Back To Top

སང་ཉིན་ཆོས་དབྱིངས་སྐྱིད་འཕུར་རྒྱུ་རེད།

བཀླགས་གྲངས། 1369

ཤེད་བུས།


    སང་ཉིན་ཏེ་སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༨ པའི་ཚེས་ ༠༧ ཉིན་གྱི་ཆུ་ཚོད་ (༠༧:༣༠ ) སྟེང་། ཞོགས་པའི་ཉི་གཞོན་དང་ལྷན་དུ་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ལགས། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་གནས་རྙིང་གྲགས་ཅན་ལྕགས་སྡོང་གི་འགྲམ་དུ། སྤྱི་ལེ་ ༤༢,༡༩༥ རིང་ཚད་ཅན་ཀྱི་ཕོ་མོ་རེས་མོས་མཉམ་བསྲེས་ཀྱི་རྒྱུག་འདུར་ཆེན་མོའི་༼Marathon Race walk Relay Mixed ༽འགྲན་བསྡུར་ལ་ཞུགས་རྒྱུ་རེད།
འགྲན་བསྡུར་འདི་ནི་ད་ལོར་ཨོ་ལིམ་པིག་གི་ལུས་རྩལ་ནང་གསར་དུ་ཚུད་པ་ཞིག་རེད། འདི་ལས་ཕོ་མོ་འདྲ་མཉམ་སོགས་མང་པོ་ཞིག་མཚོན་པ་རྒྱུ་མཚན་དུ་དྲངས་ནས་དབུ་ཚུགས་ཡོད། སང་ཉིན་མི་ལྔ་བཅུ་ཚན་ཆུང་ཉེར་ལྔར་བགོས་ནས་རྒྱུག་གི་འདུག ཚན་ཆུང་རེའི་ནང་དུ་བུ་གཅིག་དང་བུ་མོ་གཅིག་འདུག དང་པོར་ཕོ་སྤྱི་ལེ་11.45དང་། བུད་མེད་སྤྱི་ལེ་10། ཕོ་སྤྱི་ལེ་10། བུད་མེད་སྤྱི་ལེ་10.745 བརྒྱུགས་ན་ད་གཟོ
མཇུག་རྫོགས་པ་ཡིན།
དཔེར་ན། སང་ཉིན་གྱི་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་རྒྱུག་རོགས་རྒྱ་མི་ཧོ་ཞང་ཧོང་སྤྱི་ལེ་11.45དང་། དེ་ནས་གངས་རིའི་བུ་མོ་སྤྱི་ལེ་10། ཡང་བསྐྱར་ཧོ་ཞང་ཧོང་སྤྱི་ལེ་10། ཡང་བསྐྱར་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ལགས་སྤྱི་ལེ་10.745 བརྒྱུགས་ན་ད་གཟོད་གྲུབ་པ་ཡིན། སང་ཉིན་གྱི་མོའི་རྒྱུག་རོགས་དེ་ནི་གང་འདྲ་ཡིན་མིན་ཚོད་ཆེན་པོ་མི་ཐུག་ནའང་ཁོ་རང་མཉམ་བསྲེས་རྒྱུག་འདུར་མང་པོར་ཞུགས་མྱོང་མཁན་ཞིག་རེད། ལྷག་པར་ད་ལོའི་སྤྱི་ཟླ་ལྔ་བའི་ནང་སྤྱི་ལེ་ཉི་ཤུ་ཆུ་ཚོད་༡:༢༠ བརྒལ་ཐུབ་འདུག  སྤྱིར་ཕོ་ཡི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་ཟིན་ཐོ་ཆུ་ཚོད་ ༡:༡༦ ཡིན་ལ། ད་ལོའི་སྤྱི་ལེ་ཉི་ཤུའི་གསེར་གྱི་རྟགས་མ་ལེན་མཁན་གྱིས་སྤྱི་ལེ་༢༠ ཆུ་ཚོད་ ༡:༡༨:༥༥ བརྒལ་ཡོད། གངས་རི་བུ་མོ་ལགས་ནི་སྤྱི་ལེ་ཉི་ཤུའི་ཟིན་ཐོ་ཡིན་པས། སྙན་ངག་སྨྲ་བ་ཀུན་གྱི་མགོ་བོ་ལ། །ཚིག་གི་གོམ་པ་སྤོ་མཁས་དགེ་ལེགས་དཔལ། །ཞེས་པ་ལྟར་། བུ་མོ་རྒྱུག་མ་ཀུན་གྱི་མགོ་བོ་ལ། །རྒྱུག་འདུར་གོམ་པ་སྤོ་མཁས་ཆོས་དབྱིངས་སྐྱིད། །ཡིན་པས། ཡིད་ཆེས་ཆོག་པ་ཞིག་རེད། 
འདི་ལྟར་བརྟག་ན། ད་ལོའང་གངས་རིའི་བུ་མོས་གསེར་གྱི་རྟགས་མ་བཀྱགས་ནས་ཡོང་བར་རེ་བ་ཧ་ཅང་ཆེ་བས། ང་ཚོ་ཚང་མས་མཉམ་དུ་སྒུག
ཁོང་གཉིས་ཀྱི་འགྲན་ཡ་བཙན་ཤོས་ནི། Ecuador རྒྱལ་ཁབ་ཀྱི་ལུས་རྩལ་བ ་PINTADO Brian Daniel ༼ད་ལོའི་ཕོ་ཡི་20km འདུར་རྒྱུག་ཁྲོད་ཨང་དང་པོ་ཡིན། ༽ ལུས་རྩལ་མ་ MOREJON Glenda ༼བུད་མེད་ཀྱི་ 20 km འདུར་རྒྱུགས་ཁྲོད་ཨང་དྲུག་པ་ཡིན།༽ ཁོང་གཉིས་ཀྱི་ཚན་པ་དང་། རྒྱ་ནག་མ་ཡང་ཅ་ཡོས་༼ ད་ལོའི་བུད་མེད་ཀྱི 20km ཨང་དང་པོ༽ དང་་ཀྲང་ཅིན་༼ ད་ལོའི་ཕོ་ཡི་ 20km འདུར་རྒྱུག་ཨང་བཅུ་པ་ཡིན་༽གཉིས་ཀྱི་སྡེ་ཚན་གཉིས་ནི་བཙན་ཤོས་ཡིན། 
མདོར་ན། སང་ཉིན་ཚན་ཆུང་འདི་གསུམ་ནི་ཚན་ཆུང་དྲག་ཤོས་གསུམ་རེད་འདོད།
༠༦ ། ༠༨ ། ༢༠༢༤ ཉིན། 

2024-08-07 ལས་བཟང
2024-08-06 རྡོ་གོར་མོ

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།