གསལ་ལེ་རྒྱལ་གྱིས།
བཀླགས་གྲངས། 172
༡
མིག་བཙུམས་ནས་ས་ཐིག་མི་རྒྱག
ས་ཆུ་མ་འཕྲོད་པའི་རི་མོའང་མི་འབྲི།
༢
རང་གི་འདོད་པ་དང་མི་མཐུན་པའི་ས་ཐིག་ཅིག་སེམས་ལ་མི་འཆར
སེམས་ལ་མ་དྲན་པའི་རི་མོ་ཞིག་ཀྱང་འབྲི་མི་སྲིད
དད་པ་དང་འཆམ་མཐུན་ལ་གཟུགས་བརྙན་མི་འདུག
དད་པའི་ས་ཐིག་མེད། འཆམ་མཐུན་གྱི་རི་མོའང་མེད།
དམར་བོ་དེ་ལ་དགེ་འདུན་དཀོན་མཆོག་གི་ཁྱད་ཆོས་མི་འདུག
ནག་པོ་དེ་ན་ཡིན་པའི་དཔང་རྟགས་ཀྱང་མི་འདུག
གང་འདོད་འདོད་ཅིག་ཚང་མས་འབྲི་ཤེས་ཀྱང་
སྤར་ཁ་གློད་པའི་གྲོས་བསྡུར་གྱི་ས་ཐིག་མེད་ན
ཁུ་ཚུར་གྱིས་དབང་དུ་བསྡུས་པའི་འཆམ་མཐུན་གྱི་རི་མོ་མི་འབྲི།
༣
ས་ཐིག་རིག་པ་ལ་མ་སྦྱངས།
རི་མོའི་སྒྱུ་རྩལ་ཡང་མི་ཤེས།
མང་གཙོ་ལ་གུས་བཀུར་ཡོད་ཀྱང་
གླེན་པའི་མང་ཉུང་འགྲན་འདོད་མེད།
ངས་ས་ཐིག་མི་རྒྱག
རི་མོ་མི་འབྲི།
༥
ས་ཆུའི་དབང་གིས་གླེན་པ་ཚང་མ་ས་ཕྱོགས་གཅིག་ནས་སྐྱེས
སྐྱ་ཐིག་མེད་ས་ལ་གླེན་པས་ས་ཐིག་བརྒྱབ
གླེན་པས་གླེན་པའི་མང་ཉུང་འགྲན
དེའི་མིང་ལའང་མང་གཙོ་ཟེར།
གླེན་པས་ཀི་བཏབ
གླེན་པས་སྐད་མགོ་མཐོན་དམན་གྱི་འགྲན་བསྡུར་བྱས།
༦
ངས་ས་མཐའ་ནས་ས་ཐིག་མི་རྒྱག
ས་ཆུ་མ་འཕྲོད་པའི་རི་མོའང་མི་འབྲི།
ཨ་ཕའི་དུས་ཆེན་ལ།