Back To Top

ལས་རེད།

རྩོམ་པ་པོ་སྒྲེ་བོའི་བརྩམས་སྒྲུང་<<སང་ཉིན་འཕྲད་ཡོང་>> བཀླགས་རྗེས། གཞས་ཚིག་ཅིག་གིས་རམ་འདེགས་རོལ་དབྱངས་ཤིག་བྱས་པའི་ཁུལ།

བཀླགས་གྲངས། 210

མི་ཡུལ་རང་དབང་ལུང་པར།

རང་དབང་བསམས་ཏེ་ཡོང་ཡང་།

འཚོ་བའི་གཞན་དབང་འོག་ནས།

རང་སྡུག་མྱོང་བ་ལས་རེད།།



མི་ཡུལ་དམངས་གཙོའི་ལུང་པར།

སྐྱབས་བཅོལ་ཞུ་རུ་ཡོང་ཡང་།

རྒྱ་ནག་ཐབ་ཚང་ནང་ནས།

ཐར་བར་དཀའ་བ་ལས་རེད།།



སང་ཉིན་འཕྲད་ཡོང་ཟེར་བས།

དགའ་བའི་རེ་བས་བསྒུགས་ཀྱང་།

སང་ཉིན་ཚར་བ་མེད་པས།

འཕྲད་རེ་མེད་པ་ལས་རེད།།



ལས་འདི་སྔོན་བསགས་ཡིན་ནམ།

ཡང་ན་ཚེ་འདིའི་ལས་སྐལ།

རང་མགོན་རང་ཉིད་ཡིན་ན།

ལས་ལམ་གསར་བརྗེ་བྱེད་ཆོག།



རང་བདེ་ཁོ་ནའི་ཆེད་དུ།

ཚེ་འདིའི་ཁེ་ཕན་གཉེར་ཡང་།

རང་དབང་འདྲ་མཉམ་ཐོབ་ཐང་།

ནམ་ཡང་བློས་གཏོང་མ་བྱེད།།

 
2026-05-26 རྒྱལ་པོ་པདྨ

ལས་འདི་སྔོན་བསགས་ཡིན་ནམ།

ཡང་ན་ཚེ་འདིའི་ལས་སྐལ་ཡིན་ནམ།

རང་མགོན་རང་ཉིད་ཡིན་ན

ལས་ལམ་གསར་བརྗེ་བྱེད་ཆོག།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།