Back To Top

ལྡེའུ།

བཀླགས་གྲངས། 109

ལྡེའུ་དང་གབ་ཚིག ཁེད། འདི་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཤིག་ཆགས་འདུག་ག ལན། ཅི།

ཀ

རྩ་བ་རྒྱ་མཚོའི་གཏིང་ན་འདུག

རྩེ་མོ་སྤྲིན་དཀར་གསེབ་ལ་སྙེགས།

མཚན་སྙན་འཛམ་བུ་གླིང་ན་གྲགས།

ཡོད་ངོ་མ་གངས་ཅན་བོད་ན་ཡོད།།

ཁ

ཁྱིམ་ཁ་ཆེ་ཆུང་སོ་གྲངས་ཙམ།

དཔོན་པོ་གསུམ་དང་གཡོག་ལི་གཅིག

མི་ལོ་སྟོང་ཕྲག་གཅིག་ལྷག་རིང་།

རང་བཙན་རྒྱལ་ཁ་ཤོར་བ་མེད།།

ག

གངས་ཀྱི་རི་བོའི་གཅེས་ཕྲུག་ཅིག

ཚ་བའི་ལུང་པར་དཀའ་བས་བགྲོད།

རིན་ཆེན་སྒྲོན་མེ་ཕྱག་ཐོགས་ཏེ།

ཁ་བའི་ལྗོངས་ཀྱི་མུན་པ་བསལ།།

ང་།

སུམ་ཅུའི་ཨ་མ་ལོ་གཅིག་སྲས།

བཅུ་དྲུག་ན་ཆུང་གསུམ་འཛོམས་པས།

གངས་ཀྱི་རི་བོའི་དབུ་འཕང་དེ།

འཛམ་བུའི་གླིང་ན་མཐོ་བར་བྱས།།

 

མུ་འགོད།







ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།