བཀླགས་གྲངས། 807
ཅི་ཡང་མེད་པའི་སྲང་ལམ་དུ།ཕོ་སར་སྤྲང་བོ་ཞིག་དང་ཨ་མ་རྒན་མོ་ཞིགལྟོགས་སྐོམ་གྱིས་མནར་བའི་ཉམས་དོག་པོ་ཞིག་དང་།བསམ་གཞིགས་ཀྱི་མིག་མདངས་འཚེར།
བོད་ལོ་དང་རྒྱ་ལོ། ན་ནིང་དང་ད་ལོ། ཚང་མའི་ངོ་གདོང་ལ་སྤྲོ་སྣང་ཞིག་དང་གྲ་སྒྲིག་ཅིག ཁྱོད་གང་ལ་འཆམ་འགྲོ་བ་ཡིན། ལོ་སར་ཅི་བྱེད་ཀྱི་ཡིན་ཟེར་དུས། ང་རྨོངས་གཉིད་ལས་སད་པ་བཞིན། ལོ་གཅིག་འགྲོ་ཚར་རམ། མྱ་ངན་ལྟ་བུའི་་ལོ་ཟླ་དེ་ཚར་སོང་ངམ་སྙམ།
ཁ་པར་གྱི་ནང་ཕ་མ་སྤུན་མཆེད་ཀྱི་ཁ་བརྡ་དང་འཚམས་འདྲི་གང་ཡང་མི་འདུགདེ་རིང་ལོ་སར་རེད་དམ། ངའི་རུ་སྡེ་ལ་ལོ་སར་ཡོད་དམ། འཛིན་གྲོགས་རྣམས་གློག་ཀླད་དང་དེབ་ལ་དབྱིངས་ནས་འདུགམི་རིགས་དང་རྒྱལ་ཁབ་སོ་སོ་རེད།
རྒྱ་མོ་ཞིག་གིས་ཁྱོད་བདེ་མོ། ཁྱོད་ཀྱི་སྐད་ལ་ཉན་ན་ཀྲུང་གོ་བ་རེད་ཨང་ཟེེར།ངས་བཤད་པ་བོད་སྐད་ཡིན་པས་ང་གློ་བུར་ཧེད་སེ་བཏང་།ང་ཀྲུང་གོ་བ་མིན། བོད་པ་ཡིན། མོ་གད་མོ་ཁོང་ནས་ལངས་པ་ངས་ཚོར།
ཕར་ཕྱོགས་ནས་ཡུ་ཁི་རཱན་གྱི་རྒད་པོ་ཞིག་གིས།ཁྱོད་ཉི་ཧོང་བ་ཡིན་ནམ་ཟེར། འོ་ན་ཀོ་རེ་ཡ་ཡིན་ནམ་ཟེར།མིན། ང་བོད་པ་ཡིན། བོད་པའི་མྱི་ཡག་པོ་ཡོད་རེད་ཟེར། ཡག་པོ་ཞེས་པའི་བག་ཆགས་དེ་སུས་བཞག་པ་ཡིན་ནམ།ངས་དྲན་པ་དང་རྒན་པོས་ཚུར་གླེང་བ་གཉིས་གཞི་གཅིག་ལ་འཁེལ།ཁོང་གི་སྐུ་ཚེ་བརྟན་པའི་སྨོན་ལམ་ཞིག་བཏབ།