉའ་ལ་ཁུར་ཏེ་འགྲོ་བས་ན་བླ་མའི་མིང་ལ་གཉའ་མ་ཟེར་ཞིང་། བརླ་ཡི་བར་དུ་གནས་པས་ན་མོ་མཚན་གྱི་མིང་ལ་བརླ་མ་ཟེར་ཡང་ཕྱིས་སུ་གཉའ་མ་ཞིག་བརླ་མ་ལ་ཧ་ཅང་དགའ་ནས་མིང་ཚོང་བརྒྱབ་སྟེ་བརླ་མའི་མིང་ལ་གཉའ་མ་དང་གཉའ་མའི་མིང་ལ་བརླ་མ་ཞེས་ཚོང་སྒྱུར་བྱས་པ་རེད་ཟེར།

   བརླ་མའི་མིང་ལ་བླ་མ་ཞེས་འབོད་པ་འདི་དེའི་རྗེས་ནས་ཡིག་ནོར་རྒྱུན་འཇགས་སུ་སོང་བ་ཞིག་རེད་ཟེར། 

བརླ་ཡི་རྩ་རུ་གནས་པས་ན་རྩ་བའི་བརླ་མའང་ཟེར་བར་སྐད། 

   མི་ཤེས་ན་ཨ་མདོ་བས་མོ་མཚན་གྱི་མིང་ལ་གཉའ་མ་ཟེར་དོན་དེ་རེད། 

2024-10-04 དབུས་སྨྲ་བ།
དངོས་གནས་རེད་དམ། ཨ་མཚར་མཚར་དགུ་ཞིག་བྲིས་འདུག
2024-10-03 གསལ་ལེ་རྒྱལ།
ཤགས་འགྱེད་ནི་ཡོད་ན་ཤོག་ར།།
ང་གསལ་ལེའི་ཁོག་པ་ཤགས་ཡིན།།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།