གསལ་ལེ་རྒྱལ།
བཀླགས་གྲངས། 749
བློ་ཁོག་ཆེ་བས་རེད་དམ་བློ་སེམས་དཀར་བས་རེད།
གསལ་ལེ་རྒྱལ།
ཚང་མས་ཤེས་གསལ་བཞིན་ངོ་དེབ་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀས་འབྲེལ་བ་བྱེད་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་ཀྱིན་ཡོད། རྒྱ་གཞུང་ལ་བློ་སེམས་དཀར་ཞིང་བློ་སེམས་དཀར་བ་དེར་རྒྱ་གཞུང་གིས་ཡིད་ཆེས་རྙེད་པའི་སྟེང་ནས་ངོ་དེབ་བེད་སྤྱོད་བྱེད་དུ་འཇུག་གི་ཡོད་པ་ལས་གཞན་དག་ལ་གོ་སྐབས་དེ་མེད། གཏན་དུ་མེད་པའང་མིན་མོད། ཧ་ཅང་ཉུང་ཉུང་ཡིན།
ལྷག་པར་དུ། གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞུང་འབྲེལ་ལས་ཁུངས་ཤིག་ལ་ངོ་དེབ་བརྒྱུད་ནས་ལས་དོན་གཉེར་རྒྱུའི་རང་དབང་གཏན་ནས་མེད། ཡིན་ནའང་རྒྱ་ནག་གི་གཞུང་འབྲེལ་ཁམས་པ་བརྙན་འཕྲིན་ཁང Kangpa TV ལ་ངོ་དེབ་བརྒྱུད་ནས་རང་དབང་དམིགས་བསལ་བ་ཞིག་རེག་འདུག
འཛམ་གླིང་སྤྱི་དང་ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་དུ་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཧ་ཅང་རྒྱས་བཞིན་པའི་སྐབས་འདིར། ཁམས་པ་བརྙན་འཕྲིན་ཁང་གིས་ངོ་དེབ་བརྒྱུད་དེ་ཧི་མ་ལ་ཡའི་རིག་གཞུང་ངོ་སྤྲོད་ཅེས་པའི་བྱ་འགུལ་མང་བོ་ཞིག་ས་སྒྲག་གནམ་སྒྲག་བྱེད་བཞིན་འདུག འདི་ནི་བོད་ཁུལ་གྱི་བརྙན་འཕྲིན་ཁང་རྣམས་རང་དབང་གི་ཕྱོགས་སུ་སྐྱོད་པའི་ཚོད་ལྟའི་གོམ་པ་དང་པོ་དེ་ཡིན་ཡང་སྲིད།
གང་ལྟར་ཁམས་པ་བརྙན་འཕྲིན་ཁང་གིས་བླ་ཁོག་ཆེན་པོས་རང་དབང་མདུན་སྐྱོད་ཀྱི་གོམ་པ་གཅིག་སྤོས་འདུག རེད་དེ། གོམ་པ་སྤོ་ས་དང་བློ་ཁོག་ཚད་ས་ནོར་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་མ་ཟད། བློ་ཁོག་ཆེ་བས་རེད་དམ་བློ་སེམས་དཀར་བས་རེད། གཞན་ལ་མེད་པའི་རང་དབང་ཞིག་ཁམས་པ་བརྙན་འཕྲིན་ཁང་ལ་གང་ནས་ཇི་ལྟར་རེག་པ་རེད། འདི་ན་གཟབ་ནན་གྱིས་བསམ་བློ་གཏོང་ས་ཞིག་འདུག
ང་རང་ངོ་དེབ་འདིར་འཛུལ་ནས་ཞིབ་ཏུ་ལྟ་ཉན་བྱས་པ་ཡིན། དེ་རིང ༠༧/༡༠/༢༠༢༤ ཉིན་ང་རང་བརྩིས་ན་ངོ་དེབ་འདིར་རྗེས་འཇུག་པ 996635 འདུག།