བཀླགས་གྲངས། 1004
ལེགས་བཤད་སྨྲ་བའི་ངག་ལ་དབང་འབྱོར་ཅིང་། །མཁས་ཀུན་དགའ་སྐྱེད་ཐེག་ཆེན་དཔལ་འབར་གང།།
ཕྲིན་ལས་རྣམ་བཞིས་འགྲོ་འདི་སྐྱོང་བ་ལ། །བསམ་འཕེལ་དབང་གི་རྒྱལ་པོ་ཉིད་གྱུར་ཅིག།
སྐུ་ཚེ་དབང་ཐང་དར་ཤོག
གདན་ས་རྩེ་གདོང་ཆོས་སྡེར། །སྐུ་ཡི་ཟླ་བ་ཚེས་དུས། །
མཁའ་ལ་འཇའ་གུར་མེ་ཏོག །བཀྲ་ཤིས་རྟེན་འབྲེལ་རང་གྲུབ།།
སྐྱེས་ཆེན་ཉི་མ་དུ་མའི། །གསུང་གི་འོད་ཟེར་འཐུངས་བས།།
སློབ་ཚོགས་ཟླ་སྐར་ཕྲེང་བ། །བསྟན་པའི་དཔལ་དུ་ཤར་སོང།།
རྒྱལ་བའི་ཕྱག་གཅིག་ཁྱོད་ཡིན། །བསྟན་པའི་མིག་གཅིག་ཁྱོད་ཡིན། །
བོད་མིའི་རྟེན་གཅིག་ཁྱོད་ཡིན། །ས་སྐྱའི་ཁྲི་བདག་ཁྱོད་ཡིན།།
འཁོན་རིགས་ལྷ་ལས་ཆད་པའི། །ལྷ་སྲས་ཁྲི་ཆེན་རིམ་བྱོན།།
ལུགས་གཉིས་མངའ་ཐང་རྒྱས་པ། །མགོ་ནག་མི་ཡི་བསོད་ནམས།།
ཁྲི་ཆེན་ངག་དབང་ཀུན་དགའ། །ཐེག་ཆེན་དཔལ་འབར་ཕྲིན་ལས།།
བསམ་འཕེལ་དབང་གི་རྒྱལ་པོ། །སྐུ་ཚེ་དབང་ཐང་དར་ཤོག།