དཀར་ཆག
སྔོན་གླེང༌།
ཐོག་མའི་དྭོགས་སློང༌།
ལོ་རྒྱུས་ཀྱི་བྱུང་བ་དང༌། བོད།
“ཐུ་བྷོད” 吐蕃 TIBET དང༌། “ཤི་ཙང” 西藏 གི་བྱུང་བ།
“ཤི་ཙང”( 西 藏 )དང༌། “ཤིན་ཅང་”( 新 疆 ) “ཀྲུང་གོ”( 中 國 )བཅས་ཀྱི་སྐོར།
ས་ཁྱབ་རྡོ་ཁྱབ་དང་མ་དག་རྒྱུན་འབྱམས།
“ཀྲུང་དབྱང”དང་“ས་གནས”ཞེས་པའི་སྐོར།
མིང་བརྡའི་ནུས་པ་གལ་ཆེ་ཚུལ་རོབ་ཙམ་བསྟན་པས་མཇུག་བསྡུ་བ།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གལ་ཆེན་ཞིག
(ཕྱི་ལོ་༡༩༩༨ ཟླ་ ༩ ཚེས་༢༢ ཉིན། སྤྱི་མོས་བྱུང་།)
བཀླགས་གྲངས། 1248
གསལ་བཤད།
རྩོམ་ཡིག་འདི་ནི། སྤྱི་ཟུར་གདུགས་དཀར་ཚེ་རིང་མཆོག་གི་ངོ་དེབ་ནས་བཤུས་འོང་བ་ཡིན། ཁོང་གིས་ཕྱི་ལོ་ 2003 ལོར་བྲིས་འདུག ལོ་ཚིགས་དེ་ལྟར་ན་ད་ནས་རྩིས་པའི་མི་ལོ་ཉེར་གཅིག་གོང་གི་རྩོམ་ཞིག་རེད། ཡང་། ཁོང་གིས་འདིའི་གོང་སྟེ། ཕྱི་ལོ་ 1998 ཟླ་ 9 ཚེས་ 22 ཉིན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་གྲོས་འཆར་བཏོན་པ་ལྟར། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ངོས་ནས་སྤྱི་མོས་གྲོས་ཆོད་ཅིག་བཞག་འདུག་པའི་འབྲུ་དོན་དུ། “བོད་་ཀྱི་སྐད་དོད་དུ་་ཐུ་བྷོད་ 图博 ་་དང་་བྷོད་ 博 ་་ཅེས་འབྲི་རྗོད་དགོས་པ་མ་ཟད། བོད་ས་སྟོད་སྨད་བར་གསུམ་གྱི་ས་མིང་ཆུ་མིང་རིའི་མིང་དང་གྲོང་སྡེའི་མིང་སོགས་ཚང་མ། བོད་རང་གི་ལོ་རྒྱུས་སུ་ཇི་ལྟར་འབོད་པ་དེ་དེ་བཞིན་དུ་ཡུལ་བྱེ་བྲག་པ་དེ་དང་དེའི་ཡུལ་མི་རང་བཞིན་པའི་སྐད་གཞིར་བཞག་གིས་སྒྲ་ཇི་བཞིན་པར་བསྒྱུར་དགོས་པ་ལས། ་་ཤི་ཙང 西藏 ་་གིས་མཚོན། རྒྱ་དམར་གྱིས་གསར་དུ་བཏགས་པའི་ཐ་སྙད་རིགས་བེད་སྤྱོད་ནམ་ཡང་མི་ཆོག” པ་གསལ་བའི་གྲོས་ཆོད་᪠ཡིག་ཆ་རྩོམ་ཡིག་འདིའི་མཇུག་ཏུ་ཟུར་བཀོད་བྱས་ཡོད། གྲོས་ཆོད་འདི་ནི་ད་ནས་རྩིས་པའི་མི་ལོ་ཉེར་ལྔའི་གོང་ལ་བཞག་པ་ཞིག་ཆགས་འདུག
མི་ལོ་ཉེར་ལྔའི་རྗེས་ཀྱི་དེ་རིང་། ད་གཟོད་རྒྱ་ནག་དམར་གཞུང་གིས་西藏 ཞེས་པའི་མིང་བརྡ་འདི་བཟུང་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ངོས་འཛིན་སོགས་ལ་ཕོག་ཐུག་གཏོང་མགོ་ཚུགས་ཡོད། ཡིན་ནའང་། མི་ལོ་ཉེར་ལྔ་འདིའི་རིང་། བཙན་བྱོལ་གཞུང་དང་གཞུང་སྒེར་ཚོགས་སྡེ་མི་སྒེར་ཕལ་ཆེ་བས་རྒྱ་གཞུང་གིས་བེད་སྤྱོད་བྱས་དང་བྱེད་བཞིན་པའི་ཐ་སྙད་བཀོལ་སྤྱོད་བྱས་ཡོད།
གྲོས་ཚོགས་ཀྱི་གྲོས་ཆོད་ཡིག་ཆ་དེ་ཡིག་སྣོད་དུ་ལྷག་ནས་ལོ་ངོ་ཉེར་ལྔ་ཕྱིོན་པའི་ད་ཚོད། གྲོས་ཚོགས་ནང་དྲི་བ་གཏོང་རེས་བྱས་སོང་སྟེ། གྲོས་ཆོད་འདི་བརྗེད་ཚར་བ་འདྲ། གླེང་གི་མི་འདུག མ་གཞི་ནས་གྲོས་ཚོགས་ཀྱི་གྲོས་ཆོད་ནི་ལས་རིམ་སྐབས་སུ་ཚེ་སྲོག་ཡོད་པ་ལས། ལག་ལེན་གྱི་ཚེ་སྲོག་དང་ལྡན་པ་ནི་མིན་པ་འདྲ། གྲོས་ཆོད་འདི་ནི་ད་ཆ་རྒྱ་ལ་རྒོལ་བའི་ལག་ཆ་རྩེ་གྲས་ཤིག་ཡིན་ནའང་། ང་ཚོས་བདག་པོ་མ་བརྒྱབ་པས་ད་ནི་ལག་ཆར་བེད་སྤྱོད་བྱེད་སྟངས་མ་ཤེས་པའང་ཡིན་སྲིད།
ངེད་ཅག་སྐོར་ཞིག་གིས་ད་ལྟའི་བརྗོད་གཞི་འདི་གླེང་རྩིས་ཀྱིས་དཔྱད་གཞིའི་ཡིག་ཆ་བཙལ་བའི་སྐབས་སུ། སྤྱི་ཟུར་གདུགས་དཀར་ཚེ་རིང་ལགས་ཀྱི་ངོ་དེབ་ཏུ་རྩོམ་ཡིག་འདི་སྤེལ་འདུག་པ་རག་བྱུང་། ཧ་ཅང་དགའ་འོས་པ་ཞིག་ལ། ཁོང་གིས་དཔྱད་གླེང་ཞིབ་ཚགས་གནང་འདུག ད་ནི་གསར་དུ་དཔྱད་གླེང་བྱེད་པའི་དགོས་མཁོ་མེད་པར་མཐོང་ནས་རྩོམ་ཡིག་འདི་ཀུན་གྱིས་ཀློག་བདེ་སྤྱོད་བདེའི་ཆེད་དེབ་གཟུགས་སུ་འགྲེམས་སྤེལ་ཞུས་པ་ཡིན། སྤྱི་ཟུར་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཆེ་ཞུ། ཕྱི་ལོ་ 2024/9/20 ལ།
སྔོན་གླེང༌།
ལོ་མང་བསགས་པའི་ཉམས་མྱོང་རྡོ་ལ་རིག་པའི་རལ་གྲི་བརྡར་བརྡར་ནས། །
རྣོ་དབལ་དགྲ་ལ་ངོམ་དུ་ཕྱོགས་ཚེ་རང་རིགས་ཤིག་གི་གཤེད་བབས་འདིས། །
ནང་གི་དམ་ཉམས་མ་ལུས་ཚར་གཅོད་རྟེན་འབྲེལ་ཞིག་ཀྱང་འགྲིགས་སྙམ་ཏེ། །
ཕན་སེམས་ངག་སྒོ་ཅུང་ཟད་ཕྱེ་བས་བསྒོ་བ་རྣ་ལ་མ་གཟན་ཞིག །
ཕལ་ཆེར་ཁ་ཅིག་གིས། ་་ཤི་ཙང་་(西 藏 ) དང་། ་་ཐུ་བྷོད་་(圖 博) ཀྱི་རྩོད་པ་འདི་རིགས་དོན་མེད་རྙོག་དྲ་བཟོ་བའམ་ཆོ་མེད་པའི་བྱ་བ་ལྟ་བུར་གཟིགས་སྲིད་ཀྱང༌། ཁོ་བོའི་རྒྱུ་མཚན་ལྡན་པའི་གསལ་བཤད་འདིར་ཚར་གཅིག་གསན་པ་ཡིན་ན། དེ་ནི་ཧ་ཅང་གནད་འགག་ཆེ་བའི་དྲི་བ་ཞིག་ཡིན་པའི་ངེས་པ་བརྟན་པོ་རྙེད་ངེས་ཡིན། ཇི་སྐད་དུ། ལེགས་བཤད་ལས། རྔ་ལ་དབྱུ་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། ། མཁས་པ་བརྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོག །ཅེས་པ་ལྟར། ་་ཤི་ཙང་་( 西 藏 )དང་། ་་ཐུ་བྷོད ་་(圖 博 ) ཀྱི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་གསལ་རྗེན་དུ་མཚོན་པའི་རྩོད་གླེང་ཞིག་ཞུ་འདོད་ཀྱི་འདུན་པ་མངོན་པར་བརྟས་སོ།།
ཡིན་ལུགས་ཀྱི་ལོ་རྒྱུས་མ་བཤད་ན། བདེན་པའི་དོན་ལ་ཡིད་མི་ཆེས་པའི་སྐྱོན་དུ་འགྱུར་སྲིད་པ་སྟེ། རྒྱ་མིའི་ཁ་དཔེར། སྐྱག་རྫུན་ཐེངས་བརྒྱར་བསྐྱར་ན་བདེན་པ་ཆགས། ཟེར་སྲོལ་ཡོད་པ་ལྟར། དེང་སང་དུས་ངན་སྙིགས་མའི་སྐྱེ་བོ་མང་མ་རྣམས་དུག་གསུམ་རགས་པའི་གཞན་དབང་དུ་ཡོངས་སུ་ཚུད་དེ། ངན་པ་ཁ་རྒྱལ། བཟང་བོ་བག་ལ་ཞ། བདེན་པ་མི་བྲིན་རྫུན་མ་བྲིན། ཉམ་ཆུང་མི་བྲིན་ཁེངས་དྲེགས་ཅན་བྲིན། དྲང་བོ་མི་བྲིན་གཡོ་སྒྱུ་ཅན་བྲིན་པའི་རྩོད་ལྡན་གྱི་དུས་འདིར། ཅི་ཙམ་ཁེངས་པ་བསྐྱུངས་ཤིང་དམན་ས་བཟུང་བ་དེ་ཙམ་གྱིས། དོན་མེད་བརྙས་དམོད་དང་ཁྱད་གསོད་བྱེད་མཁན་མང་དུ་ཕྱིན་ཏེ། ཕལ་ཆེར་སྡར་མ་དང་ལྐུག་པའི་མིང་གི་རྣམ་གྲངས་སུ་འགྱུར་ཉེན་དང༌། ཚད་མི་གཅིག་པའི་ལུས་སེམས་ཀྱི་ངལ་བ་དང་སྡུག་གྱོང་རག་དང་རག་རྒྱུ་ངེས་པ་ལྟར། བཟོད་པའི་གོ་ཆ་རེ་ཞིག་ཟུར་དུ་འཇོག་དགོས་པའི་དུས་ཀྱང་ཡང་ཡང་འབྱུང་བཞིན་པ་ལ། བདེན་པའི་བདག་པོ་རྣམས་དབྱིངས་འགལ་མི་བཞེས་པར་སྐབས་དབྱེ་བར་མཛད་དུ་གསོལ་ལོ།།
འཕགས་བསྟོད་ལས། རེས་འགར་བགེགས་འཇོམས་ཁྲོ་རྒྱལ་རྟ་མགྲིན་ལེགས་ལྡན་ནག་པོ་ལ་སོགས་པ།། དྲག་ཤུལ་ས་གསུམ་འགས་པ་སྟོན་ཡང་ཐུགས་ནི་བརྩེ་ལས་གཡོ་མི་མངའ།། ཞེས་པ་ལྟར། རྩོམ་འདི་འབྲི་རྒྱུའི་ཀུན་སློང་ཡང་རང་གི་བསམ་ཚུལ་ཇི་བཞིན་མཁྱེན་ལྡན་དག་ལ་གསལ་བཤད་ཞུ་འདོད་ལས། རང་རྒྱལ་གཞན་ཕམ་གྱི་བློ་ངན་གྱིས་ནི་ནམ་ཡང་མ་བསླད་པའོ།།
ཐོག་མའི་དྭོགས་སློང༌།
ཕྲན་གྱིས་སྔོནཆད། མདོ་སྨད་དུ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ཟེར་བར་སློབ་གཉེར་སྐབས། མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་མཆོག་གི་ལྗགས་རྩོམ་ཞིག་ལས། “དེང་སང་བོད་ལྗོངས་ལ་ཤི་ཙང་དུ་འབོད་པ་མི་འཐད་ཀྱང་་་་”ཞེས་གསུངས་འདུག་པ་ཞིག་མཇལ་བ་ལ་བརྟེན་ནས་ཐོག་མའི་དྭོགས་སློང་བྱུང་ཞིང༌། བོད་བཞུགས་སྐད་གཉིས་སྨྲ་བའི་དབང་བོ་གཞན་དང་གཞན་ལའང་དེ་ལྟ་བུའི་དགོངས་ཚུལ་ཡོད་པ་རིམ་གྱིས་འཁུམས་མོད། རྒྱ་དམར་གྱི་དབང་འོག་ཏུ་འདི་ལྟའི་ཚོར་རྫི་སྐྱེན་པའི་གནད་དོན་ཐད། རང་གི་བསམ་ཚུལ་གསོང་བོར་བརྗོད་རྒྱུའི་གོ་སྐབས་ཀྱང་མེད་སར། ་་ཤི་ཙང་་西 藏་་གཡུགས་ནས་་ཐུ་བྷོད་་圖 博་་འབྲི་རྗོད་བྱེད་པའི་རང་དབང་དང་བློ་སྟོབས་ནི་དེ་བས་ཀྱང་ག་ལ་ཡོད།
དཔེར་ན། ཕྲན་གྱིས། ་་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་་ཟེར་བར། ཐོག་མར་ཡིག་སྒྱུར་དང་གསར་འགོད་པ། དེ་ནས་རྩོམ་སྒྲིག་འགན་ཁུར་བའི་ལས་ཀ་བྱེད་སྐབས། དེ་སྔ་ཁྲི་ཀ་དང༌། རེབ་གོང༌། སྐུ་འབུམ། ཆབ་ཆ་(སོག་སྐད་ཡིན་པར་བཤད།)སོགས་མདོ་སྨད་ཀྱི་ལོ་རྒྱུས་སུ་མདོ་སྨད་པ་རང་གིས་བཏགས་པའི་མིང་ཡོད་བཞིན་དུ། རྒྱ་མིས་ཚུར་གསར་དུ་བཏགས་པའི་མིང་གསར་བ་སྟེ། ཁྲི་ཀ་ལ་་ཀོས་ཏེ་་(貴 德 རེབ་གོང་ལ་་་ཐུན་རིན་་(同 仁)སྐུ་འབུམ་ལ་་ཧོང་ཀྲུང་་( 湟 中)སྒོ་མེ་ཆབ་ཆ་ལ་་གུང་ཧོ་་(共 和) སོགས་རྒྱ་སྐད་ཀྱི་སྒྲ་རང་སོར་བཞག་ནས་བོད་སྐད་དུ་འགྱུར་དང་འགྱུར་མུས་དེ་དག་བསྒྱུར་ནས། བོད་མི་རང་གིས་ཕ་མེས་ནས་འབོད་པའི་ས་མིང༌། ཆུ་མིང༌། རི་མིང་ཐམས་ཅད་བསྐྱར་གསོ་བྱ་དགོས་པའི་བསམ་ཚུལ་བཏོན་ཏེ། གང་ཐུབ་ལག་ལེན་དུ་འཁེལ་བའི་འབད་རྩོལ་ཡང་བྱས་མྱོང་།
དེ་བཞིན་དུ་འཛམ་གླིང་ཡུལ་གྲུ་ཁག་གི་མིང་དང༌། སྲིད་འཛིན་དང་སྲིད་བློན་སོགས་ཀྱི་མཚན་ཡང་དབྱིན་སྐད་ཀྱི་སྒྲ་རང་སོར་བཞག་ནས་བོད་སྐད་དུ་འགྱུར་རྒྱུ་ལས། དབྱིན་སྐད་ནས་རྒྱ་ནག་སྐད་དང་། དེ་ནས་བོད་སྐད་དུ་སྒྲ་ཇི་བཞིན་པར་འགྱུར་ན་ཧ་ཅང་སྟབས་མི་བདེ་ལ་མགོ་ཉོག་གི་གཞིར་འགྱུར་བ་དཔེར་ན། དང་ཐོག་ཨ་རི་ལ་རྒྱ་ནག་སྐད་དུ་་མེ་གོ་་ ཞེས་འབོད་པ་བོད་སྐད་དུའང་་མེ་གོ་་དང༌། ཨ་རིའི་སྲིད་འཛིན་ལ་་མེ་གོ་ཙུང་ཐུང་་ཞེས་འགྱུར་བཞིན་འདུག། དེ་བཞིན་དུ་ཁམ་པོ་རྫ་ལ་ཅན་ཕུ་ཀྲེ་དང༌། ཡུལ་དེའི་རྒྱལ་བོ་ལ་་ནོ་ལོ་ཏུང་ཞི་ཧ་ནུའུ་ཁི་ཆིན་ཝང་། བོད་སྐད་དུ། རྒྱལ་བོ་ནོར་ལྡོང་ཞེས་བརྗོད་ན་བདེ། སྐབས་དེའི་ཨ་རིའི་སྲིད་འཛིན་་རེས་གྷིན་་ལ་་ལིས་ཀིན་་། ར་ཤེ་ཡའི་སྲིད་འཛིན་་གྷོར་པཱ་ཅོབ་་ལ་་ཀི་ཨེར་པ་ཆོ་ཧྥུ་་སོགས། གང་ལྟར་རྒྱ་མི་ཁོ་ནས་མ་གཏོགས་འཛམ་གླིང་གི་མི་རིགས་གཞན་གྱིས་གཏན་ནས་མི་གོ་བའི་མགོ་ཉོག་ངུ་བྲོ་བ་ཞིག་བཟོས་ཡོད།
གལ་ཏེ་བོད་ནས་ཡོང་མ་ཐག་པའི་བོད་མི་ཞིག་ལ། ཀོ་རི་ཡ་དང༌། བེ་ཐི་ནམ། ཉི་ཧོང་། ར་ཤེ་ཡ། ཤར་ཐུར་ཁི་སི་ཐན། ལི་ཡུལ་ལམ་ཡུལ་ལི་སོགས་ཅི་རེད་ཅེས་དྲིས་ཚེ། ཁོང་ཚོས་མགོ་བོ་འཕྲེད་དུ་གཡུགས་རྒྱུར་ངེས་ལ། གལ་ཏེ། ཁྱེད་ཀྱིས་མེ་གོ་དང༌། ཁྲའོ་ཤན་དང༌། ཡའོ་ནན། རི་པིན། སུའུ་ལེན། ཤིན་ཅང་ཞེས་བརྗོད་ན། དེ་མ་ཐག་ཁོང་ཚོས་དབུ་ནང་དུ་གུག་གུག་གནང་ངེས་ཡིན། དབྱིན་སྐད་མི་ཤེས་པའི་རྒྱ་མི་ཚོའང་དེ་བཞིན་ཡིན།
ཕྲན་གྱིས་བལྟས་ན་དཀའ་ངལ་འདི་སེལ་བར་བྱེད་པ་ལ། ཕྱི་རྒྱལ་གྱི་ས་ཆུའི་མིང་དང༌། མིའི་མིང་སོགས་དབྱིན་སྐད་ཀྱི་སྒྲ་གདངས་གཞིར་བཟུང་ཐད་ཀར་བོད་སྐད་དུ་ཕབ་འགྱུར་གནང་ན་གོ་བདེ་བརྗོད་བདེའི་དགེ་མཚན་ཡོད་པ་དང༌། བོད་རང་གི་ས་ཆུའི་མིང་དང་མིའི་མིང་སོགས་ངེས་པར་དུ་ལོ་རྒྱུས་སུ་བོད་མི་རང་གིས་ཇི་ལྟར་འབོད་པ་དེ་ལྟར་དུ་ཡུལ་དེ་དང་དེའི་ཡུལ་མི་རང་བཞིན་པའི་རང་སྐད་སྒྲ་གདངས་སོར་བཞག་གིས་མི་རིགས་གཞན་གྱི་སྐད་དུ་འགྱུར་རྒྱུ་འདི་ཧ་ཅང་གལ་ཆེ་བར་སྙམ། དེ་ནི་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་གཉིས་ཀར་བརྩི་འཇོག་ཡོད་པའི་ཡ་རབས་ཀྱི་སྤྱོད་ཚུལ་ཞིག་ཀྱང་ཡིན།
གོང་གསལ་ཁོ་བོའི་བསམ་ཚུལ་རྣམས་རླུང་འཕྲིན་ལས་ཁུངས་ཀྱི་འགོ་ཁྲིད་ལ་བརྗོད་སྐབས། དེ་ནི་ཁྲིམས་ལུགས་སུ་གཏན་ལ་ཕབ་ཚར་བའི་ཐ་སྙད་ཡིན་སྟབས། སུས་ཀྱང་འགྱུར་བ་གཏང་མི་ཆོག་ཚུལ་བརྗོད་བྱུང་བས་རེ་ཞིག་ངལ་བ་འབྲས་མེད་དུ་གྱུར།
༡༩༨༨ ལོར། ཕྲན་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས། ཧང་སངས་དགོས་པའི་གནས་ཚུལ་ཞིག་མཐོང་བ་ནི། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཡིག་ཆ་རྒྱ་ནག་སྐད་དུ་འགྱུར་བ་སྤྱི་དང༌། ལྷག་པར་དུ་༸གོང་ས་ཆེན་པོའི་གསུམ་བཅུའི་དུས་དྲན་གྱི་བཀའ་སློབ་གསུང་འཕྲིན་གྱིས་མཚོན་པའི་གནད་ཆེའི་ཡིག་ཆ་ཐམས་ཅད་ཀྱི་ནང་དུ། བོད་ཀྱི་མཚན་ལ། ་་ཤི་ཙང་་西 藏 ་་ཞེས་བྲིས་འདུག་པ་དེ་རེད། སྐབས་དེར་ཕྲན་གྱི་སེམས་ལ། བཙན་བྱོལ་སྤྱི་ཚོགས་སུ་གནད་དོན་གལ་ཆེན་འདི་འདྲའི་ཐད། ད་བར་ཐུགས་སྣང་མ་གནང་བའམ་ཐུགས་ཚོར་གང་ཡང་མེད་པ་ནི། ཧ་ལས་པའི་ཐབས་སྐྱོ་བོ་རེད་སྙམ།
༡༩༩༠ ལོའི་མཇུག་ཙམ་ལ། རང་གཞུང་གི་བཀའ་འབྲེལ་ལྟར། ཕྲན་ནུབ་ཕྱོགས་རྒྱལ་ཁབ་ཁག་བརྒྱད་དུ་བསྐྱོད་དེ། རྒྱ་དམར་གྱི་བཙན་འོག་ཏུ་ཚུད་པའི་བོད་ནང་གི་གནས་སྟངས་ངོ་མ་ཇི་འདྲ་ཡིན་མིན་སྐོར་ངོ་སྤྲོད་མཚམས་སྦྱོར་སྐབས་དང་། རྒྱ་མི་མཁས་པ་དང་སློབ་ཕྲུག་ཚོར་བོད་སྐོར་འགྲེལ་རྗོད་བྱེད་དུས། ་་ཤི་ཙང་་ 西 藏 ཞེས་འབྲི་རྗོད་མ་བྱས་པར། ་་ཐུ་བྷོད་་圖 博 དང་ Tibet འབྲི་རྗོད་བྱས་པ་ཡིན། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ང་ཕོད་འཇིགས་མེད་ལགས་སོགས་རང་རིགས་ཤེས་ལྡན་ཁག་ཅིག་དང་ལྷན་དུ་བགྲོ་གླེང་སྐབས་ཀྱང་། རང་གི་བསམ་ཚུལ་རྩལ་དུ་སྤྲུགས་ནས་བརྗོད་པ་ཡིན།
ཨ་རིའི་ཡུལ་ནས་ཕྱིར་རྒྱ་གར་དུ་འཁོར་རྗེས་ཅང་མ་འགོར་བར། <>དུས་དེབ་ཀྱི་རྩོམ་སྒྲིག་པ་རྒྱ་མི་སྐུ་ཞབས་ཡཱང་ཀྲུང་མཱེ་ལགས་༸གོང་ས་མཆོག་ལ་མཇལ་བཅར་སྐབས། ཁོ་བོས་གསུང་སྒྱུར་ཞུ་རྒྱུའི་སྐལ་བཟང་ཐོབ་པ་དང༌། ཉིན་དེར། ༸གོང་ས་མཆོག་ལ། བོད་ཀྱི་མཚན་རྒྱ་ནག་སྐད་དུ་འགྱུར་སྐབས། ་་ཤི་ཙང་་ཞེས་འགྱུར་མི་དགོས་པར། ་་ཐུ་བྷོད་་圖博 ཅེས་འགྱུར་ཆོག་པའི་གནང་བའང་ཞུས་པ་ཡིན། ལོ་དེའི་ཕྱི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཕྲན་གྱིས་ཐད་ཀར་དུ་རྒྱ་ཡིག་ཐོག་ཁ་ཡིག་ལ། ་་ཤི་ཙང་་ཞེས་པའི་ཐ་སྙད་འདིས་ཅི་ཞིག་མཚོན་གྱིན་ཡོད་དམ<< ་་西 藏་་ 這 個 稱 呼 意 味 著 什 麼﹖! >>ཞེས་པ་ཞིག་བྲིས་ནས་སྐུ་ཞབས་ཡཱང་ཀྲུང་མཱེ་ལགས་ལ་བསྐུར་བ། ༡༩༩༣ ལོའི་ཕྱི་ཟླ་དང་བོའི་ནང་<>དུས་དེབ་ཐོག་བཀོད་ཐོན་བྱུང་ཡོད།
སྤྱིར་བཏང་བོད་མི་ཞིག་ཡིན་པའི་ཆ་ནས། དེ་ཡང་བོད་རང་གི་འདས་པའི་ལོ་རྒྱུས་ལ་རྒྱུས་མངའ་ཅུང་ཟད་ཡོད་མཁན་ཞིག་ཡིན་ཚེ། དྲི་བ་མང་བོ་ཞིག་རང་བཞིན་གྱིས་ང་ཚོའི་མདུན་དུ་བཀྲམས་ཡོད་པ། དཔེར་ན། བོད་འདི་ལོ་རྒྱུས་སུ་རྒྱ་ནག་དང་འདྲ་མཉམ་གྱི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་ཀྱང་། མཐར་རྒྱ་འོག་ཏུ་ཤོར་བའི་རྒྱུ་མཚན་ཅི་ཡིན་ནམ། རྒྱ་དམར་གཞུང་གིས་བོད་ལ་ཁྲིམས་འགལ་བཙན་འཛུལ་བྱེད་དགོས་པ་དང༌། བོད་ས་ཡོངས་རྫོགས་དྲག་པོས་དབང་དུ་བསྒྱུར་ཐུབ་སོང་བའི་རྒྱུ་མཚན་ཅི་ཡིན་ནམ། རྒྱ་དམར་གྱིས་བོད་ས་དབང་དུ་བསྒྱུར་རྗེས། ཆོལ་ཁ་་ཆོལ་ཁ་ཞེས་པའི་འབོད་ལུགས་འདི་སོག་པོའི་སྐད་ཡིན་པ་དང་། བོད་སྐད་དུ་་ཆོལ་་ཞེས་བརྗོད་ན། ཆོལ་བའི་དོན་ནི། གོ་རིམ་ཆོལ་བ། སྤྱོད་པ་ཆོལ་བ་སོགས་ཀྱི་དོན་ལ་འཇུག་པས་རྟེན་འབྲེལ་མི་ལེགས་པར་མཐོང་། རྗེས་སུ་རིམ་པས། བོད་ཀྱི་ལྗོངས་ཆེན་གསུམ་སྟེ། མདོ་སྟོད་མི་ཡི་ལྗོངས། མདོ་སྨད་རྟ་ཡི་ལྗོངས། དབུས་གཙང་དམ་པ་ཆོས་ཀྱི་ལྗོངས། །ཞེས་བརྗོད་ན་བོད་རང་གི་ཕ་སྐད་བསླད་མེད་ཡིན་པས་དགེ་མཚན་ཆེ་བ་ཞར་འཕྲོས་དང་། དེ་ལྟར་ལྗོངས་ཆེན་པོ་གསུམ་གྱིས་གྲུབ་པའི་བོད་གངས་ཅན་འདི་དུམ་བུ་མང་བོར་བགོ་དགོས་པ་དང༌། དེ་དག་ལ་མིང་གསར་དུ་འདོགས་དགོས་པ། བོད་མི་རང་གིས་འབོད་པའི་ལོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཡོད་པའི་མིང་རྣམས་མེད་པ་བཟོ་ཐབས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། རྒྱ་མི་རྣམས་ལ་བོད་ཡུལ་དབང་དུ་བསྒྱུར་ཆོག་པའི་དབང་ཚད་དང༌། བོད་ས་དུམ་བུར་གཏོང་བའི་དབང་ཚད། བོད་ཀྱི་ས་ཆུའི་མིང་རྣམས་གང་བྱུང་དུ་བརྗེ་སྒྱུར་བྱེད་པའི་དབང་ཚད། བོད་མི་དམངས་རྣམས་་གྲངས་ཉུང་མི་རིགས་་ཟེར་བའི་གྲས་སུ་འཇོག་པའི་དབང་ཚད་འདི་དག་སུས་སྤྲད་པ་ཡིན་ནམ། དེ་དག་ལ་སོགས་པའི་དྲི་བ་རྣོ་ངར་ཅན་མང་བོ་ལུ་གུ་རྒྱུད་དུ་འབྲེལ་ནས་ཡོང་གི་ཡོད་པ་རེད།
ལོ་རྒྱུས་ཀྱི་བྱུང་བ་དང༌། བོད།
རང་རེའི་བོད་རྒྱལ་ཁབ་ཆེན་པོའི་སྔར་གྱི་བྱུང་རབས་རྣམས་ཡིག་ཐོག་ཏུ་འགོད་ཐུབ་པ་བྱུང་བ་ནས། ད་ཕན་གྱི་ལོ་རྒྱུས་ལ་རགས་ཙམ་བལྟས་ཚེ། མེས་པོ་གོང་མ་ཚོའི་སྐུ་རིང་ནས་དུས་ད་ལྟ་ལ་ཐུག་གི་བར་དུ། རང་རིགས་ཀྱི་སྤྱི་མིང་ལ་བོད་ཅེས་འབོད་པ་འདིར་འགྱུར་བ་ནམ་ཡང་བྱུང་མི་འདུག གདོད་མའི་དུས་སུ་བོད་འདི་ཡང་འཛམ་གླིང་གི་མི་རིགས་གཞན་དང་འདྲ་བར་དེང་རབས་ཀྱི་བསྟན་དོན་ལྡན་པའི་རྒྱལ་ཁབ་ཀྱི་ངོ་བོར་གྲུབ་མེད་ཀྱང༌། རིགས་རྒྱུད་ཚོ་བ་ཁག་གི་འགོ་གཙོ་འམ་ཚོ་དཔོན་གྱི་བཀའ་བཀོད་འོག རང་དབང་གི་འཚོ་བར་རོལ་ནས་དུས་ཡུན་རིང་བོ་ཞིག་སོང་འདུག བོད་ཅེས་པའི་ཐ་སྙད་འདི་ཐོག་མར་བྱུང་སྐབས། སྐབས་དེའི་དབུས་གཙང་གི་མངའ་རིས་སུ་གཏོགས་པའི་བོད་ཀ་གཡག་དྲུག་གི་མིང་དུ་འབོད་པ་སྟེ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་རྒྱལ་རབས་རིམ་བྱུང་གི་མིང་ཞེས་བྱ་བའི་ལེའུར། ་་་་་་་་་་་་་་་་་་་་་་འོ་ལྡེ་སྤུ་རྒྱལ་གྱིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དབང་དུ་བསྡུས་རྗེས། བོད་ཀ་གཡག་དྲུག་གི་རྗེར་གཤེགས་སོ་ཞེས་འཁོད་པ་དང༌། རྒྱལ་བོ་བཀའི་ཐང་ཡིག་ཏུའང༌། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེཿ ཡུལ་མིང་བོད་ཁམས་གཡུའ་དྲུག་བྱ་བར་བཏགསཿ ཞེས་འབྱུང་བ་ལས་ཤེས་ཐུབ་ལ། བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་བཙན་པོ་སྐུ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་བར་དུ་། བོད་ཀ་གཡག་དྲུག་གི་རྗེ་བོ་གནང་བ་གསལ། བཙན་པོ་གནམ་རི་སྲོང་བཙན་གྱི་སྐུ་རིང་ལ། གཙང་དང་དྭགས་ཀོང༌། དབུས་ཀྱི་ས་ཆ་ཁག་ཅིག་བཅས་དབང་དུ་བསྡུས་འདུག་ཀྱང༌། དབུས་ཀྱི་ས་ཆ་ཕལ་ཆེ་བ་དང༌། སྟོད་མངའ་རིས། སྨད་མདོ་ཁམས་བཅས་ད་དུང་དབང་དུ་བསྡུས་མི་འདུག དེ་ལྟ་མོད་ཀྱི་ཆོལ་རྒྱལ་སྲོང་བཙན་སྒམ་པོའི་རིང་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བྱུང་བ་ནས། བཙན་པོ་གླང་དར་བར་གྱི་བགྲང་བྱ་བརྒྱ་ཕྲག་དུ་མའི་རིང་གི་བོད་ཀྱི་མངའ་རིས་དབང་ཐང་ནི། ད་ལྟའི་བོད་ཀྱི་ལྗོངས་ཆེན་གསུམ་མཉམ་དུ་བསྡོམས་པའི་མངའ་རིས་ལས་ཀྱང་རྒྱ་ཆེ་བ་ཡོད་ལ། ལྷག་པར་དུ་ཁྲི་སྲོང་ལྡེ་བཙན་དང༌། ཁྲི་རལ་བ་ཅན་གྱི་སྐབས་སུ་བོད་ཀྱི་མངའ་ཐང་དར་བའི་རྩེ་མོར་སོན་ཏེ། ཤར་རྒྱ་ནག་དང༌། ལྷོ་རྒྱ་གར། ནུབ་ཨ་རབ། བྱང་ཏ་ཟིག་ལ་སོགས་སུ་བོད་ཀྱི་དབང་ཤུགས་བསླེབས་ནས། དུས་སྐབས་དེའི་རིང༌། འཛམ་གླིང་འདིར་བོད་ལས་མངའ་ཐང་ཆེ་བ་དང་བོད་ལས་བཙན་པའི་རྒྱལ་ཁབ་གཅིག་ཀྱང་མེད་པའི་ཚོད་དུ་སྣང་སྟེ། དེབ་དཀར་ལས། སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། །རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི། །ཤ་གཟན་གདོང་དམར་བོད་ཀྱི་དམག་དཔུང་གིས། ། སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས། །ཞེས་པ་དོན་ལ་གནས་སོ།།
གླང་དར་གྱི་རྗེས་ནས་བོད་སྤྱི་ལ་དབང་བའི་རྒྱལ་བོ་མ་བྱུང་ཡང༌། ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ་དག་གིས་བོད་ཡུལ་སྟོད་སྨད་བར་གསུམ་རིས་སུ་བཅད་དེ། རང་རང་གི་བསྐྱང་ཡུལ་གང་དང་གང་ཡིན་པ་དེ་དང་དེར་དབང་ལུང་ཁྱབ་བསྒྱུར་གྱིས། བོད་འབངས་རྣམས་ཅི་བདེར་བསྐྱངས་པའི་ལོ་རྒྱུས་བོད་རྒྱའི་རྒྱལ་རབས་དེབ་ཐེར་རྣམས་སུ་གསལ་ཡོད། གང་ལྟར། ཐོག་མའི་བོད་ཀ་གཡག་དྲུག་ནས་བཟུང༌། བཙན་པོ་རིམ་བྱོན་གྱི་མངའ་ཐང་ཇེ་རྒྱས་ཇེ་དར་གྱིས་མཐར་བོད་ཁམས་ཡོངས་ལ་དབང་ལུང་བསྒྱུར་བ་ནས་དུས་ད་ལྟ་ལ་ཐུག་གི་བར། བོད་ཀྱི་བཙན་པོ་དང་རྒྱལ་བོ་སྐུ་ཕྲེང་ན་རིམ་གྱི་ཆབ་སྲིད་དབང་ཐང་དང་། མངའ་རིས་སམ་ཡུལ་གྱི་རྒྱ་ཁྱོན་ཆུང་བ་ནས་ཆེར་བསྐྱེད་པ་དང༌། ཆེ་ཆུང་མ་ངེས་པའི་སྐབས་ཡོད་ཀྱང༌། ཆོས་རྒྱལ་སྐུ་དྲིན་ཅན་ཚོའི་དུས་ནས། བོད་རྒྱལ་ཁབ་ཆེན་པོའི་མངའ་རིས་ (territory) ( 領 土)གཅིག་གྱུར་བྱུང་སྟེ། བོད་སྤྱི་ལ་དབང་བའི་ཆོས་རྒྱལ་ན་རིམ་གྱིས། བོད་ཀྱི་ལྗོངས་ཆེན་གསུམ་གྱི་ཁྱོན་ལ་ཆབ་སྲིད་མངའ་དབང་བསྒྱུར་བ་ནས་བཟུང༌། བོད་རྒྱལ་ཁབ་ཀྱི་དབང་ལུང་ངམ་དབང་ཐང་ (sovereignty) ( 主 權 ) སྲུང་འཛིན་ལེགས་པར་གནང་བ་དང༌། ལྷག་པར་དུ་རྒྱལ་བོ་ཁྲི་རལ་གྱི་དུས་སུ། ཕྱི་ལོ་ 823བོད་རྒྱའི་མཐའ་མཚམས་སུ། བོད་རྒྱ་རྒྱལ་ཁབ་གཉིས་འདྲ་མཉམ་ཐོག་གཉིས་མོས་ཆིངས་ཡིག་སྟེ། བཀའ་གཙིགས་རྡོ་རིང་བཙུགས་པ་ནས་བཟུང་བོད་ཅེས་བརྗོད་སྐབས། ལྗོངས་ཆེན་གསུམ་སྤྱི་ཡོངས་ལ་ཁྱབ་པའི་ཐ་སྙད་དམ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་སྤྱིའི་མཚན་དུ་ཡོངས་སུ་གྲུབ་སྟེ། དུས་ད་ལྟ་ལ་ཐུག་གི་བར་གྱི་འདས་པའི་མི་ལོ་ཉིས་སྟོང་ལྷག་གི་རིང་ལ། བོད་མི་རྣམས་ཀྱིས་ཡིག་ངག་གཉིས་སུ་རྒྱ་ཁྱབ་ཏུ་འབྲི་རྗོད་བྱས་དང་བྱེད་མུས་སུ་ཡོད་པ་འདི་ལགས་ཤིང༌། བོད་མི་ཞིག་ཡིན་ཕྱིན། འདི་ལ་དྭོགས་གནས་ཤིག་ནམ་ཞར་མ་བྱུང་མི་འབྱུང་། འབྱུང་བར་ཡང་མི་འགྱུར་རོ།། མདོ་སྟོད་སྨད་ཀྱི་བོད་མིས། དབུས་གཙང་ཕྱོགས་ཀྱི་བོད་མི་ལ། བོད་པ་་པོད་པ་་ ཞེས་འབོད་པ་ནི་མིང་གཞི་བ་ཡིག་ཀློག་སྟངས་དབུས་ཕྱོགས་ནས་བ་ལ་ BA དང་ཨ་མདོས་ VAམི་འདྲ་བའི་ཁྱད་ཙམ་ལས། ཆ་ལ་་་པ་་་ཉིད་སྦྱོར་བ་ལེགས། ཞེས་པ་དེ་སྔའི་བོད་ཀྱི་མཁས་པ་མི་གཅིག་གི་དགོངས་འཆར་ཙམ་ལགས་པས། མཐའ་གཅིག་ཏུ་ཡང་དག་པ་ཡིན་མིན་དཔྱད་བྱ་ཡིན། ཕྲན་ལྟར་ན། ཡིག་ཐོག་ཏུ་འབྲི་སྐབས། དབུས་གཙང་ཕྱོགས་ནས་ཀྱང་། ག་ད་བ་ས་ན་མ་པ། ། ང་འ་ར་ལ་མཐའ་མེད་བ། །ཞེས་ཐོབ་ཐང་ལྟར་འབྲི་དགོས་པ་དང་། ངག་ནས་འདོན་སྐབས། བ་ལ་VAཞེས་མི་འདོན་པར་ BA ཞེས་ཀློག་འདོད་ན། དེ་སོ་སོའི་འདོད་པ་རེད། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར་རོ།། ཞོར་འཕྲོས་ཙམ། དོན་ལ་དབུས་གཙང་གི་མི་རྣམས་བོད་མི་ཡིན་ལ། མདོ་སྟོད་སྨད་ཀྱི་མི་རྣམས་ཀྱང་བོད་མི་ཡིན་པ་གཅིག་གྱུར་ལས་མི་རིགས་གཞན་པ་ཞིག་གཏན་ནས་མིན་ནོ།།
ཕྱོགས་མཚུངས། རང་རེ་བོད་མི་ཚོས་རྒྱ་མིའི་རྒྱལ་ཁབ་ལ་རྒྱ་ནག་ཏུ་འབོད་པ་དང༌། འཕགས་ཡུལ་ལ་རྒྱ་གར་དུ་འབོད་པ་སོགས་ལའང་ད་བར་འགྱུར་བ་མེད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་མ་གཏོགས། རྒྱ་གར་དང༌། པ་ཀི་སི་ཐན། བལ་ཡུལ། བྷང་ལ་དྷེཤ། ཤྲི་ལང་ཀ། འབར་མ། འབྲུག་ཡུལ། འབྲས་ལྗོངས། འབྲུག་འབྲས་གཉིས་སུ་བོད་ཅེས་འབོད། ཤར་ཐུར་ཁེ་སི་ཐན། ལི་ཡུལ། སོག་པོ་དང༌། ཀོ་རི་ཡ། ཉི་ཧོང་སོགས་ཨེ་ཤཱ་ཡའི་རྒྱལ་ཁབ་ཁག་གིས་བོད་ལ་ཏེ་བྷད་ཏེ་དང༌། བྷོ་ཊི་ཡ། ཐང་གྷི་ཐི། ཐི་བྷད་ཐེ་སོགས་སུ་འབོད་ཅིང༌། ཨ་རི་དང་ཡོ་རོབ་ཀྱིས་མཚོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ Tibet ཞེས་འབོད་བཞིན་པ་ནི་བོད་ཀྱི་ལྗོངས་ཆེན་གསུམ་སྤྱི་ལ་ཁྱབ་པའི་སྤྱི་མིང་ཡིན་པས་རྣམ་པ་ཐམས་ཅད་དུ་ཡང་དག་པའི་གནས་སུ་འཁུམས་སོ།། རང་གཞན་དོན་གཉིས་ལྷུན་འགྲུབ་རིན་ཆེན་གདུགས།།རང་གི་སྙིང་དབུས་མཁའ་ན་ལྷག་པར་དཀར།།རང་རེའི་མེས་པོའི་བཀའ་དྲིན་དྲན་པའི་ཚེ།།རང་དབང་མེད་པར་མཆི་མའི་བཞུར་རྒྱུན་རིང་།།ཞེས་པ་ནི། གསོལ་ཇ་བར་གསེང་གི་ཚིགས་སུ་བཅད་པའོ།།
རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ལ། འཛམ་གླིང་གི་རྒྱལ་ཁབ་གཞན་གང་དང་ཡང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི། རྒྱལ་བོའམ་གོང་མ་རེའི་ཁྲི་རབས་མཇུག་རྫོགས་ནས། རྒྱལ་བོའམ་གོང་མ་གསར་བ་རེ་ཁྲིར་འཁོད་མཚམས། རྒྱལ་ཁབ་དེ་ལ་མིང་གསར་བ་རེ་འདོགས་སྲོལ་ཡོད་པ་དེ་རེད།
བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་ལོ་ཉིས་བརྒྱ་ཙམ་གྱི་རྗེས་ལ། གཞི་ནས་བོད་དང་རྒྱ་ནག་གཉིས་དབར་གཉེན་དོན་གྱིས་ཐོག་དྲངས་པའི་མཛའ་དང་མི་མཛའི་འབྲེལ་བ་སྣ་ཚོགས་རིམ་པར་བྱུང་ཞིང༌། སྐབས་དེ་དང་དེའི་རྒྱ་ནག་གི་ལོ་རྒྱུས་དེབ་ཐེར་ཚང་མའི་ནང་བོད་རྒྱལ་ཁབ་ཀྱི་མཚན་ལ་་ཐུ་བྷོད་་吐 蕃ཅེས་བྲིས་འདུག། འདི་ནི་བོད་དང་རྒྱ་ནག་གཉིས་གང་ཅིའི་ཐད་སྟོབས་ཤུགས་འདྲ་མཉམ་ཡིན་པ་དང༌། དམག་ཤུགས་ཐད་རྒྱ་ནག་ལས་བོད་སྟོབས་ཤུགས་ཆེ་ཙམ་ཡོད་པའི་གནས་སྟངས་འོག་བོད་རྒྱ་རྒྱལ་ཁབ་གཉིས་འདྲ་མཉམ་ཐོག་བཞག་པའི་རྒྱལ་འབྲེལ་ཆིངས་ཡིག་སྟེ། ཕྱི་ལོ་ 823 ལོའི་བཀའ་གཙིགས་རྡོ་རིང་གི་རྒྱ་ཡིག་ཏུ། བོད་ལ་ཐུ་བྷོད་ 吐 蕃དང༌། བོད་ཀྱི་བཙན་པོ་ལ་ཐུ་བྷོད་བཙན་པོ 吐 蕃 贊 普 ཞེས་གསལ་བོར་འཁོད་ཡོད་པའི་ལོ་རྒྱུས་ཀྱི་བདེན་རྟགས་གསེར་གྱི་ཀ་བ་ལྟ་བུ་ཡིན་སྟབས། བོད་རྒྱ་གཉིས་ཀས་ཚད་མར་འཛིན་དགོས་པའི་དོན་དངོས་གསོན་པོ་ཁ་གྲགས་རྒྱུ་ཡོད་པ་འདི། མ་འོངས་པར་བོད་རྒྱ་ཞི་མོལ་གྱི་གཞི་འཛིན་ས་གཙོ་བོ་འང་ཡིན་དགོས་ངེས་རེད་བསམ་བཞིན་ཡོད། རྒྱུ་མཚན་ནི། བོད་ཀྱི་ཆོས་རྒྱལ་ཚོའི་རྒྱལ་རབས་མཇུག་རྫོགས་པ་དང་དུས་མཉམ་ལྟ་བུར། རྒྱ་ནག་གི་ཐང་རྒྱལ་རབས་ཀྱང་མཇུག་བསྒྲིལ་ནས་རྒྱ་ནག་ཀྱང་སིལ་བུར་ཐོར་ཏེ། དུས་ཡུན་རིང་བོར་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཆགས་ཐུབ་མེད་པར་མ་ཟད། རྒྱ་ནག་རྒྱལ་ཁབ་འདི་ཐེངས་གཉིས་ལ་རྩ་སྟོངས་སུ་གྱུར་ཏེ་མི་རིགས་གཞན་གྱི་དབང་བསྒྱུར་འོག་མི་ལོ་བརྒྱ་ཕྲག་་ཕལ་ཆེར་ལོ་ངོ་བཞི་བརྒྱ་ཙམ་་མང་བོར་ལུས་པ་ཡིན་སྟབས། དུས་ཡུན་དེ་དང་དེའི་རིང་གི་ལོ་རྒྱུས་ཡིག་ཆ་རྣམས་བོད་རྒྱ་ཞི་མོལ་སྐབས་ཚད་མར་འཛིན་དཀའ་བ་ཞིག་ཡིན་པར་སེམས་ལ། འདི་ནི་ཤིན་དུ་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་ནོ།།
ཐུ་བྷོད་ 吐蕃 TIBET དང༌། ཤི་ཙང་ 西藏 གི་བྱུང་བ།
རྒྱ་མི་མཁས་པ་ལུའུ་ཧྲི་མིང་གིས་བརྩམས་པའི་ཆིང་རྒྱལ་རབས་མན་ཇུ་ཡིས་་ཤི་ཙང་་(དབུས་གཙང་ཁོ་ནར་གོ)སྐྱོང་བའི་སྲིད་ཇུས་ལ་དཔྱད་པ་ཞེས་པ། རྒྱལ་གཉེར་སྲིད་དོན་སློབ་ཆེན་དང༌། རྒྱལ་སྤྱིའི་རྒྱ་ནག་མཐའ་མཚམས་མི་རིགས་རིག་རྩལ་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དོན་ཚན་གཉིས་པར༌། རྒྱ་ནག་དང་བོད་གཉིས་ཀྱི་བར་སྲིད་ཕྱོགས་ཀྱི་འབྲེལ་ལམ་ཐོག་མ་དེ། ཐཱང་རྒྱལ་རབས་ནས་མགོ་བརྩམས་པ་རེད། ཨན་ཧྲི་དམག་འཁྲུག་ 安 史 戰 亂 གི་རྗེས་སུ། ཐུ་བྷོད་ 吐蕃 ཀྱིས་གོ་སྐབས་བཟུང་སྟེ། ཤར་ཕྱོགས་རྒྱ་ནག་ལ་བཙན་འཛུལ་བྱས་པར་བརྟེན། ཐཱང་ཏེ་ཙུང་ཧྲན་ཀྲའུ་ལ་བྲོས། ཐུ་བྷོད་བློ་བུར་དུ་ཁྲང་ཨན་ལ་འཛུལ་ཏེ་ཉིན་བཅོ་ལྔར་བསྡད་ནས་རང་སར་ཕྱིར་ལོག་པ་རེད། ཏེ་ཙུང་གིས་རྒྱལ་ས་བཟུང་ནས་ལོ་བཞི་སོང་མཚམས། ཕྱི་ལོ་783 ལོར། ཐཱང་བོད་གཉིས་བར་ཆིན་ཧྲོས་清 水 (དེང་ཀན་སུའུ་ཆིན་ཧྲོས་ཡིན།) ཞེས་པའི་སར་མནའ་བཞག་སྟེ། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཕྱེ་ཞིང་གཏན་ལ་ཕབ། ཐུ་བྷོད་ལ་ལཱན་蘭 ཝེ་ 渭 ཡན་原 ཧོས་會 ཁྲིན成 སོགས་ཀྲའུ州 དེང་ཀན་སུའུ་ཤར་ལྷོའི་རྒྱུད་དང༌། ཝོས་ཀྲའུ་維州 དེང་སི་ཁྲོན་ལི་རྫོང་གི་ནུབ་ཕྱོགས་ས་ཆའི་དབང་ལུང་ཡོད་པ་ཐཱང་གིས་དངོས་སུ་ཁས་བླངས། ཞེས་དང༌།
༡༢༦༩ ལོར་འགྲོ་མགོན་འཕགས་པས། སོག་ཡིག་གསར་དུ་བཟོས་པར་བརྟེན། སོག་པོའི་གོང་མས་འཕགས་པའི་མཛད་རྗེས་ལ་གཏང་རག་གི་ཚུལ་དུ་ཆོས་རྒྱལ་རིན་པོ་ཆེ་大 寶 法 王ཞེས་པའི་མཚན་གནས་གནང་བ་དང༌། ཐུ་བྷོད吐 蕃 དེ་་ཝེ་སི་ཙང་་དབུས་གཙང་ 烏 斯 藏་དུ་བསྒྱུར་ནས་འགྲོ་མགོན་འཕགས་པར་སྐྱོང་དུ་བཅུག ཅེས་དང༌།
ཁྲི་ལོ་སོ་བཞི་བ། ཕྱི་ལོ་ ༡༦༩༥ ལོར། སྡེ་སྲིད་སངས་རྒྱས་རྒྱ་མཚོས། ཏཱ་ལའི་བླ་མའི་མཚན་ཐོག་ནས་གོང་མར་ལེགས་སྐྱེས་དང་བཅས། རང་ཉིད་ལོ་ན་རྒས་སྟབས། ་་རྒྱལ་ཁབ་་བོད་ཀྱི་ལས་དོན་ཐམས་ཅད་སྡེ་བས་ཐག་གཅོད་ཀྱིན་ཡོད་པ་ལྟར་་གོ་གནས་ཆོ་ལོ་་གནང་སྐྱོང་ཡོང་བའི་རེ་བ་ཞུས་དོན་བཞིན། མན་ཇུའི་གཞུང་གིས་བརྟག་དཔྱད་མེད་པར། སྡེ་བ་སངས་རྒྱས་རྒྱ་མཚོ་ལ། ཐུ་པོ་ཐེ་ 圖 伯 特 國 王 བོད་ཀྱི་རྒྱལ་བོ་ཞེས་པའི་མཚན་གནས་གནང༌། ཞེས་འཁོད་འདུག
རྒྱ་ནག་ཐང་རྒྱལ་རབས་མཇུག་བསྒྲིལ་རྗེས། སུང་ལྷོ་མ་དང་བྱང་མ་གཉིས་སུ་གྱེས་པ་དང༌། སྐབས་དེའི་རྒྱ་མི་རྩོམ་པ་པོ་ལེའུ་ཞང་ཞེས་པས་བརྩམས་པའི་ཐང་དེབ་ལེ་ཚན་ ༡༤༦ པའི་ནང་དང༌། སུང་དུས་ཀྱི་བློན་པོ་སུང་ཆིའི་ཞེས་པས་རྩོམ་སྒྲིག་བགྱིས་པའི་ཐང་དེབ་གསར་བ་ཐུའུ་ཕན་བོད་ཀྱི་རྒྱལ་རབས་ལེ་ཚན་ ༡༤༡ ནང་དང༌། ཡང་རྒྱལ་རབས་དེབ་ཐེར་通鉴ཐུང་ཅན་ཞེས་པའི་ལེ་ཚན་ལྔ་བཅུ་བའི་ཤོག་གྲངས་བཅུ་དྲུག་པའི་ནང་། ཐང་བོད་འབྲེལ་བའི་སྐོར་ལ་་ཐུ་བྷོད་་དམ་ཐུའུ་ཕན吐番 ཀྲའུ་ཁུན་ཐེན་གྱིས་བརྩམས་པའི་ཀྲུང་གོའི་མཐའ་མཚམས་མི་རིགས་ཁག་གི་ལོ་རྒྱུས་མདོར་བསྡུས་་ཞེས་པའི་དེབ་ཀྱི་ཤོག་གྲངས་ ༡༤༣ པར་བོད་སྐོར་འཁོད་གསལ། ལེ་ཚན་དང་བོ། བོད་ཅེས་པའི་མིང་ལ། ཐང་སུང་གཉིས་ཀྱི་སྐབས་སུ། ་་ཐུའུ་ཕན་་吐番-西番 གཉིས་ཀར་འབོད།
རྒྱ་ནག་ཐང་གི་སྐབས་སུ། རྒྱ་མིས་བོད་ལ་ཇི་སྐད་འབོད་པ་དེ་བཞིན་དུ། སུང་གི་སྐབས་སུའང་དེ་ལྟར་འབོད་པ་སུང་དུས་ཀྱི་རྒྱལ་རབས་དེབ་ཐེར་ཁག་ཏུ་གསལ་ཞིང༌། དཔེ་མཚོན་ཙམ་བཀོད་ན། ཞིང་གཤེགས་བཀའ་ཟུར་ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར་ལགས་ནས་བརྩམས་པའི་་ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས་་ཀྱི་ཤོག་ངོས་ ༣༣ ཐོག རྒྱ་ནག་སུང་རྒྱལ་རབས་ཀྱི་ལོ་རྒྱུས་རྣམས་སུ། རྒྱལ་སྲས་ཁྲི་ལྡེས་བཙུགས་པའི་རྒྱལ་ཁབ་ཀྱི་མིང་ལ་ཅའོ་ཟི་( 角 斯 國 ) དང༌། ཐུ་པོ་གོ་ 吐番 國 ) ཞེས་བྲིས་ཡོད་ཅེས་དང༌། མཱིང་གི་དུས་སུ་་ཝེ་སི་ཙང་་དབུས་གཙང་衛 斯 藏 དང༌། མན་ཇུའི་དུས་སུ་ཐོག་མར་་ཐུའུ་ཕན་་吐 番 དང༌། དེ་་རྗེས་ཝེ་སི་ཙང་་དབུས་གཙང་衛 斯 藏ཤི་ཙང་་ ཞེས་འབོད་ཅེས་པ་ལས་གསལ་བར་བསྟན་པ་ནི། ་་ཤི་ཙང་ ་西 藏 ཞེས་པའི་འབོད་སྲོལ་འདི་མན་ཇུའི་དུས་སུ་བྱུང་བ་དང༌། དེའི་ཡར་སྔོན་གྱི་ཐང་དང༌། སུང༌། ཡོན༼སོག་པོ༽ མཱིང་བཅས་ཀྱི་དུས་སུ་བོད་ལ། ཐུ་བྷོད་吐 蕃 དང་ ཐུ་ཕན་吐 番 ཞི་ཕན་西 番ཞེས་འབོད་པ་མ་ཟད། མན་ཇུའི་ རྒྱལ་རབས་ཀྱི་ཐོག་མའི་སྐབས་སུའང་། ད་དུང་བོད་ལ་ཐུའུ་ཕན་吐番དང༌། ཤི་ཕན་西 番 ཐུ་པོ་ཐེ་圖 伯 特 國ཞེས་འབོད་བཞིན་པ། སྐབས་དེའི་ཟི་ལིང་གཞུང་གི་ལོ་རྒྱུས་གསར་བ་西 寧 府 新 志ཞེས་པར་ཡང་གསལ་འདུག
་་ཤི་ཙང་་ 西 藏 ཟེར་བ་མན་ཇུའམ་ཆིང་གི་སྐབས་སུ་ད་གཟོད་བྱུང་བའི་འབོད་ཚུལ་གསར་བ་ཞིག་ཡིན་པ་དངོས་འབྲེལ་ཡང༌། རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་ཁྱུར་མིད་བྱས་པའི་རྗེས་སུ་མ་གཏོགས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་མེད། དཔེར་ན་རྒྱ་དམར་གྱི་དམར་དམག་རྒྱང་བསྐྱོད་ཀྱིས། བོད་ཤར་ཕྱོགས་མདོ་སྨད་རྔ་བའི་ཕྱོགས་སུ་ཐོག་མར་འཛུལ་ཡོང་སྐབས། ད་དུང་བོད་ལ་ཤི་ཕཱན་ 西 番 དང༌། ཕཱན་རེན་ 番人 ཞེས་འབོད་ཀྱིན་ཡོད་པ་<<རྔ་བ་ཁུལ་གྱིས་ས་གནས་ལོ་རྒྱུས་>>རྒྱ་ཡིག་དེབ་ཏུ་གསལ་ཏེ། སྐབས་དེར་དམར་དམག་གིས་བྲག་རྡོའི་ངོས་སུ་བྲིས་པའི་འབོད་ཚིག་ཅིག་ཏུ། དམར་དམག་གིས་བོད་མི་གསོད་ཀྱི་མ་རེད། 紅 軍 不 殺 番 人 ཟེར་བ་དང༌། ཡང་བོད་མི་དང་ཆཱང་། ཧོས་སོགས་མི་རིགས་ཚང་མས། རང་ཉིད་ཀྱི་སྲིད་གཞུང་འཛུགས་ཆོག་པ་དང༌། སྡུག་བསྔལ་མྱོང་བཞིན་པའི་བོད་དང་། ཆཱང་།ཧོས་སོགས་མི་རིགས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་སྲིད་གཞུང་གི་དབང་ཆ་འཛིན་རྒྱུ་ལས། དེ་དག་གིས་རྒྱ་མི་རིགས་ཀྱི་གཉའ་གནོན་ནམ་ཡང་མྱོང་གི་མ་རེད། 番 夷 羌 回 各 成 立 自 己 的 政府﹐由 番 夷 羌 回 各 民 族 的 勞 苦 大 眾 掌 管 政 權﹐永不 受 漢 族 人 的 壓 迫。ཟེར་བ་སོགས་ཀྱིས་མཚོན་པའི་ཁུངས་སྐྱེལ་ཤིན་ཏུ་མང་བོ་ཡོད་ཀྱང༌། དཔྱད་གཞིའི་ཡིག་ཆ་འཚོལ་ཀློག་གི་དུས་ཚོད་ཤིན་ཏུ་ནས་དཀོན་པས་འདི་ཙམ་གྱིས་འཐུས་པར་བྱས་སོ།།
འོ་ན། བོད་ལ་ཐུ་བྷོད་ཅེས་མ་བརྗོད་པར། ད་ཆ་རྒྱ་གུང་བྲན་གྱིས་འབོད་བཞིན་པའི་་ཤི་ཙང་་西 藏 ཞེས་བརྗོད་ན་སྐྱོན་ཅི་ཡོད་དམ་ཞེ་ན། སྐྱོན་ཆེན་པོ་ཡོད་ཚུལ་བརྗོད་པར་བྱ་སྟེ། བོད་སྐད་དུ་བོད་དང་རྒྱ་ནག་ཅེས་བརྗོད་སྐབས། དེ་གཉིས་རྒྱལ་ཁབ་མི་འདྲ་བ་གཉིས་ཡིན་པ་ལས། གཅིག་འོག་གཅིག་འདུས་ཀྱི་འབྲེལ་བ་མེད་པ་ཐ་སྙད་རང་གི་ཐོག་ནས་གསལ་བོར་བསྟན་ཡོད་སྟབས། བོད་ཀྱི་སྐད་ཡིག་སྨྲ་བ་རྣམས་ལ་དཀའ་ངལ་གང་ཡང་འཕྲད་ཀྱི་མེད།
འོན་ཀྱང༌། རྒྱ་ནག་གི་སྐད་དུ། བོད་ལ་་ཤི་ཙང་་西 藏 དང༌། རྒྱ་ནག་ལ་中 國་་ཀྲུང་གོ་་ཞེས་བརྗོད་སྐབས། བོད་མི་ཚོའི་སེམས་ལ་ཡོད་པའི་བོད་དེ་བོད་རང་གི་གོ་སར་བསྡད་མེད་ལ། རྒྱ་ནག་དེའང་རྒྱ་ནག་རང་གི་གོ་སར་བསྡད་མེད་པར། རྦད་དེ་གོ་དོན་མི་འདྲ་བ་ཞིག་ཆགས་ཡོད། ཚིག་གཅིག་གིས་མདོར་བསྡུས་ཏེ་བཤད་ན། བོད་ལ་་ཤི་ཙང་་ཞེས་བརྗོད་པ་ཙམ་གྱིས། ཐ་སྙད་དེས་བོད་ལྗོངས་ཆེན་གསུམ་ཡོངས་ལ་ཁྱབ་མི་ཐུབ་པའི་ཁར། སྐྱོན་ཆེ་ཤོས་ནི། བོད་འདི་རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་དང་གོ་ས་རྦད་དེ་མེད་པ་བཟོས་ཚར་བ་དེ་ཡིན༌། རྒྱུ་མཚན་ནི། རྒྱ་དམར་གྱིས་བརྗོད་བཞིན་པའི་་ཀྲུང་གོ་་ཟེར་བ་ནི། དེ་སྔའི་རྒྱ་ནག་དེ་མ་ཡིན་པར། བོད་དང་སོག་པོ། མན་ཇུ། ཤར་ཏུར་ཀི་སི་ཐན་སོགས་རྒྱལ་ཁབ་མང་བོ་ཞིག་ཁྱུར་མིད་བྱས་ཚར་བའི་རྗེས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ལ་གོ་འགྲོ་ཡི་ཡོད། བརྗོད་མ་ཐག་པ་ལྟར། ་་ཤི་ཙང་་ཞེས་པའི་ཐ་སྙད་འདི་བྱུང་མ་ཐག་ནས། བོད་རྒྱལ་ཁབ་རང་བཙན་གྱི་ངོ་བོ་བརླགས་ཚར་བ་དང༌། ཐ་སྙད་དེ་ལ་བརྟེན་ནས་བོད་ཀྱི་དབང་ལུང་ངམ་དབང་ཐང་ (Sovereignty) ལས་སླ་བོས་འཕྲོགས་ཏེ། བོད་འདི་ཀྲུང་གོའི་ས་གནས་སྲིད་གཞུང་ཞིག་གི་གནས་རིམ་དུ་མར་ཕབ་ཅིང༌། ས་གནས་སྲིད་གཞུང་དེའང་བོད་ཀྱི་ལྗོངས་ཆེན་གསུམ་གཅིག་ཏུ་བསྒྲིལ་བའི་ས་གནས་སྲིད་གཞུང་ཞིག་མིན་པར། དེའི་ཡ་གྱལ་དབུས་གཙང་ཁོ་ནར་མ་གཏོགས་ངོས་འཛིན་མི་ཐུབ་པ་དང༌། མདོ་སྨད་ཡོངས་རྫོགས་དང་མདོ་སྟོད་ཀྱི་ས་ཆ་མང་ཆེ་བ་བོད་ཁོངས་ནས་བཅད་དེ་རིམ་པས་བོད་ཀྱི་གྲིབ་མ་ཙམ་ཡང་མེད་པ་བཟོ་རྒྱུའི་བྱུས་ངན་གཏིང་ནག་ཅིག་ཡིན་པ་ཤིན་ཏུ་གསལ།
དེར་བརྟེན། ་་ཤི་ཙང་་ཞེས་པའི་ཐ་སྙད་འདིའི་ནུས་པ་ནི། ཡུལ་སྡེ་འབུམ་ཕྲག་ལྷག་མེད་འཇོམས་པའི་དྲག་པོ་དམག་གི་གཡུལ་འགྱེད་ཆེན་པོ་ཞིག་ལས་ཀྱང་ལྷག་པའི་འཇོམས་ནུས་ལྡན་ལ། ཆོས་ཕྱོགས་ནས། ངན་སྔགས་འཆང་བ་སྟོང་ཕྲག་དུ་མས་དུས་གཅིག་ཏུ་མཐུ་བརྒྱབ་པའམ་དམོད་བོར་བ་ལས་ཀྱང་ཐུ་ཞེས་བརྗོད་ཀྱང་ཐལ་དྲགས་མེད་པར་འདོད།
་་ཤི་ཙང་་( 西 藏 )དང༌། ་་ཤིན་ཅང་་་( 新 疆 )་་ཀྲུང་གོ་་( 中 國 )བཅས་ཀྱི་སྐོར།
་་ཤི་ཙང་་(西 藏 ) དང༌། ་་ཤིན་ཅང་་( 新 疆 ) ཀྲུང་གོ་(中 國 ) བཅས་ནི། རྒྱ་ནག་གི་སྲིད་དོན་བཟོ་གྲྭ་གཅིག་ནས་དུས་ཡུན་རིང་བོར་ཇུས་འགོད་ཀྱིས་དུས་གཅིག་ལ་ཐོན་པའི་ཐོན་རྫས། སུ་ལའང་མི་མཁོ་ཡང་ཐམས་ཅད་ལ་རིན་མེད་དུ་སྟེར་བ་ཞིག་ཡིན། གོང་གསལ་ཐོན་རྫས་འདི་གསུམ་ཁྲོམ་རར་བསླེབས་རྗེས། མི་མང་བོ་རེ་ཞིག་ཐམ་ཐོམ་དུ་གྱུར་ཡང༌། རིམ་པས་ཐོན་རྫས་རྫུན་མ་དེ་དག་གི་སྤུས་ཀ་ངན་པ་མཐོང་སྟེ། སྒོ་ཁའི་གད་སྙིགས་ནང་གཡུགས་དང་གཡུག་བཞིན་ཡོད།
ཤི་ཙང་་( 西 藏 ) ཞེས་པའི་ཐ་སྙད་འདི་ནི། ཕྱེད་རྒྱ་སྐད་དང་ཕྱེད་བོད་སྐད་ཀྱིས་གྲུབ་པའི་འབོད་སྟངས་ཁྱད་མཚར་ཞིག་སྟེ། ་་ཤི་་西་་ནི་རྒྱ་ནག་སྐད་དེ། ་་ནུབ་་ཅེས་པའི་དོན་དང༌། ་་ཙང་་藏ནི། བོད་སྐད་དུ་དབུས་དང་གཙང་དུ་འབོད་པའི་གཙང་གི་སྒྲ་ཟུར་ཆག་པ་ཡིན། དེས་ན། ་་ཤི་ཙང་་西 藏 ཞེས་པའི་ཐ་སྙད་འདིའི་ངོ་གདོང་གི་གོ་དོན་ཐད་ཀར་བོད་སྐད་དུ་འགྱུར་ན། ནུབ་གཙང་ངམ་ནུབ་ཕྱོགས་ཀྱི་གཙང་ཞེས་འབྱུང་བས། ནུབ་གཙང་(西 藏 )གིས་བོད་ཀྱི་ལྗོངས་ཆེན་གསུམ་པོ་ཡོངས་ལ་ཁྱབ་ཐུབ་རྒྱུ་ལྟ་ཅི། ཐ་ན་དབུས་དང་གཙང་གཉིས་སུ་དབྱེ་བའི་གཙང་ཕྱོགས་ཙམ་ལས་དབུས་ལའང་གོ་མི་ཐུབ་པ་ཆགས་ཡོད། ཕྱོགས་མཚུངས་རྒྱ་མིས་དེང་སང་བོད་མི་ཡོད་ཚད་ལ། ཙང་ཙོའུ ་藏 族 ཞེས་འབོད་པའང་གཙང་རིགས་ཞེས་པའི་དོན་ལས་བོད་རིགས་སྤྱི་ལ་གོ་མི་ཐུབ་པ་གོང་དང་འདྲ། ཁ་ཅིག་གིས། ་་ཤི་ཙང་་( 西 藏 གི་གཙང་་ 藏 ) ནི་དབུས་གཙང་གི་གཙང་སྒྲ་ཟུར་ཆག་པ་མིན་པར་གཙང་བ་རྒྱལ་བོའི་མཚན་ལས་དྲས་པ་ལྟ་བུར་འགྲེལ་ཡང་། རྒྱུ་མཚན་ལྡན་པར་མ་མཐོང་སྟེ། ལོ་རྒྱུས་ཀྱི་གཞི་འཛིན་ཚད་འཕེར་མེད་ཁར། སྒྲུབ་བྱེད་ཡང་དག་ཅི་ཡང་འགོད་རྒྱུ་མེད་པར་བསམ། གང་ལགས་ཤེ་ན། རྒྱ་བོད་ལོ་རྒྱུས་དེབ་ཐེར་གང་དུའང་་ཤི་ཙང་(西 藏) ཞེས་པ་ནུབ་ཕྱོགས་ཀྱི་གཙང་བ་རྒྱལ་བོའི་མཚན་དང་འབྲེལ་བ་ཡོད་ཚུལ་དེ་འདྲ་གསལ་མེད་ལ། ཤི་ཙང་( 西 藏 ) ཞེས་པ་ནུབ་ཕྱོགས་ཀྱི་གཙང་བ་རྒྱལ་བོར་གོ་དགོས་ཞེས་རྡོ་རིང་ཡིག་ཆ་དང༌། མཁས་པའི་གསུང་རྒྱུན་སོགས་ཡིད་ཆེས་འཕེར་བའི་ལུང་དང་གཏན་ཚིགས་སྣེ་གཅིག་ཀྱང་མེད། ཅི་སྟེ་ནུབ་ཕྱོགས་ཀྱི་གཙང་བ་རྒྱལ་བོའི་མཚན་ལས་བྱུང་བར་ཆ་བཞག་ཀྱང༌། གཙང་བ་སྡེ་སྲིད་ན་རིམ་གྱི་སྐྱོང་ཡུལ་ནང་བོད་ཀྱི་ལྗོངས་ཆེན་གསུམ་ཡོངས་སུ་རྫོགས་པ་ཚུད་མེད་པས། དེས་ཀྱང་རྒྱུ་མཚན་ལྡན་པའི་གཏམ་ཞིག་མིན་པ་གསལ་བོ་ཆགས་ཡོད། ལར་ནས་རྒྱལ་བོའི་མཚན་མི་རིགས་ལ་ཐོགས་པ་དང༌། ས་ཆའི་མིང་རྒྱལ་བོར་ཐོགས་པ་སོགས་ཡོད་ཀྱང༌། སྐབས་སུ་བབས་པའི་རྩོད་གཞི་ཆོས་ཅན། ་་ཤི་ཙང་་西 藏 ཞེས་པ་འདི་གཙང་བ་རྒྱལ་བོའི་མཚན་ལས་བྱུང་བར་འདོད་པ་ནི། སྣ་འཐེན་ནས་ཁ་ནང་དུ་བསླེབ་རྒྱུའི་འབད་བརྩོན་བྱེད་པ་དང༌། གཡག་སྣ་ཁུ་ཚུར་གྱི་དཔེ་ལས་མ་འདས་སོ།།
འོ་ན། ་་ཤི་ཙང་་ ( 西 藏 )ཞེས་པ་དབུས་གཙང་གི་གཙང་ལས་བྱུང་བའི་ཁུངས་ལུང་རྒྱུ་མཚན་ཅི་ཡོད་དམ་ཞེ་ན། ཡོད་དེ། ༡༩༩༢ ལོའི་ཕྱི་ཟླ ༩ བར། པར་ཐེངས་གཉིས་པར་དཔར་དུ་བཏབ་པའི་་བོད་རང་སྐྱོང་ལྗོངས་་ (西 藏 自 治 區 ) ཀྱི་ས་ཁམས་་ཟེར་བ་དེབ་དེའི་ནང་། ་་ཤི་ཙང་་( 西 藏 ) གི་བྱུང་བ་བརྗོད་སྐབས་འདི་ལྟར་འདུག་སྟེ། ཤོག་གྲངས་གསུམ་པའི་གོང་ནས་མར་རྩིས་ཐིག་ཕྲེང་ ༡༨ པར། ཐུ་བྷོད་དར་བའི་རྩེ་མོར་སོན་ཡོད་པའི་སྐབས། རང་ས་་ཤི་ཙང་་( 西 藏 ) ལས་གཞན། ད་དུང་མཚོ་སྔོན་དང་ནུབ་ཁམས་ས་ཆའང་དབང་དུ་བྱས་ཡོད། ཅེས་གསལ་བ་ལས་་ཤི་་ཙངཞེས་པ་རང་སྐྱོང་ལྗོངས་ཁོ་ནར་མ་གཏོགས་བོད་ས་གཞན་ལ་མི་གོ་བ་གསལ་ཞིང༌།ཤོག་གྲངས་བཞི་བའི་གོང་ནས་མར་རྩིས་ཐིག་ཕྲེང་ ༡༠ བར། ་་ཤི་ཙང་་( 西 藏 ) ནི། ཆིང་རྒྱལ་རབས་མན་ཇུའི་སྐབས་གསར་གཏོད་བྱས་པ་ཞིག་དང༌། དེ་ཡང་བོད་རྒྱ་སྐད་ཡིག་གཉིས་ལས་གྲུབ་པ་སྟེ། ་་ཤི ་་西ནི་རྒྱ་ནག་སྐད་དུ་་ནུབ་་ཀྱི་དོན་དང༌། དེས་་ ཤི་ཙང་་西 藏 ས་ཁུལ་འདི་མེས་རྒྱལ་གྱི་ནུབ་ཕྱོགས་སུ་ཡོད་པ་བསྟན་ཞིང༌། ་་ཙང་་藏ནི་བོད་སྐད་དེ། དབུས་གཙང་གི་དབུས་གཡུགས་ནས། གཙང་སོར་བཞག་གི་སྔོན་དུ། ་་ཤི་་ཡིག 西 སྦྱར་བས་་ཤི་ཙང་་ 西 藏 ནུབ་གཙང་ཞེས་བྱུང་ངོ༌། ཞེས་གསལ་བོར་བྲིས་འདུག
དེ་ལྟར་ཡིན་ཚུལ་ལ། བོད་བཞུགས་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོས་ཀྱང༌། (གཤེགས་ཟིན།)་་་་་་་་་་་་་་་་་་་་་དཔེར་ན་བོད་ལ་མདོ་དབུས་གཙང་གསུམ་ཡོད་པའི་ནང་གི་གཙང་ཁོ་ནའི་སྒྲ་ལ་བརྟེན་ནས་དེང་སང་བོད་རིགས་ཐམས་ཅད་ལ་གཙང་གི་རིགས 藏 族 ཟེར་བ་ལྟར། ་་་་་་་ཞེས་ཧ་ཅང་གསལ་བོར་གསུངས་འདུག
ཡང་ ༡༩༩༨ ལོའི་<<རྩེར་སྙེག་>>དུས་དེབ་ཏུ། རྒྱ་ཡེ་ཕུན་ཚོགས་དང་གཟུངས་འདུས་སྐྱིད་གཉིས་ཀྱིས་བྲིས་པའི་དཔྱད་རྩོམ། ཁ་ཡིག་ལ་རྒྱའི་ཡིག་ཚགས་སུ་སྣང་བའི་བོད་མིའི་མཚན་གྱི་འདོགས་ལུགས་དང་དེ་དག་གི་ངོས་འཛིན་ཚུལ་མདོ་ཙམ་བརྗོད་པ། ཞེས་པའི་ཤོག་ངོས་ ༣༤ ཐིག་ཕྲེང་ ༡༨ པར། ཁང་ཤཱི་ཁྲི་ལོ་གཉིས་པའི་ཕྱི་ལོ་ ༡༦༦༣ ཡིག་ཚགས་སུ་ར་སྤྲོད་བྱེད་ཐུབ་སྟེ། 西 藏 班 禪 呼土地克圖﹐遺 官 致 祭 ནུབ་ཕྱོགས་གཙང་གི་པཎ་ཊི་ཏ་ཆེན་མོ་བདེ་བར་གཤེགས་པར་དྲན་གསོ་ཞུ་བར་མངགས་པའི་ཞུ་ཆེན་གྱི་བཀའ་བློན་ཞེས་མཐོང་དུ་ཡོད་ལ། ཞེས་དང༌། དེ་ནས་ཐིག་ཕྲེང་གཉིས་མར་བབས་མཚམས། ་་ཤི་ཙང་་ཟེར་བ་ཡུལ་མིང་སྟོན་པར་མཐོང་ཐུབ་སྟེ། དེ་སྔ་པཎ་ཆེན་གྱི་བཞུགས་གནས་གཙོ་བོ་གཙང་ས་ཁུལ་ལ་གོ་བ་ཡིན་ལ། དེའི་ཆབ་སྲིད་དང་ཆོས་ལུགས་ཀྱི་ལྟེ་བར་གཙང་བཀྲིས་ལྷུན་པོའམ་གཞིས་ཀ་རྩེ་ཞེས་དེང་སྐབས་ཀྱང་འབོད་བཞིན་མཆིས་སོ།། ཞེས་དང༌།
ཡང་དཔྱད་རྩོམ་དེའི་ཤོག་ངོས་ ༣༥ གོང་ནས་མར་ཐིག་ཕྲེང་ ༡༤ ་་ཤི་ཙང་་西藏 ཞེས་པ་ལས་ “ 西 ” ཤི་ནི་ནུབ་ཀྱི་ཕྱོགས་སྟོན་པའི་མིང་སྟེ་རྒྱའི་སྐད་དང༌། “ 藏” ཙང་་ཞེས་ཡུལ་སྟོན་པ་སྟེ། ནུབ་ཀྱི་ཕྱོགས་སུ་ཆིང་རྒྱལ་རབས་སྐབས་སུ་བོད་པའི་ས་འདི་མེས་རྒྱལ་གྱི་ནུབ་ཕྱོགས་ཙམ་དུ་མཆིས་ཕྱིར་དེ་ལྟར་བཏགས་པའོ།། གཙང་ཕྱོགས་ལ་་ཤི་ཙང་་西 藏 ཞེས་རྒྱ་བོད་སྐད་འདྲེས་མ་ཅན་དུ་བཏགས་པ་དང་། ཡུལ་དེར་འཚོ་བའི་མི་ལ་ ་་ ཤི་ཙང་བ་་ 西 藏人 ཞེས་བཏགས་པ་ཡིན་ནོ། རྗེས་སོར་་ཤི་ཙང་ 西藏་ཞེས་པའི་མིང་གི་གོ་དོན་རྒྱ་བསྐྱེད་དེ་རིམ་གྱིས་ཁ་བའི་ལྗོངས་སམ་དེང་གི་བོད་རང་སྐྱོང་ལྗོངས་ས་ཁུལ་ལ་གོ་ཞིང༌། ཆིང་རྒྱལ་རབས་ཁང་ཤཱི་ཁྲི་ལོ་དྲུག་ཅུ་བ་ནས་བཟུང་། ་་ཤི་ཙང་ 西 藏 ཞེས་པའི་ས་ཁྱོན་དེ་དེང་གི་གཙང་ས་ཁུལ་མ་ཟད་དབུས་ཕྱོགས་དང་ཁམས་ཕྱོགས་ཀྱི་ས་གནས་མང་ཙམ་ཞིག ་་ཤི་ཙང་་ 西 藏 གི་ཁོངས་སུ་འདུ་བའི་ས་ཁྱོན་གསར་དུ་བཅད་དོ།། ཞེས་་ཤི་ཙང་་ནི་ད་ལྟའི་་བོད་རང་སྐྱོང་ལྗོངས་་ཟེར་བ་དེ་དང་དེའི་ཁོངས་སུ་ཟླ་བསྒྲིལ་བའི་ཆབ་མདོཙམ་ལ་མ་གཏོགས་གོ་མི་ནུས་པ་ཤིན་ཏུ་གསལ།
ཉེ་ཆར་གློག་པྲའི་དྲ་རྒྱ་ལས་འབྱོར་བའི་རྒྱ་མི་མཁས་པ་ཁྲིན་ཆེན་ཡུན་གྱིས་བྲིས་པའི་དཔྱད་རྩོམ། ཁ་ཡིག་ལ་རྒྱ་ནག་སྐད་དུ་་ཤི་ཙང་་ 西 藏 ཟེར་བའི་ཐ་སྙད་ཀྱི་བྱུང་བ་མདོར་ཙམ་བརྗོད་པ། ཞེས་པའི་ནང་། ་་ཤི་ཙང་་ 西 藏ཞེས་པ་དབུས་གཙང་ཁོ་ན་ལས། བོད་ཁམས་ཡོངས་ལ་ཁྱབ་མི་ཐུབ་པའི་ར་སྤྲོད་གསལ་བོ་དེ་ལྷག་མེད་པ་ཞིག་བྱས་འདུག་པ་ལས། ཚིག་ཕྲེང་ཁ་ཤས་དྲངས་ན་འདི་ལྟར། ཤོག་ངོས་དང་བོའི་ཡིག་ཕྲེང་དང་བོར། དེང་སང་རྒྱ་ནག་སྐད་དུ་ 西 藏 ) ཤི་ཙང་་ བོད་སྐད་དུ། bod-jongཞེས་པའི་ཐ་སྙད་འདི་ནི། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཤིག་ལ་གོ་ཞིང༌། དེ་ནི་ཧ་ལམ་ཞིང་ཆེན་རིམ་པ་དང་འདྲ་བའི་རང་སྐྱོང་ས་ཁུལ་ཞིག་དང༌། དེའི་མིང་ཆ་ཚང་ལ་་ཤི་ཙང་་ 西 藏་་རང་སྐྱོང་ལྗོངས་་དང་། བོད་སྐད་དུ་bod-rang-skyong-ljongཟེར། སྐབས་རེར་བསྡུས་མིང་ལ། 西 藏 ) ཤི་ཙང་་ bod-Ljongཞེས་བརྗོད། ་་ཤི་ཙང་་ 西 藏 རང་སྐྱོང་ལྗོངས་ཀྱི་ས་རྒྱ་ཆེ་ཆུང་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་གཉིས། བོད་ས་ཡོངས་ལ་ས་ཡ་གཉིས་དང་འབུམ་ལྔ་ལྷག་ཡོད་པར་ཚད་འཛིན་བྱེད། རྩོམ་མཁན་གྱི་མཆན། མི་འབོར་ས་ཡ་གཉིས་དང་ཉིས་འབུམ་བརྒྱད་ཁྲི་བརྒྱད་སྟོང་བརྒྱད་བརྒྱ། ལྗོངས་ཆེན་གསུམ་པོར་བསྡོམས་ས་ཡ་དྲུག་ལྷག་ཡོད་པར་བཞེད། རྩོམ་མཁན་གྱི་མཆན། རང་སྐྱོང་ལྗོངས་ཡོངས་ལ། ཏིས་རིམ་པའི་གྲོང་ཁྱེར་གཅིག་སྟེ་ལྷ་ས་གྲོང་ཁྱེར་དང༌། ཀྲོན་ཆུས་དྲུག་སྟེ། གཞིས་ཀ་རྩེ། མངའ་རིས། ནག་ཆུ། ཉིང་ཁྲི། ཆབ་མདོ། ལྷོ་ཁ་བཅས་ཡིན་ཞིང༌། རང་སྐྱོང་ལྗོངས་ལ་རྫོང་རིམ་པའི་གྲོང་ཁྱེར་གཅིག་ཡོད་པ་ནི་གཞིས་ཀ་རྩེ་གྲོང་ཁྱེར་ཡིན་ལ། ལྗོངས་ཡོངས་ལ་རྫོང་ཁག ༧༡ དང༌། རྫོང་རིམ་པའི་ཁྲེང་ཀོན་ཆུས་གཅིག་དང༌། ཤང་ ༨༩༩ ཀྲིན་ ༣༡ ཡོད། རང་སྐྱོང་ལྗོངས་ཀྱི་ལྟེ་གནས་ལྷ་ས་ཡིན། ཞེས་དང༌། ཡང་དཔྱད་རྩོམ་འདིའི་ཤོག་ངོས་བཞི་བའི་མགོར། ་་་་་་་་་་་་་་་་་་་་་་་་་་་མན་ཇུའི་དམག་གིས་བོད་དུ་ཡོད་པའི་ཇུན་གར་བཙན་འཛུལ་དམག་མཐར་བསྐྲད་རྗེས། གོང་མ་ཁང་ཤཱི་ནས་<< ཤི་ཙང་ 西 藏 བདེ་ཐབས་རྡོ་རིང་ཡི་གེ>> བྲིས་ཡོད་པའི་ནང༌། ་་ཤི་ཙང་་ 西 藏ཞེས་འཁོད་ཡོད་པ་དེ་ནས་བཟུང་ལྷ་ས་གཙོ་བོར་གྱུར་བའི་དབུས་གཙང་ས་ཁུལ་གྱི་མིང་དུ། ་་ཤི་ཙང 西 藏 ) གི་ཐ་སྙད་དངོས་སུ་ཐོགས། ཞེས་དང༌། དེའི་ཡིག་ཕྲེང་ ༡༥ བར། ་་་་་་་་་་་་་་་་་་་་་་་་་་་་་་གོང་མ་ཁང་ཤཱི་ནས་ ་་ཤི་ཙང་་ དང་། ་་ཟི་ཁྲོན་་གྱི་བོད་ས་ཚང་མར། ་་ཤི་ཏིས་་ 西 地 ནུབ་ཡུལ་དུ་འབོད་པ་ཤེས་ནུས་ཤིང༌། བོད་སྐད་དུ། དབུས་གཙང་ ཟེར་བའི་ དབུས ཀྱི་སྒྲ་དེ་མན་ཇུའི་སྐད་ཀྱི་ནུབ་ཕྱོགས་སམ་ནུབ་ཕྱོགས་ཀྱི་ཞེས་པའི་དོན་སྟོན་པའི་(wargi) ཟེར་བའི་ཐ་སྙད་དང་སྒྲ་གདངས་ཉེ་ཁར། དབུས་གཙང་ས་ཁུལ་དེ། ་་ ཀྲུང་གོའི ་་ལྷོ་ནུབ་རྒྱུད་དུ་ཡོད་སྟབས། ་་དབུས་གཙང་་ ཞེས་པ་ཐོག་མར་མན་ཇུའི་སྐད་དུ་འགྱུར་སྐབས། wargi Dzang སྟེ། ་་ནུབ་ཕྱོགས་ཀྱི་གཙང་་ ཞེས་འགྱུར་ཞིང༌། དེ་མན་ཇུའི་སྐད་ནས་ཕར་རྒྱ་ནག་གི་སྐད་དུ་འགྱུར་སྐབས། དེང་སྐབས་རྒྱུན་སྤྱོད་ཀྱི་་ཤི་ཙང་་ 西 藏 ཞེས་པ་བྱུང་བ་འདྲ་སྟེ། <<མན་རྒྱ་ཚིག་མཛོད་ཆེན་མོའི་>> ནང༌། ་་ཤི་ཙང་་ 西 藏 ཞེས་པའི་ཐ་སྙད་ལ། མན་ཇུའི་སྐད་དུ་ wargi tsang དང༌། ་་ཤི་ཁྲིན་་ 西 城 ལ་མན་ཇུའི་སྐད་དུ། wargi hencer ཏེ། ནུབ་ཕྱོགས་ཀྱི་མཁར་ཞེས་པའི་དོན་དང༌། ་་ཤི་ཡུ ་་ 西 域 ལ་wargi pa སྟེ། ་་ནུབ་ཕྱོགས་ཀྱི་ས་ཆ་་ ཞེས་པར་གོ། འདི་ནི་་ཤི་ཙང་་( 西 藏ཞེས་པའི་ཐ་སྙད་ཁྱད་མཚར་དེ་ཇི་ལྟར་བྱུང་བའི་ཚུལ་དང་། ཐ་སྙད་དེའི་ཁྱབ་ཚད་དང་གོ་དོན་ཅི་ཡིན་གྱི་གཞི་འཛིན་ས་དང་འགྲེལ་བརྗོད་ཤིན་དུ་གསལ་བོ་ཞིག་ཏུ་འཁུམས་ཏེ། ཁྲིན་ཆེན་ཡུན་གྱི་དཔྱད་རྩོམ་དེར་མུ་མཐུད་དུ་གསེད་འགྲེལ་བྱས་ཡོད་པ་གཤམ་གསལ།
ཤོག་ངོས་བཞི་བའི་མཇུག་ཏུ་མན་ཇུའི་སྐད་ཀྱི་ཚིག་ཕྲེང་ཁ་ཤས་བཀོད་ནས། ་་་་་་་་་་་་་་་་་་་་་་་་་་་་་་གོང་དུ་ ་ཤི་ཙང་་ 西 藏 ཞེས་ཐེངས་གཉིས་བྱུང་བ་གཉིས་ཀར། མན་ཇུའི་སྐད་དུ་ wargi dzang སྟེ། ་་ནུབ་ཕྱོགས་ཀྱི་གཙང་་ ཞེས་བྲིས་འདུག་པ་འདི་ལས། མན་ཇུའི་རྒྱལ་བློན་ཚོས་ 烏 斯 藏 དབུས་གཙང་་ཞེས་པ་ནུབ་ཕྱོགས་ཀྱི་གཙང་དུ་གོ་བ་བླངས་ནས། wargi dzang ཞེས་འབོད་པ་དང༌། འབོད་ཚུལ་དེ་རྒྱ་ནག་སྐད་དུ་འགྱུར་སྐབས་། ་་ཤི་ཙང་西 藏 ་་ནུབ་གཙང ་་ཞེས་བསྒྱུར་བར་རིགས་པས་དཔྱད་བཟོད་ལ། དེ་ལྟར་ད་གཟོད་རྒྱ་ནག་སྐད་ཀྱི་་ཤི་ཙང་་ཞེས་པའི་ས་མིང་དེ་བྱུང་བར་བརྗོད་པ་ཡིན་ན། ཕལ་ཆེར་ཅུང་ཟད་ལུགས་དང་མཐུན་པའི་འགྲེལ་བརྗོད་ཅིག་རེད་སྙམ། ཞེས་དང༌། ཤོག་གྲངས་ལྔ་བའི་ཡིག་ཕྲེང་ ༡༩ བར། རྩོམ་པ་པོས་མུ་མཐུད་དུ་བརྗོད་དོན། ་་་་་་་་་་་་་་་་་་་་ང་ཚོས་ཚོད་དཔག་ཅིག་བྱས་པ་ཡིན་ན། གལ་ཏེ་མན་ཇུའི་སྐབས་སུ། ་་ཤི་ཙང་་ གིས། ་་དབུས་གཙང་་གི་ཚབ་བྱས་མེད་པ་ཡིན་ན། བོད་རིགས་ལ་吐 蕃 ་་ཐུ་བྷོད་་དང༌། 西 蕃 ་་ཤི་ཕན་་ 圖 伯 忒 ཐུ་པེ་ཐེ 土 伯 特 ཐུ་པོ་ཐེ་བཅས་ཀྱི་འབོད་ཚུལ་མུ་མཐུད་དུ་གནས་དགོས་ལ། མཱིང་གོའི་སྐབས་སུ་ཕལ་ཆེར་蕃族 པོ་ཙོའུདང༌། 土 伯 特 族 ཐུ་པོ་ཐེ་ཙོའུཞེས་འབོད་སྲིད་སྟབས། སྤྱིར་བཏང་གི་མིང་འདོགས་སྲོལ་ལྟར་བྱས་ན། དེང་གི西 藏 自 治 區 ནུབ་གཙང་རང་སྐྱོང་ལྗོངས་ལ་ཕལ་ཆེར་烏 斯 藏 蕃 族 自 治 區 或 衛 藏 蕃 族 自 治 區དབུས་གཙང་བོད་རིགས་རང་སྐྱོང་ལྗོངས་སམ། 烏 斯 藏 土 伯 特 族 自 治區 དབུས་གཙང་ཐུ་པེ་ཐེ་རིགས་རང་སྐྱོང་ལྗོངས་ཞེས་འབོད་སྲིད་པ་ཡིན། ཞེས་བྲིས་འདུག
གོང་གསལ་ལ་སྡོམ་ཆུང་ཞིབ་བརྒྱབ་པ་ཡིན་ན། ་་ཤི་ཙང་་西 藏 ཞེས་པ་རྒྱ་བོད་སྐད་གཉིས་འདྲེས་མའི་ཐ་སྙད་ཅིག་ཡིན་པ་དང༌། དེ་ཡང་རྒྱ་སྐད་དུ། ་་ཤི་་西 ཞེས་པའང་། སྐབས་དེའི་མན་ཇུའི་སྐད་དུ་ནུབ་ཕྱོགས་ལ་ wargi ཞེས་འབོད་པའི་དོན་འགྱུར་དང༌། wargi ཞེས་པ་དེ་རང་རེའི་བོད་སྐད་དུ། དབུས་གཙང་ ཞེས་པའི་་དབུས་་ ཀྱི་སྒྲ་འགྱུར་ལས་བྱུང་བའི་ངེས་པ་རྙེད་ཐུབ་ཅིང༌། གལ་ཏེ་བོད་སྐད་ཀྱི་དབུས་ཀྱི་སྒྲ་དེ་མན་ཇུའི་སྐད་དུ་ wargi ལ་གྱུར་རྗེས། དེ་རྒྱ་ནག་སྐད་དུ་འགྱུར་སྐབས་ wargi ཡི་དོན་མ་འགྱུར་བར། སྒྲ་བསྒྱུར་གྱིས་རང་འཇགས་དབུས་ཀྱི་སྒྲ་དོད། “衛 ” (ཝེ་བསླེབས་ཡོད་ན། ་་དབུས་གཙང་་ ཞེས་ཆགས་རྒྱུ་ཡིན་སྟབས། དེང་སང་གི་མགོ་ཉོག་ལུང་བ་གང་བོ་ཡོང་ཡེ་མེད་པ་ཡིན། སྒྲ་འགྱུར་དང་དོན་འགྱུར་བར་གྱི་རྙོག་དྲ་ཞིག་ཡིན་པར་ཆ་བཞག་ཀྱང༌། ་་་་་ཤི་ཙང་་ཞེས་པ་གསར་དུ་བཟོས་པ་ལ་བརྟེན་ནས། རང་རེའི་བོད་རྒྱལ་ཁབ་ཀྱི་དབང་ལུང་ངམ་དབང་ཐང་དང༌། མངའ་རིས་ས་ཁོངས་གཅིག་གྱུར་ལ་གནོད་སྐྱོན་ཅི་ཙམ་བཟོས་ཡོད་མེད་གོང་དུ་བརྗོད་ཟིན་པ་ལྟར་རོ།། ཀྲུང་དབྱང་དང་ས་གནས་ཞེས་པའི་སྐོར།
ཤིན་ཅང་新 疆 ཞེས་པ་རྒྱ་སྐད་གཙང་མ་ཡིན་ཏེ། ་་ཤིན་་新 ནི། གསར་བའི་དོན་དང༌། ་་ཅང་་ ( 疆 ) ནི་མཐའ་མཚམས་སམ་རྒྱལ་མཚམས་ཀྱི་དོན་ཡིན། ་་ཤིན་ཅང་་新 疆 གི་དོན་འགྱུར་ནི། རྒྱལ་མཚམས་སམ་མཐའ་མཚམས་གསར་བ་ཞེས་པའི་དོན་ཡིན་ལ། དེ་ཡང་རྒྱ་ནག་གི་མཐའ་མཚམས་སམ་རྒྱལ་མཚམས་གསར་བ་ལ་གོ་འགྲོ་བ་ཞིག་བཟོས་ཡོད། འོན་ཀྱང་ཡུལ་དེའི་བདག་པོ་ངོ་མ་ཡུ་གུར་བ་ཚོས་རང་ཡུལ་གྱི་མིང་ལ་ཤར་ཐུར་ཁི་སི་ཐན་東 土 耳 其 斯 坦 ﹐簡 稱“ 東 土 ” ཞེས་འབོད་ཀྱིན་ཡོད་པར་བརྟེན། དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འདོན་འགྲེམ་བྱེད་པའི་རྒྱ་ཡིག་གི་གསར་ཤོག་དུས་དེབ་མང་ཆེ་བར་ཤར་ཐུར་ཁི་སི་ཐན་ ཞེས་འབོད་པ་ལས་་ཤིན་ཅང་་བྲིས་པ་ཉུང་ཉུང་རེད། ཡིན་ནའང་ང་ཚོས་ད་བར་རྩ་དོན་ཐོག་མཁྲེགས་འཛིན་གནང་མ་ཐུབ་པར་བརྟེན། བཙན་བྱོལ་གཞུང་གི་ཡིག་ཆ་དང༌། ནུབ་ཕྱོགས་ཡུལ་ཁག་ཏུ་ཡོད་པའི་རྒྱ་མིའི་གསར་ཤོག་སོགས་གང་སར་ད་དུང་ཡང་་ཤི་ཙང་་西 藏 གིས་ཁེངས་ཏེ། ཐུ་བྷོད“ 博 或 圖 博 ” འབྲི་སྤྱོད་བྱེད་ཐུབ་མེད་པ་ནི། རང་ཉིད་ཐེ་བའི་བོད་མི་རྒྱ་ཡིག་ཤེས་མཁན་ཚོའི་ངོ་ཚ་དང་མཚང་དུ་ཆེ་ལ། དེ་བས་ཀྱང་སེམས་ཀྱིས་མི་བཟོད་པ་ནི་བོད་དོན་ཐད་གྱོང་ཆེན་པོ་ཞིག་ཕོག་དང་ཕོག་བཞིན་པ་དེ་ཡིན།
་་ཤི་ཙང་་西 藏 དང་། ་་ཤིན་ཅང་་新 疆 གཉིས་ཀྱི་བར་ལ་འདྲ་ས་དང་། མི་འདྲ་ས་གཉིས་ཀ་ཡོད་དེ། འདྲ་ས་ནི་ཐ་སྙད་དེ་གཉིས་ཀས་རྒྱལ་ཁབ་མི་འདྲ་བ་གཉིས་ཡིན་པའི་ངོ་བོ་དང་གོ་ས་མེད་པར་བཟོས་པ་སྟེ། དབང་ལུང་འཕྲོགས་ཟིན་པའི་ཆ་ནས་འདྲ་བ་དང༌། མི་འདྲ་ས་ནི། ་་ཤིན་ཅང་་ དང༌། ་་ཤར་ཐུར་ཁི་སི་ཐན་་གང་བརྗོད་རུང་། དེས་བསྟན་ཡུལ་རྒྱལ་ཁབ་བམ་ཡུལ་གྱི་མངའ་ཁོངས་ལ་ཆེ་ཆུང་གི་ཁྱད་པར་མི་འགྲོ་བ་དང༌། ་་ཤི་ཙང་་ དང་། ་་ཐུ་བྷོད་་ གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བ་ནི། ་་ཤི་ཙང་་西 藏 གིས་ནུབ་གཙང་ངམ་དབུས་གཙང་སྟེ། བོད་ཀྱི་ལྗོངས་ཆེན་གསུམ་གྱི་ཡ་གྱལ། དབུས་གཙང་ཁོ་ན་ལས་སྟོན་མི་ཐུབ་པ་དང༌། ཐུ་བྷོད་圖 博 ཀྱིས། བོད་ཀྱི་ལྗོངས་ཆེན་གསུམ་སྤྱི་ལ་ཁྱབ་པར་མ་ཟད། ཐུ་བྷོད་圖 博 དེ་རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་མུ་མཐུད་དུ་སྲུང་འཛིན་བྱས་ཡོད་པས་གནམ་སའི་ཁྱད་པར་ཡོད་དོ།།
ཡང་ཀོ་རི་ཡ་ལྟ་བུ་ལ་མཚོན་ན། རྒྱ་དམར་གྱིས་་ཁྲའོ་ཤན་་朝 鮮 དང་ཕྱི་གླིང་བས་་ཀོ་རི་ཡ་་高 麗 ཐེ་ཝན་དང་ཧོང་ཀོང་སོགས་སུ་་ཧན་གོ་་韓 國 ཞེས་འབོད་ཚུལ་མི་འདྲ་བ་དུ་མ་མཆིས་ཀྱང༌། རྒྱལ་ཁབ་དེའི་བདག་དབང་དང་མངའ་ཁོངས་ཆེ་ཆུང་ལ་ཁྱད་པར་ཅི་ཡང་མི་འགྲོ་བ་ཡིན།
་་ཀྲུང་གོ་་中 國 ཞེས་པའི་ཐ་སྙད་འདི་གསར་བྱུང་ཞིག་མིན་པར། ད་ནས་མི་ལོ་སུམ་སྟོང་ལྷག་གི་གོང་ནས་འབོད་སྲོལ་འདི་ཡོད་པ་འདྲ་སྟེ། འོན་ཀྱང་ཐོག་མའི་ཆར་ཐ་སྙད་དེའི་གོ་དོན་ནི་རྒྱ་ནག་གི་རྒྱལ་སའམ་གྲོང་ཁྱེར་བྱེ་བྲག་པ་ཞིག་ཁོ་ན་ལས། དེང་གི་བསྟན་དོན་ལྡན་པའི་རྒྱལ་ཁབ་ཅིག་ལ་གོ་མི་ནུས། རྒྱ་ནག་གི་སྔ་མོའི་རྒྱལ་རབས་ཁྲུན་ཆིའུ་ཀྲན་གོའི་སྐབས་སུ། རྒྱ་ནག་རང་གི་མི་རིགས་ལས་གཞན་དུ་གྱུར་པའི་རིགས་རྣམས་ལ། ཤར་གྱི་དབྱིས་ 夷 དང་ལྷོའི་མཱན蠻 ནུབ་ཀྱི་རོང༌།戎 བྱང་གི་ཏེས邸 ། ཞེས་འབོད་ཅིང༌། དེ་དག་ཐམས་ཅད་ཀྱི་སྤྱི་མིང་ལ་番 ཕན 番族 ཕན་རིགས་ཞེས་འབོད་པ་རྒྱའི་དེབ་ཐེར་དུ་གསལ། “吐 蕃 ” 的 真 正 意 思 就 是 ﹐一看見 就 惡 心 的 想 吐 出 來 的 不 文 明 的 野 蠻 族 裔 དེའི་གོ་དོན་ནི་ཤེས་རིག་མ་དར་བའི་སྤྱོད་རྩིང་ཀླ་ཀློའི་མི་རིགས་ཏེ། ཤིན་ཏུ་མཐོང་ཆུང་གི་འབོད་ཚུལ་ཞིག་དང༌། ་་ཀྲུང་གོ ་་ ཞེས་པའི་གོ་དོན་ནི། དབུས་གྱུར་མཛེས་པའི་རྒྱལ་ཁབ ཅེས་པ་ཡིན་ཏེ། ་་ཀྲུང་་ནི་དབུས་སམ་དཀྱིལ་དང༌། ་་གོ་་ནི་རྒྱལ་ཁབ་ཀྱི་དོན་དུ་གོ་བ་ཡིན། དེར་བརྟེན། རྒྱ་དམར་བོད་ལ་བཙན་གྱིས་འཛུལ་ཏེ། ཁྲིམས་འགལ་གྱིས་དབང་དུ་བསྒྱུར་མ་ཐག་པའི་ལོ་ཤས་རིང༌། བཙན་དབང་འོག་ཏུ་ཚུད་པའི་སྐབས་དེའི་བོད་ཀྱི་མཁས་པ་ཚོས་་ ཀྲུང་གོ་་ ཞེས་པའི་ཚབ་ཏུ་དཔལ་དཀྱིལ་འབངས་མིའི་སྤྱི་མཐུན་རྒྱལ་ཁབ་ ཅེས་འགྱུར་མྱོང་ཡོད་པ། ཕྱི་ལུགས་ལོ་རབས་ལྔ་བཅུ་བའི་བོད་ཡིག་ཚགས་པར་དང་ཡིག་ཆ་ལས་ཕྲན་གྱིས་མཐོང་མྱོང༌།
སོག་ཡུལ་ཕྱི་ནང་གཉིས་ཀས་རྒྱ་ནག་ལ་སྐྱ་ཏད་ KHYATAD ཅེས་སྔར་ནས་ད་བར་འབོད་བཞིན་འདུག་ལ། ལྷག་པར་དུ་རྒྱ་དམར་གྱི་བཙན་འོག་ཏུ་ཡོད་པའི་སོག་པོ་ཚོས་སྔར་སྲོལ་མཁྲེགས་འཛིན་གྱིས་ལོ་རྒྱུས་སུ་རྒྱ་ནག་ལ་སྐྱ་ཏད་ KHYATAD ཅེས་འབོད་པ་དེར་འགྱུར་བ་གཏན་ནས་མ་བཏང་བར་གསར་ཤོག་དང་རླུང་འཕྲིན། བརྙན་འཕྲིན་ཚང་མར་འབྲི་རྗོད་བྱས་དང་བྱེད་བཞིན་པ་ལས། ཀྲུང་གོ་ཞེས་པ་ཁས་ལེན་བྱས་མེད་པ་ནི་བསྔགས་འོས་སུ་ཆེ་ལ། གཞིས་ལུས་བོད་མི་མཁས་པ་ཚོས། རྒྱ་ནག གི་ཚབ་ཏུ་་ཀྲུང་གོ་་ཞེས་འབྲི་རྗོད་བྱ་དགོས་བྱུང་བ་ནི་བློ་ཕམ་གྱི་གནས་ལས་མ་འདས་སོ།།
སྔར་ཆོས་རྒྱལ་ཚོའི་སྐབས་ལ། ཤར་ཐུར་ཁི་སི་ཐན་ནམ་ལི་ཡུལ་ཡང་བོད་ཀྱིས་བཟུང་ཚུལ་ལོ་རྒྱུས་དེབ་ཐེར་དང༌། ཏིན་ཧོང་གི་ཡིག་ཆར་གསལ་ཞིང༌། བོད་མིས་ལི་ཡུལ་ལམ་ཡུལ་ལི་ཞེས་འབོད༌། དེང་སང་ཡུལ་དེའི་བདག་པོ་ཚོས་ཤར་ཐུར་ཁི་སི་ཐན་དང༌། རང་ཉིད་ལ་ཡུ་གུར裕 谷 རིགས་སུ་འབོད། ལི་ཡུལ་མཐོང་ཁྱབ་ཁྲི་སྡེ་ལྔ་བཟོས་པ། བྱང་མི་ལྷོ་ལ་བསྐྱལ། ལྷོ་མི་བྱང་ལ་བསྐྱལ། བལ་བོ་རྣམས་ལི་ཡུལ་དུ་བསྐྱལ་སྐབས། ལི་ཡུལ་བ་ཚོས་མཐོང་ཆུང་བྱས་ཏེ་གཉེན་དུ་སྡེབ་མི་འཇུག་པ་སོགས་བྱུང་སྐབས། བལ་བོ་ཚོས་བོད་ཀྱི་མདའ་དཔོན་ཆེན་པོར་ཞུས་ནས། བཀའ་ཤོག་གནང་ཡོད། ཞེས་དེབ་དཀར་དུ་གསལ། མཚོ་སྔོན་ཕྱོགས་སུ་་མཱ་ཕུ་ཧྥང་་ཁྱིམ་རྒྱུད་ཀྱིས་དུས་ཡུན་་མི་ལོ་ཞེ་བརྒྱད་ཙམ་་གང་འཚམས་རིང་བཙན་གྱིས་བཟུང་བ་ནང་བཞིན། ཡུལ་དེར་ཡང་་盛世才 ཧྲིན་ཧྲི་ཚེ་་ ཞེས་པའི་དམག་ཤེད་ཅན་གྱིས་བཟུང་མྱོང་བ་དང༌། དེའི་ཡར་སྔོན་ལ་ཁྲིམས་འགོ་རང་བཙན་ལྟ་བུར་གནས་ཡོད།
རང་རེའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་གནའ་ནས་ད་བར་དུ་རྒྱ་ནག་ཅེས་པའི་འབོད་ཚུལ་འདིར་འགྱུར་བ་ཕྱིན་མེད་པར་རང་སོར་གནས་ལ། ཆོས་རྒྱལ་ཚོའི་སྐུ་དུས་ཀྱི་ཡིག་ཆ་འགའ་ཞིག་མ་ཧཱ་ཙི་ན་དང༌། རྒྱ་ནག་སྟོང་ཁུན་རྒྱལ་བོ་ཞེས་པའི་ཆེ་བསྟོད་ལྟ་བུའི་འབོད་ཚུལ་མི་འདྲ་བ་འགའ་ཡོད་ཀྱང་དོན་ལ་འགྱུར་བ་མེད་དེ། མ་ཧཱ་ ནི་ལེགས་སྦྱར་སྐད་དེ་ཆེན་པོ་དང༌། ཙི་ན་ནི་རྒྱ་ནག་གི་སྔ་རབས་ཅིན་ཞེས་པའི་སྒྲ་ཟུར་ཆག་པ་ཡིན་ལ། སྟོང་ཁུན་ནི་་ཀྲུང་གོ་་ ཡི་སྒྲ་ཟུར་ཆག་པར་སྙམ་ཡང་ཁུངས་ལྡན་ཡིག་ཆ་མ་མཐོང་ངོ༌།།
གོང་གསལ་ལས་ང་ཚོས་གསལ་བོར་མཐོང་ཐུབ་པ་ནི། བོད་རང་གི་སྐད་དུ་བོད་དང་རྒྱ་ནག་ཅེས་བརྗོད་སྐབས། དེ་གཉིས་རྒྱལ་ཁབ་མི་འདྲ་བ་གཉིས་ཡིན་པ་ལས་གཅིག་འོག་གཅིག་འདུས་ཀྱི་འབྲེལ་བ་གཏན་ནས་མེད་པ་དེ་ཡིན། ཕྱོགས་མཚུངས་རྒྱ་ནག་སྐད་དུ་བོད་ལ་ཐུ་བྷོདདང༌། རྒྱ་ནག་རང་གི་མིང་ལ་ཀྲུང་གོ ཞེས་བརྗོད་ན་དེ་གཉིས་རྒྱལ་ཁབ་ཐ་དད་སོ་སོ་གཉིས་ཡིན་པ་ཚེགས་མེད་དུ་སྟོན་ཐུབ། འོན་ཀྱང་བོད་སྐད་དུ་རྒྱ་ནག་གི་བོད་ཅེས་བརྗོད་སྐབས། འགྲེལ་བཤད་ཇི་ལྟར་བརྒྱབ་རུང་རྒྱ་ནག་དང་བོད་གཉིས་ཀྱི་བར་དེར་འབྲེལ་སྒྲ་ཞིག་ཡོང་མི་ཤེས་ལ། རྒྱ་སྐད་དུ། 中 國 圖 博 ཞེས་བརྗོད་ཀྱང༌། ་་ཀྲུང་གོ་་ ནི་་ ཀྲུང་གོ་་ དང༌། ་་ཐུ་བྷོད་་ ནི། ་་ཐུ་བྷོད” རང་ཡིན་པ་ལས། ་་ཀྲུང་གོའི་བོད་དམ་ཐུ་བྷོད་་ ཅེས་བཙན་གྱིས་སྦྱར་ཡང་དོན་ལ་དབབ་པར་མི་འགྱུར། དེང་སང་རྒྱ་དམར་གྱིས་བཏོན་པའི་བོད་འབྲེལ་ཡིག་ཆ་ཚང་མར། ཀྲུང་གོའི་བོད་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས ཀྲུང་གོའི་བོད་རིགས ཞེས་ཁ་གཅིག་གྲགས་ཀྱིས་འབྲི་སྤྱོད་བྱས་དང་བྱེད་མུས་ལ། ང་ཚོས་ཞིབ་ཏུ་དཔྱད་སྐབས། དེའི་རྒྱབ་ཀྱི་ངན་མཚང་རྗེན་པར་མཐོང་ཐུབ་སྟེ། རང་རེའི་བོད་སྐད་ནང་རྒྱ་ནག་གི་བོད་ཅེས་བརྗོད་ན། བོད་མི་ཚོའི་སྲོལ་རྒྱུན་གྱི་བསམ་བློའི་ནང༌། རྒྱ་དང་བོད་གཉིས་ཁ་ཁ་སོ་སོ་ཡིན་པ་ཤིན་ཏུ་གསལ་ཞིང་མཁྲེགས་པོར་རང་ཆས་སུ་ཡོད་སྟབས། བོད་མི་ཚོས་ཁས་ལེན་དཀའ་བ་ཤེས་ནས། དེ་མ་ཐག་མགོ་བདེ་དྲན་འཕྲུལ་གྱིས་བོད་མི་རྣམས་ལ་སྔ་མོ་ནས་ཆ་རྒྱུས་ཡོད་པའི་རྒྱ་ནག་ཅེས་པའི་འབོད་ཚུལ་དེ་གཡུགས་ནས་དེའི་ཚབ་ཏུ་ཀྲུང་གོ་ཞེས་པའི་འབོད་ཚུལ་གསར་བ་ཞིག་བཟོས་ཏེ། ཐ་སྙད་་ཆོ་འཕྲུལ་་ལ་བརྟེན་ནས་བོད་མིའི་མགོ་བོ་རྨོངས་སུ་འཇུག་རྒྱུའི་རེ་ངན་བཅངས། རྒྱ་ནག་ལ་ཀྲུང་གོ་ཞེས་པའི་འབོད་ཚུལ་འདི་རྒྱ་ནག་རང་གི་སྐད་དུ་གནའ་སྔ་མོ་ནས་ཡོད་བཞིན་པ་ཞིག་ཡིན་པ་གོང་ཞུས་ལྟར་དང༌། ཀྲུང་གོ་ཞེས་པའི་སྒྲ་ཟུར་མ་ཉམས་པར་བོད་སྐད་དུ་བཅུག་ནས། བོད་རང་གིས་ལོ་རྒྱུས་སུ་ལོ་ངོ་སྟོང་ཕྲག་རིང་རྒྱ་ནག་ཅེས་འབོད་པའི་ཐ་སྙད་ཀྱི་ཚབ་བྱས་ཏེ། རྒྱ་ནག་ ཅེས་པ་བོད་སྐད་ནས་བཏོན་པ་ནི༌། རྒྱ་དམར་གྱི་ངན་ཇུས་འབའ་ཞིག་ཡིན། རྒྱ་ནག་སྐད་དུ ་ཀྲུང་གོའི་ཐུ་བྷོད་དམ་བོད་ ཅེས་སྒྲ་ཟུར་མ་ཉམས་པར་འཇོག་མི་དགོས་པར་ངེས་པར་དུ་ཀྲུང་གོ་ཤི་ཙང་ ཞེས་འབྲི་དགོས་པ་དང༌། བོད་སྐད་ནང་རྒྱ་ནག་ལ་རྒྱ་ནག་ ཅེས་འབོད་མི་ཆོག་པར་ཡིན་གཅིག་མིན་གཉིས་་ཀྲུང་གོའི་བོད་་ ཅེས་འབྲི་དགོས་དོན་ཅི་ཡིན་ནམ། དེ་ཙམ་དུ་མ་ཟད། རྒྱ་དམར་གྱིས་ཕྱི་གླིང་བས་རྒྱ་ནག་ལ་ China ཞེས་འབོད་པ་དེར་ཡང་འགྱུར་བ་བཏང་ནས་ Zhongo ཞེས་འབྲི་སྤྱོད་དགོས་པའི་བསམ་ཚུལ་བཏོན་རབས་འདུག་ཀྱང༌། ཕྱི་གླིང་བ་ཚོར་རྒྱ་མིའི་ཧམ་བཤད་དེ་རིགས་འགྲོ་ས་མེད་སྟབས། ལོ་རྒྱུས་སུ་ཇི་སྐད་འབོད་པ་དེ་བཞིན་དུ་ད་དུང་ཡང་China ལ་འགྱུར་བ་ཕྱིན་མེད། འོན་ཀྱང་བོད་མི་རྣམས་རྒྱ་དམར་གྱི་དབང་འོག་ཏུ་ཡོངས་སུ་ཚུད་ཡོད་སྟབས། རྒྱ་ནག་གི་ཚབ་ཏུ་ཀྲུང་གོ འབྲི་སྤྱོད་མི་བྱེད་ཀ་མེད་ལྟ་བུ་རེད།
རྣམ་དཔྱོད་ལྡན་པའི་བོད་མི་ཞིག་ཡིན་ན། གོང་གསལ་་ཐ་སྙད་ཆོ་འཕྲུལ་་文 字 游 戲 འདི་ལས་གོ་བརྡ་རོབ་ཙམ་འཕྲོད་དགོས་པའི་ཚོད་དུ་སྣང་ཡང༌། དེ་ལས་ལྡོག་སྟེ། རྒྱ་དམར་གྱིས་སྤྲད་པའི་ཟ་མ་དུག་ཅན་ལ། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པར་མཐོང་བ་ནི་ཤིན་ཏུ་ཡི་མུག་སྙིང་རྗེའི་ཡུལ་ལས་མ་འདས་སོ།།
གོང་དུ་བརྗོད་པ་ཁག་གཞིར་བཞག་སྟེ། ང་ཚོས་སྡོམ་ཆུང་ཞིག་བརྒྱབ་པ་ཡིན་ན། ཀྲུང་གོ་དང༌། ཤི་ཙང་ ཆིན་ཧེ། ཀན་སུའུ། སི་ཁྲོན། ཡུན་ནན། ཞིན་ཅང༌། སོགས་ནི་རྒྱ་མི་སྲིད་དོན་པ་ཚོས་མ་རུངས་ཁོག་བཅངས་ཀྱིས་བཟོས་པའི་ཐ་སྙད་རྐྱང་རྐྱང་ཡིན་པ་གསལ་བོར་མཁྱེན་ཐུབ་ལ། ཐ་སྙད་འདི་དག་ལ་བརྟེན་ནས། ལོ་ངོ་སྟོང་ཕྲག་དུ་མར་རང་དབང་རང་བཙན་དུ་གནས་པའི་བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་དུམ་བུ་ལྔར་བཅད་དེ། བོད་རྒྱལ་ཁབ་དང་དེའི་མཚན་དང་བཅས་པ་འཛམ་གླིང་གི་ལོ་རྒྱུས་དེབ་ཐེར་ནས་ནག་གསུབ་གཏོང་འདོད་འཆང་ཡང༌། དོན་ལ་རྒྱ་མི་སྲིད་དོན་པ་ཀླད་ཆུང་འགའི་ཧམ་སེམས་ལྷང་ལ་བུད་པ་ཙམ་ལས། མངོན་དུ་འགྱུར་བའི་སྐབས་ནི་ནམ་ཡང་མེད། རྒྱུ་མཚན་ནི། ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་ལོ་རྒྱུས་སུ་ཡོད་པའི་བོད་ཀྱི་རང་དབང་བསྐྱར་གསོའི་ཆེད་དུ་འབད་བརྩོན་གནང་དང་གནང་བཞིན་པ་དང༌། བོད་མི་ཚོའི་ངོས་ནས་རྒྱ་དམར་གྱིས་བཙན་འགེལ་བྱས་པའི་ཐ་སྙད་དེ་དག་ནམ་ཡང་ངོས་ལེན་བྱ་མི་སྲིད་པའི་ཕྱིར་ཡིན། དེང་སང་རྒྱའི་སྐད་ཡིག་འབྲི་ཀློག་འཕེར་བའི་བོད་མི་ན་གཞོན་ཁག་ཅིག རྒྱ་དམར་གྱིས་བླུད་པའི་བཟི་སྨན་གྱི་གཉིད་སྟུག་པོ་ལས་ད་དུང་ཡོངས་སུ་མ་སད་སྟབས། ཐ་སྙད་འདི་དག་ནོར་འཁྲུལ་ཅན་དུ་མཐོང་རྒྱུའི་ཚབ་ཏུ། ཧ་ལམ་རང་ཉིད་ཀྲུང་གོ་བ་སྟེ། རྒྱ་མི་ཡིན་པ་ལྟ་བུའི་འཁྲུལ་སྣང་ཞིག་གིས་ཐ་སྙད་འདི་རིགས་བྱུང་རྒྱལ་དུ་སྤྱོད་པ་མ་ཟད། དེ་མི་འགྲིག་པའི་བསམ་ཚུལ་འདོན་མཁན་བྱུང་ཚེ། དེ་མ་ཐག་གསར་བརྗེར་ངོ་རྒོལ་བྱ་མཁན་ལྟ་བུར་རྩིས་ཏེ། ལོག་སྤྱོད་པ་འདི་དག་འཕྲལ་དུ་ཚར་གཅད་མི་ཐུབ་རུང༌། བཙོན་དོང་དུ་སྤྱུགས་རྒྱུ་བྱུང་ན་ཅི་མ་རུང་བསམ་ནས་ངར་ངར་རྫིག་རྫིག་དང་ཐ་ན་དངོས་སུ་རྡུང་རྡེག་གཏོང་བའི་ཚུལ་ལ་བལྟས་ན། རྒྱ་དམར་གྱི་སྤྲུལ་སྐུ་འཁྲུལ་མེད་འདི་དག་གིས་བོད་དོན་ལ་ཕན་གནོད་སྨྲ་མི་བཏུབ་པའི་རྫུ་འཕྲུལ་ཡ་མ་ཟུང་ཅི་འདྲ་ཞིག་སྟོན་གྲབས་ཡོད་དམ་སྙམ་ནས་སེམས་འཚབ་ཀྱང་ཆེ་རུ་འགྲོ། མེས་པོའི་གཏམ་དཔེར། ངན་པ་ལངས་ཤོར་ན། རྒྱལ་ཁམས་འཕུང་ལ་སྦྱོར། ཟེར་བ་ཅིས་མ་བདེན། རྒྱ་མི་སྡུག་ཇག་གི་སྒང་ལ་བོད་མི་སྡུག་ཇག ཨ་མདོའི་གཏམ་དཔེར། ཨ་ཕའི་དོམ་(དོམ་ནི་བུ་ལོན་ལ་གོ་)གྱི་ཐོག་ལ་མག་པའི་དོམ་ཟེར་བ་ལྟར་གང་སྡུག་སྡུག་རེད་འདུག
གལ་ཏེ། ང་ཚོ་བོད་མིས་རྒྱ་ནག་རྒྱལ་ཁབ་ཀྱི་མིང་བརྗེས། རྒྱ་ནག་གྲོང་ཁྱེར་ཆེ་ཁག་ལ་མིང་གསར་བ་རེ་བཏགས་ན། རྒྱ་མིས་དེ་དག་ཁས་ལེན་གྱི་རེད་དམ། གཏན་ནས་ཁས་ལེན་མི་སྲིད། དེས་ན་རྒྱ་མིས་གང་འདོད་ཀྱིས་བཙན་འགེལ་བྱས་པའི་ཐ་སྙད་དེ་དག་ང་ཚོས་ཀྱང་ངོས་ལེན་དགོས་པའི་རྒྱུ་མཚན་ཡེ་ནས་མེད། དེང་སང་བོད་མི་རྒྱ་ཡིག་ཤེས་མཁན་ཚོས་བྲིས་པའི་རྩོམ་ཡིག་ནང་བོད་རྒྱ་སྐད་གཉིས་མཉམ་བསྲེས་ཀྱིས་འབྲི་བའི་ལུགས་སྲོལ་ཞིག་འདུག་པ་དཔེར་ན། ཤི་ཙང་ཨ་མདོ་西 藏 安 多 དང༌། ཤི་ཙང་ཁམས་西 藏 康 區 ཟེར་བ་ལྟ་བུ་རྡོ་ཆག་བཙན་སྒྲིག་བྱེད་ཀྱང༌། རང་ཚུགས་མེད་པའི་རང་རྟགས་བསྟན་པ་ཙམ་ལས་དོན་ལ་དབབ་པར་མི་འགྱུར་ཏེ། བོད་རང་གི་ལོ་རྒྱུས་ཀྱི་བྱུང་བ་ངོ་མ་གཞིར་བཞག་གིས་བཤད་ན། བོད་ཅེས་པ་འདི་བོད་ཀྱི་ལྗོངས་ཆེན་གསུམ་སྤྱི་ལ་ཁྱབ་པའི་བོད་རྒྱལ་ཁབ་ཀྱི་མཚན་དང༌། བོད་མིའི་རིགས་སུ་གཏོགས་སོ་ཅོག་གི་སྤྱི་མིང་ཡིན་པ་ལྟར། བོད་རྒྱལ་ཁབ་ཀྱི་དབུས་གཙང་། བོད་རྒྱལ་ཁབ་ཀྱི་མདོ་སྟོད་དམ་ཁམས། བོད་རྒྱལ་ཁབ་ཀྱི་མདོ་སྨད་དམ་ཨ་མདོ་ཞེས་བརྗོད་དགོས་པ་ལས། ཤི་ཙང་གི་དབུས་གཙང་དང༌། ཤི་ཙང་གི་མདོ་སྟོད། ཤི་ཙང་གི་མདོ་སྨད་ཅེས་པ་ནི་ར་མགོ་ལུག་སྦྱར་ཙམ་མ་ཟད་ར་མགོ་གཡག་སྦྱར་ཡང་ཆགས་ཉེན་ཆེ། ཕྱོགས་མཚུངས ཤི་ཙང་ཆིན་ཧེ ( 西藏 青海 ) དང༌། ཤི་ཙང་ཀན་སུའུ (西藏 甘肅 ) ཤི་ཙང་སི་ཁྲོན (西藏 四川 ) ཤི་ཙང་ཡུན་ནན (西藏 云南 ) ཅེས་བརྗོད་ན་ནི། དཔེར་ན་རྒྱ་སྐད་དུ། པེ་ཅིང་གི་ཐེན་ཅིང་དང༌། (北京 的 天津 ) པེ་ཅིང་གི་ནན་ཅིན (北京的南京 ) པེ་ཅིང་གི་ཧྲང་ཧེ (北京 的上海 ) པེ་ཅིང་གི་ཀོང་ཏུང་北京的廣東 ཞེས་བརྗོད་ན། མི་རྣམས་དགོད་ཁ་འཆོར་བྱེད་ཙམ་ལས་གཞན་ཅི་ཡང་མེད་དེ། པེ་ཅིང དང་ཧྲང་ཧེ་གཉིས་གྲོང་ཁྱེར་མི་འདྲ་བ་གཉིས་ཡིན་པ་ལས། དེ་གཉིས་བར་འབྲེལ་སྒྲ་ཞིག་གཏན་ནས་མི་ཐོབ་པ་གསལ་བོ་ཡིན། དེ་བཞིན་དུ་ཤི་ཙང་ དང་ ཆིན་ཧེ ་ ་ཤི་ཙང་ དང་ སི་ཁྲོན སོགས་ཀྱི་བར་དུའང་འབྲེལ་སྒྲ་ཞིག་འཇུག་ཡུལ་མེད་པ་ཤེས་ཤེས་པ་ཡིན།
ལོ་རྒྱུས་ཀྱི་བྱུང་བ་དང་རྒྱུན་སྲོལ་གཞིར་བཞག་གིས་བཤད་ན། བོད་ཀྱི་དབུས་གཙང་དང༌། བོད་ཀྱི་མདོ་སྟོད་དམ་ཁམས། བོད་ཀྱི་མདོ་སྨད་དམ་ཨ་མདོ་ཞེས་ཟེར་བ་ལས། དབུས་གཙང་གི་ཁམས་དང༌། དབུས་གཙང་གི་ཨ་མདོ། དབུས་གཙང་གི་དབུས་གཙང་ཞེས་བརྗོད་སྲོལ་མེད། དེ་ནི་རྒྱ་ནག་སྐད་དུ། ཤི་ཙང་西藏 ཞེས་པ་འདི་དང་། བོད་སྐད་དུ། བོད་ཅེས་པ་གཉིས་ཀྱི་དབར་འདྲ་མཚུངས་ཀྱི་རྟགས་= འདི་གཏན་ནས་མི་ཐོབ་པ་སྟེ། རྒྱུ་མཚན་ནི། ཤི་ཙང་西藏ཞེས་པའི་འབོད་ཚུལ་འདི་ཐོག་མར་བྱུང་བ་ནས་དུས་ད་ལྟའི་བར་དུ། དབུས་གཙང་ངམ་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ནར་མ་གཏོགས་མི་གོ་བའི་ཕྱིར་ཡིན། དེར་བརྟེན། མདོ་སྨད་པ་ཐམས་ཅད་དང་ཁམས་པ་ཚང་མ་བཀྲུས་ན་མི་དག་པའི་བོད་མི་ཡིན་ཀྱང༌། ཤི་ཙང་西藏 གི་མི་གཏན་ནས་མིན་ཏེ། རྒྱུ་མཚན་ནི། དབུས་གཙང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཀྱི་ཚབ་བྱེད་མི་ཐུབ་པའི་ཕྱིར་ཡིན།
སྐབས་བཅུ་གཉིས་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་བའི་ཐོག་ཟུར་ཉན་དུ་ཕེབས་མཁན་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་བུ་མོ་ཕུན་ཚོགས་བདེ་སྐྱིད་ལགས་ལ། གསོལ་ཇའི་བར་གསེང་ཞིག་གི་སྐབས། ་་ཤི་ཙང་་སྐོར་གླེང་མོལ་ཅུང་ཟད་བྱུང༌། ཁོང་མོས་་ཤི་ཙང་西藏 ཟེར་བ་དེ་བོད་ཅེས་པའི་ཚབ་ཏུ། རྒྱ་སྐད་ནང་འབྲི་སྤྱོད་བྱས་ན་མི་འགྲིག་པའི་དཔེར། ྋརྒྱལ་བ་རིན་པོ་ཆེ་ལ་མཚོན་ནའང་ཤི་ཙང་བ་西藏人 མིན་ལ། ཁྱེད་ཚོའི་ཚོགས་གཙོ་ཟམ་གདོང་རིན་པོ་ཆེའང་ཤི་ཙང་བ་ 西藏人 མིན། ང་ཚོས་ངེས་པར་དུ་་ཐུ་བྷོད圖 博 ཅེས་འབྲི་སྤྱོད་བྱ་དགོས་ཞེས། ཁོང་མོས་བྲིས་པའི་རྒྱ་ཡིག་གི་རྩོམ་ཞིག་ཕྲན་ལ་བསྟན་བྱུང་བ་དེའི་ནང་དུ་ཐུ་བྷོད་圖 博 ཅེས་བྲིས་འདུག ཕྱོགས་མཚུངས་བདེ་བར་གཤེགས་པ་བཀའ་ཟུར་ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར་ལགས་སྙུན་མནར་གྱིས་བདེ་ལེགས་སྨན་ཁང་དུ་བཞུགས་སྐབས། ཁོ་བོ་དང་རང་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སྐུ་ཞབས་རྟ་མགྲིན་ཚེ་རིང་ལགས་གཉིས་སྙུན་འདྲིར་བཅར་བ་ཡིན། རིན་པོ་ཆེའི་སྙུན་བབ་ཤིན་ཏུ་ལྕི་ཡང་་ཤི་ཙང་་མི་འགྲིག་པ་དང་་ཐུ་བྷོད་་ འགྲིག་པའི་སྐོར་གསུང་གི་འདུག ཁོང་གིས། དེང་སང་འདིར་བཙན་བྱོལ་དུ་འབྱོར་བའི་བོད་མི་གཞོན་སྐྱེས་རྒྱ་ཡིག་ཙམ་མ་གཏོགས་བོད་ཡིག་མི་ཤེས་པའམ་ཡང་ན་ཅུང་ཟད་ལས་མི་ཤེས་པ་ཚོས། ་་ཤི་ཙང་་西藏 ཞེས་པའི་ཐ་སྙད་འདིའི་སྐྱོན་ཤེས་ཀྱི་མི་འདུག་ཀྱང༌། མ་འོངས་པར་རིམ་པས་ཐུ་བྷོད་ ཐོག་ལ་འགྲོ་ངེས་རེད། ངའི་དེབ་དེང་སང་རྒྱ་ནག་སྐད་དུ་འགྱུར་ཚར་ཡོད་པ་དེའི་ནང་དུ་བོད་ཀྱི་ཚབ་ཏུ་ཐུ་བྷོད་ཅེས་བྲིས་ཡོད། <>རྒྱ་འགྱུར་དེབ་ནང་དུ། བོད་ལ་ཐུ་བྷོད་吐蕃 ཅེས་བྲིས་འདུག དེ་བཞིན་དུ་བཀའ་ཟུར་ཞིང་གཤེགས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་འཚོ་བཞུགས་སྐབས། ཐེངས་ཤིག་ལ། ཕྲན་གྱིས་ཁོང་ལ་ཤི་ཙང་西 藏 སྐོར་བཀའ་མོལ་རོབ་ཙམ་ཞུ་རྒྱུ་བྱུང༌སྐབས། ཁོང་ནི་ཤི་ཙང་ (西藏 ཟེར་བ་ཐོག་མ་ཉིད་ནས་འགྲིག་གི་མི་འདུག་གསུང་མཁན་ཞིག་ཡིན་པ་ཤེས་རྟོགས་བྱུང་བས་དགའ་ཞིང༌། ཁོང་གིས་ཕྲན་ལ་དེང་སང་རྒྱ་མིས་བོད་ལ་ཤི་ཙང་(西藏 དང་ཙང་ཙོའུ་ (藏 族ཞེས་འབོད་པ་འདི་འགྲིག་གི་ཡོད་པ་མ་རེད། འོན་ཀྱང་དེའི་ཚབ་ཏུ་ག་རེ་བཞག་ན་ཡག་པོ་ཡོད་མེད་ཤེས་ཀྱི་མི་འདུག ང་ཚོས་བོད་ཁ་བ་ཅན་ཞེས་བརྗོད་སྲོལ་ཡོད་པ་ལྟར། དེའི་སྒྲ་ཇི་བཞིན་པ་རྒྱ་ནག་སྐད་དུ་ཕར་འགྱུར་ན་ག་འདྲ་འདུག་ཅེས་གསུངས་བྱུང་བར། ཕྲན་གྱིས། དེ་ལྟར་བྱུང་ན་ཤི་ཙང་“西藏 ”ལས་བཟང་ཡང༌། རབ་བྱུང་ན། རྒྱ་ནག་རང་གི་ལོ་རྒྱུས་དེབ་ཐེར་དང་རྡོ་རིང་སོགས་སུ། བོད་ལ་ཐུ་བྷོད་圖 伯 特 དང་པོ་ (博 或图博 ) ཞེས་འབོད་པ་དེ་རང་བསྐྱར་དུ་འབྲི་སྤྱོད་གནང་ན། ལོ་རྒྱུས་དོན་དངོས་དང་མཐུན་ཞིང་སྲིད་དོན་གྱི་གནད་འགག་ཅིག་ཀྱང་འདུག་ཞུས་པ་ཡིན། རྗེས་སུ་སྐུ་ངོ་གཤེགས་ཁར་ཡང་ཤི་ཙང་西藏 མི་འགྲིག་པའི་སྐོར་གསུངས་བྱུང་ཞེས་ཕྲན་ལ་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དགེ་འདུན་རབ་གསལ་ལགས་ནས་གསུང་གི་འདུག
ཉེ་བའི་ཆར། བོད་རྒྱ་ཆབ་སྲིད་ཞིབ་འཇུག་ཁང་གིས་དམངས་གཙོའི་བོད 民主 圖 博ཅེས་པའི་རྒྱ་ཡིག་དུས་དེབ་ཅིག་དངོས་སུ་འདོན་འགྲེམ་བྱས་ཡོད་པའི་ནང་མགོ་ནས་མཇུག་བར་དུ་བོད་ལ་ཐུ་བྷོད 圖 博 ཅེས་བྲིས་འདུག ཕྱོགས་མཚུངས། ཉེ་ལམ་གསར་དུ་བཙུགས་པའི་བོད་ཀྱི་ཡིག་སྒྱུར་ཁང་གིས་ཀྱང་་ཤི་ཙང་་ 西藏་བེད་སྤྱོད་གཏང་རྒྱུ་མིན་པ་ཐག་བཅད་ཡོད་ཚོད་འདུག
ས་ཁྱབ་རྡོ་ཁྱབ་དང་མ་དག་རྒྱུན་འབྱམས།
ཁ་ཅིག་གིས། ཤི་ཙང་西藏 ་ཟེར་བའི་འབོད་ཚུལ་འདི་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཚར་སྟབས། འགྱུར་བ་གཏང་དཀའ་བ་དང་བཏང་ནའང་དགེ་མཚན་ཆེན་པོ་མེད་པར་སྨྲ་བ་ནི། ངེས་པར་དུ་བཤའ་བཅོས་བྱ་དགོས་པའི་ནད་ལ་འགྲོ་སོང་གཏོང་འདོད་མེད་པ་དང་གཅིག་པ་ཡིན་ཏེ། ཁྱེད་ལྟར་ན། ཆིན་ཧེ་青海 ཀན་སུའུ་甘肅 སི་ཁྲོན་四川 ཡུན་ནན་ 云南 སོགས་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་མཉམ་ཡིན་པས་ཤི་ཙང་西藏 གི་ཁོངས་སུ་གཞན་དག་ཚང་མ་འདུ་དགོས་པའི་རྒྱུ་མཚན་ཁྱོད་ལ་ག་རེ་བཤད་རྒྱུ་ཡོད་དམ། ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་ཐམས་ཅད་ལ་འགྱུར་བ་གཏོང་དཀའ་བ་དང་བཏང་ན་དགེ་མཚན་མེད་པ་ཡིན་ན། རྒྱ་དམར་གྱིས་བསྐལ་བ་ས་ཆགས་པ་ནས་བཟུང་བོད་རྒྱ་ནག་གི་ཆ་ཤས་མ་ཡིན་ཡིན་ཚུལ་དང༌། བོད་རང་བཙན་མིན་ཚུལ་སོགས་བཤད་བཤད་ནས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པས། ང་ཚོས་བོད་རང་བཙན་ཡིན་པའི་ཁུངས་འཚོལ་དག་སྐྱེལ་བྱ་དགོས་དོན་མེད་ལ། རྒྱ་ནག་གི་ཆ་ཤས་སུ་ཁས་བླངས་ནས་རྒྱ་མིའི་འོག་ཏུ་བསྡད་ན་མི་འགྲིག་པའི་རྒྱུ་མཚན་གང་ཡང་མེད།
དཔེ་དེ་བཞིན་དུ་རྒྱ་དམར་གྱིས་ཀྲུང་ཧིན་中 印རྒྱ་གར་ནག་དང༌། ཀྲུང་ནེ་ 中 尼 རྒྱ་ནག་དང་བལ་བོ་མཐའ་མཚམས་ཞེས་མི་བདེན་རྫུན་བསྒྲིགས་ཀྱིས་དུས་ད་ལྟའང་ས་ཁྱབ་རྡོ་ཁྱབ་ཏུ་འབྲི་སྤྱོད་བྱེད་བཞིན་ཡོད་པས། ྋགོང་ས་ཆེན་པོས་བོད་ནས་གསར་དུ་ཕེབས་མཁན་ཚོར་བཀའ་སློབ་རིམ་བསྩལ་ནང༌། བར་ལམ་བོད་ནས་གསར་དུ་འབྱོར་བ་དེ་འདྲའི་ནང་ཀྲུང་གོ་དང་ནེ་པཱ་ལའི་ས་མཚམས་ དང་ ཀྲུང་གོ་དང་རྒྱ་གར་ས་མཚམས་ ཞེས་ཟེར་མཁན་དེ་འདྲ་ཡོང་གི་འདུག དེ་ཚོ་མགོ་མ་ཚོས་པའི་སྐད་ཆ་རེད། ལོ་རྒྱུས་ཐོག་ནས་བོད་དང་བལ་བོའི་ས་མཚམས་དང༌། བོད་དང་རྒྱ་གར་གྱི་ས་མཚམས་ཞེས་ཟེར་སྲོལ་ཡོད་པ་ལས། རྒྱ་ནག་དང་བལ་བོ་གཉིས་ཀྱི་ས་མཚམས་ཤིག་མེད་ལ། རྒྱ་ནག་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་ཤིག་ཀྱང་མེད། ཅེས་རྡོ་རྗེའི་གསུང་གིས་ཡང་ཡང་གསལ་བར་མཛད་པའང་ཕན་མེད་དུ་འགྱུར་ཞིང༌། རྒྱ་དམར་གྱི་མཐོ་རིམ་འགོ་ཁྲིད་པ་དེ་ཚོ་རྒྱ་གར་དུ་ཡོང་ནས་ཀྲུང་ཧིན་中 印མཐའ་མཚམས་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡོད་མདོག་གི་རྣམ་འགྱུར་ཟུར་ཙམ་ཐོན་སྐབས། བཙན་བྱོལ་བོད་གཞུང་དམངས་གཉིས་ནས་བློ་འཚབ་ཆེན་པོས་རྒོལ་ཡིག་གཏོང་བ་དང༌། རྔམ་སྟོན་ཁྲོམ་སྐོར་བྱེད་པའང་དགོས་མེད་དུ་འགྱུར་ལ། ལྷག་པར་དུ་ྋགོང་ས་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་། སྐུ་ངལ་བརྒྱ་ཕྲག་ཁྱད་དུ་བསད་ནས་བོད་ཀྱི་ཆོས་སྲིད་རང་དབང་སླར་གསོར་དམིགས་པའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ཅི་བསྐྱངས་སྤྱི་དང༌། ལྷག་པར་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་དང་གཏོང་བཞིན་པའི་བོད་ཀྱི་ལྗོངས་ཆེན་གསུམ་གྱི་དཔའ་བོ་དཔའ་མོ་འབུམ་ཕྲག་མང་བོའི་ཟུངས་ཁྲག་དྲོན་མོ་ས་ལ་ཐོར་བའང་དོན་མེད་དུ་མི་འགྱུར་གྲང༌།
དེ་ལྟ་བས་ན། ་་ཤི་ཙང་西藏 གི་གནད་དོན་འདི། ས་ཁྱབ་རྡོ་ཁྱབ་བམ་འཇིག་རྟེན་གྲགས་པའི་རྗེས་སུ་འབྲང་མི་འབྲང་དང༌། མ་དག་རྒྱུན་འབྱམས་སུ་སོང་བའི་ཡིག་ནོར་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ན་ཧ་ཅང་གི་ནོར་ཚབས་ཆེན་པོ་ཡིན། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་དེ་དང་དེའི་རྩ་དོན་དང་ལངས་ཕྱོགས་བརྟན་པོ་ཞིག་མེད་དུ་མི་རུང་ལ། ཐ་ན་ཁྱིམ་ཚང་ཞིག་ལའང་རང་ཁྱིམ་སྐྱོང་བའི་རྩ་དོན་དང་ཁེ་ཕན་གྱི་འདུ་ཤེས་ཡོད་པ་ཡིན། དེའི་ཕྱིར། ཤི་ཙང་西藏 དང་ཐུ་བྷོད་ 圖 博 ཀྱི་རྩོད་པ་འདི་ནི། བོད་ཀྱི་རྩ་དོན་དང་ལངས་ཕྱོགས། བོད་མི་རིགས་ཀྱི་འཕྲལ་ཡུན་ཁེ་ཕན་དང་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ཡིན། རྩ་དོན་གྱི་ཐད་གནས་ཚུལ་ཅི་འདྲ་ཞིག་ལ་ཐུག་ཀྱང་ཚོང་ནང་བཞིན་གོང་སྒྲིག་རྒྱུ་གཏན་ནས་མེད། སྤྱིར་བཏང་གི་ཚོང་བ་ཞིག་ལ་ཆ་མཚོན་ནའང་རང་ཉིད་ཀྱི་མ་རྩ་ཤོར་གཞིའི་ཚོང་ཞིག་རྒྱག་འདོད་ནམ་ཡང་མེད་པ་དང་འདྲ་བ་ཡིན།
བོད་ཀྱི་ལྗོངས་ཆེན་གསུམ་མཉམ་འདུས་ཀྱི་ཕུང་བོ་འདི་ནི་འདས་པའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་སུ་གྲུབ་པའི་གཞོམ་བཤིག་བྲལ་བའི་ཕུང་བོ་ཞིག་ཡིན་ལ། འདི་ནི། སུས་ཀྱང་གསུབ་མི་བཏུབ་ལ། སུས་ཀྱང་ཁ་ཕྲལ་མི་ནུས་པའི་རྒྱལ་ཁམས་ཤིག་ཡིན་པར་བརྟེན། ལྗོངས་ཆེན་གསུམ་གྱི་བོད་མི་རྣམས་སྐྱིད་ན་མཉམ་སྐྱིད། སྡུག་ན་མཉམ་སྡུག རང་བཙན་ཐོབ་ན་མཉམ་ཐོབ་དང༌། རང་སྐྱོང་ཐོབ་ན་མཉམ་ཐོབ་ལས་དུམ་བུ་ཞིག་བོད་ཡིན་པ་དང༌། དུམ་བུ་ཞིག་བོད་མ་ཡིན་པ་ལྟ་བུའི་རྒྱ་དམར་གྱི་ད་ལྟའི་ཞེ་འདོད་ལྟར་ན། མ་འོངས་པར་བོད་རྒྱ་ཞི་འགྲིག་གི་གཞི་རྩ་གང་ཡང་མེད་པ་ཡིན་ལ། འདི་ནི་ང་ཚོའི་རྩ་བའི་དམ་བཅའ་དང་རྩ་དོན་ཡིན་པས་འགྱུར་བ་གཏན་ནས་གཏོང་མི་ཐུབ།
རྩ་བའི་དམ་བཅའ་འདི་གཞིར་བཞག་གིས་ང་ཚོས་ཤི་ཙང་西藏 ལ་བལྟས་ན། དེ་ནོར་བ་ཆེན་པོ་ཡིན་པའི་ངེས་པ་ཇེ་བརྟེན་དུ་འགྲོ་ངེས་ཡིན། ཡང་ཁ་ཤས་ཀྱིས་ཤི་ཙང་西藏གི་སྔོན་དུ་རྒྱ་སྐད་ཀྱི大ཏཱ་སྟེ་ཆེན་པོའི་དོནཞིག་སྦྱར་ནས་大 西 藏 ཏཱ་ཤི་ཙང ཞེས་བརྗོད་ན་བོད་ཀྱི་ལྗོངས་ཆེན་གསུམ་ལ་ཁྱབ་ཐུབ་པར་སྨྲ་བ་ནི་བྱིས་པའི་འདོད་གཏམ་ཙམ་དུ་ཟད་དེ། ལེགས་བཤད་ལས། ཅང་ཤེས་མིན་པའི་རྟ་མཆོག་དང་། ། གཡུལ་ངོར་ལྷུང་བའི་རལ་གྲི་དང་།།ཤེས་རབ་དམན་པའི་འདོད་གཏམ་གསུམ། །སུ་ཡི་གྲོགས་འགྱུར་ངེས་པ་མེད།།ཅེས་གསུངས་པ་ནི། འདི་འདྲའི་བབ་ཅོལ་སྨྲ་མཁན་ལ་གོ་ན་འོས་ཏེ། གོང་དུ་བརྗོད་པ་ལྟར། ཤི་ཙང་ 西藏ནི། བོད་ཀྱི་དབུས་གཙང་གཙོ་བོར་གྱུར་བའི་བོད་ས་དུམ་བུ་ཞིག་ལ་མ་གཏོགས་མི་གོ་བས་དབུས་གཙང་衛藏 གི་རྗེས་ལ་ཆེན་པོ་ཞེས་པའི་ཡིག་འབྲུ་གཉིས་བསྣན་ཡང་དབུས་གཙང་ཆེན་པོ་ ཟེར་བ་ཙམ་ལས་བོད་ཡོངས་ལ་གོ་མི་ནུས་པའང་གསལ་བོ་ཡིན།
དཔེ་དེ་བཞིན་དུ ་པེ་ཅིང་ཆེན་པོ་大 北京 དང༌། ཧྲང་ཧེ་ཆེན་པོ་大上海 སོགས་ཇི་ལྟར་བརྗོད་ཀྱང༌། པེ་ཅིང་དང་ཧྲང་ཧེ་གྲོང་ཁྱེར་ཆེན་པོ་ཡིན་པར་སྟོན་པ་ཙམ་ལས། ཆེན་པོ་སྦྱར་བ་ལ་བརྟེན་ནས་རྒྱ་ནག་ཡོངས་ལ་གོ་མི་ནུས། ཁྱེད་ལྟར་ན། ཆིན་ཧེ་青海 དང༌། ཤི་ཁང་西 康གི་སྔོན་ལའང་ཏཱ་ཆེན་པོ་ཞིག་སྦྱར་ནས་ཏཱ་ཆིན་ཧེ大青海 དང་ཏཱ་ཤི་ཁང་ 大 西 康 བརྗོད་ནའང་བོད་ཡོངས་ལ་གོ་དགོས་ཞེས་ཨུ་ཚུགས་བརྒྱབ་ན་རྒྱག་ས་མེད་པ་མིན། ལོ་རྒྱུས་སུ་མ་ཧཱ་ཙི་ན་དང༌། ཏཱ་ཀྲུང་ཧཱ་ རྒྱ་ནག་ཆེན་པོ། བོད་ཆེན་པོ། ཏཱ་པོ། རྒྱ་གར་འཕགས་ཡུལ་སོགས་འབོད་ཚུལ་དུ་མ་ཡོད་པ་ནི། ཡུལ་དེ་དང་དེར་ཆེ་བསྟོད་བྱས་པ་ཙམ་ལས། ཆེན་པོ་སྦྱར་མ་སྦྱར་ལ་བརྟེན་ནས་རྒྱལ་ཁབ་དེའི་མངའ་ཁོངས་territorཆེ་ཆུང་ལ་ཁྱད་པར་མི་འགྲོ་བ་ཡིན། འོན་ཀྱང་ཤི་ཙང་西藏 དང་། ཐུ་བྷོད་ཀྱི་འབོད་ཚུལ་ལ་བརྟེན་ནས་བོད་ཀྱི་མངའ་ཁོངས་ territoryདང༌། བདག་དབང་ sovereigntyལ་ཆེ་ཆུང་གི་ཁྱད་པར་དང་དོ་ཕོག་ཅི་ཙམ་འགྲོ་ཡི་ཡོད་མེད་གོང་དུ་བརྗོད་ཟིན་པ་ལྟར་རོ། །
ཡང་ཁ་ཅིག་གིས་ཤི་ཙང་西藏 གི་ཙང་ལ་བང་མཛོད་ཀྱི་གོ་བ་ཞིག་ཡོད་སྟབས། ནུབ་ཀྱི་བང་མཛོད་ཅེས་བོད་སྤྱི་ལ་ཁྱབ་པར་འདོད་ན། དེ་ཡང་ཧ་ཅང་ཐལ་ཏེ། ་་ཙང་་དང་སྒྲ་གཅིག་པ་བཙོག་པའམ་མི་གཙང་བའི་དོན་ཡང་ཡོད་པས། ནུབ་ཀྱི་མི་གཙང་བ། ཞེས་པ་བོད་དང་བོད་མི་རིགས་ཀྱི་མིང་དུ་ཁས་ལེན་མཁན་བོད་མི་སུ་ཞིག་ཡོད་དམ། བོད་དུ་ཡོད་སྐབས། རྒྱ་མིས་ང་ཚོ་ལ་老藏民 ལོ་ཙང་མིན་ཞེས་མཐོང་ཆུང་ག་ཚོད་མྱངས་ཡོད་པ། རྒྱ་གར་དུ་བསླེབས་རྗེས་བརྗེད་སོང་ན་ག་ལ་འགྲིག ལར་ནས་བང་མཛོད་ཀྱི་རྒྱལ་ཁབ་དང་བང་མཛོད་ཀྱི་མི་རིགས་ མི་གཙང་བའི་རྒྱལ་ཁབ་ དང༌། མི་གཙང་བའི་མི་རིགས་ ཟེར་བ་འདི་ཚོ་བསམ་ཞིང་བསམ་ན་དགོད་བྲོ་བ་ཙམ་ལས་གཞན་ཅི་ཡང་མེད་དོ། །
ང་རང་ཚོ་བོད་མི་བཙན་བྱོལ་བ་རྣམས་གནས་ཡུལ་རྒྱལ་ཁབ་གཙོ་བོ་རྒྱ་གར་ལ་ཆ་མཚོན་ན། དེ་སྔ་དབྱིན་ཇིའི་དབང་འོག་ཏུ་ཡོད་སྐབས་ནས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་ཐ་སྙད་མང་བོ་ཞིག་ལ༌། དེང་སང་གཞི་ནས་འགྱུར་བ་བཏང་ནས་འབོད་ཚུལ་གསར་བ་ཆགས་ཡོད་པ་དཔེར་ན། སྔོན་ཆད་ Bombay ཞེས་འབོད་པ་བསྒྱུར་ནས་དེང་སང་ Mumbai འབོད་བཞིན་པ་དང༌། Madras ལ་དེང་སང་ Chennai ཟེར་བ་ལྟ་བུ། གོ་ཐོས་ལ་ཀ་ལི་ཀ་ཏ་དང༌། རྡོ་རྗེ་གླིང་སོགས་ཀྱི་མིང་ཡང་བསྒྱུར་འཆར་རེད་འདུག དེ་བཞིན་དུ་འབར་མ་ Burma ལ་དེང་སང་ Myanmar ཞེས་བསྒྱུར་ཟིན་ཡོད། བལ་ཡུལ་ལ་ཆ་བཞག་ནའང༌། སྔོན་མ་བལ་བོ་བ་རྣམས་རྒྱ་གར་ལ་འགྲོ་དུས། ཁྱེད་རང་གང་དུ་ཕེབས་ཀྱི་ཡིན་ནམ་ཞེས་དྲིས་ཚེ། དེ་ལ་བལ་བོ་བ་རྣམས་ཀྱིས་ཐེ་ཚོམ་མེད་པར། ང་རང་དྷེ་ཤ་སྟེ་་རང་གི་ཕ་མེས་རྒྱལ་ཁབ་ལ་གོ་་ལ་འགྲོ་རྒྱུ་ཡིན་ཞེས་ལན་འདེབས་ཀྱི་ཡོད་ཀྱང༌། རྗེས་སུ་དེ་ལ་འགྱུར་བ་ཕྱིན་ནས་ད་ལྟ་མི་ཞིག་གིས་ཁྱེད་རང་གང་དུ་ཕེབས་ཀྱི་ཡིན་ནམ། ཞེས་དྲིས་ཚེ། བལ་བོ་བ་ཚང་མས་ང་རང་ཨིན་དྷི་ཡ་རྒྱ་གར་ལ་འགྲོ་རྒྱུ་ཡིན་ཞེས་ལན་འདེབས་ཀྱི་ཡོད། Bombay དེ་ Mumbai ལ་བསྒྱུར་དགོས་པ་དང༌། རྒྱ་གར་ལ་དྷེ་ཤ་འབོད་མི་རུང་བའི་རྒྱུ་མཚན་ལ་བསམ་བློ་བཏང་བ་ཡིན་ན། བོད་ལ་ཤི་ཙང་西藏 ཞེས་འབོད་མི་རུང་བའི་རྒྱུ་མཚན་རྟོགས་རྒྱུར་དཀའ་ཁག་ཅི་ཡང་མེད་པ་དང༌། རྟོགས་མ་ཐག་ཡ་ཆུང་ནང་ལ་འཁྱག་པ་མེད་ཀྱང་རང་བཞིན་གྱིས་གྲང་འདར་རྒྱག་པ་ཞིག་ཡོང་རྒྱུར་ངེས་ལ། དེ་དང་ཆབས་ཅིག་་ཤི་ཙང་་ལ་ཤི་སྦར་འཐམ་མཁན་འདི་དག་གི་སྙིང་ལ་ཅི་ཞིག་ཞུགས་པ་ཡིན་ནམ་སྙམ་པའི་ཁོང་ཁྲོ་དང་ཡི་ཆད་འགྲན་པའི་ཚོར་བ་ཞིག་ཀྱང་ཡོང་གི་རེད།
ཚོར་བ་དེའི་ཐོག་ནས་དེང་སང་བོད་ཀྱི་རྒྱལ་ས་ལྷ་སར་པེ་ཅིང་ལམ 北京 路 དང༌། རེན་མིན་ལམ་人民 路 ཆིན་ཉན་ལམ་青年 路 སོགས་བོད་ཀྱི་དྲི་ཙམ་མི་བྲོ་བའི་མིང་གསར་བ་མང་བོ་གང་བྱུང་དུ་བཏགས་དང་འདོགས་བཞིན་གདགས་འགྱུར་ལ་བལྟས་ན། རྒྱ་དམར་གྱི་ཐ་སྙད་ཆོ་འཕྲུལ་གྱི་ངོ་བོ་ཅི་ཡིན་གསལ་རྗེན་དུ་མཐོང་ཐུབ་པ་ཡིན།
་་ཀྲུང་དབྱང་་་དང་་ས་གནས་་ཞེས་པའི་འབོད་སྲོལ་འདི་ཡང་རྒྱ་ནག་གོ་མིང་ཏང་གི་སྐབས་སུ། གཞི་ནས་གསར་དུ་བཟོས་པ་ཞིག་ལས། དེའི་ཡར་སྔོན་གྱི་བོད་རྒྱ་གཉིས་ཀའི་རྒྱལ་རབས་གང་དུའང་འབོད་སྲོལ་འདི་འདྲ་ཡེ་མ་དར་བ་ཞིག་ཡིན། ཡིན་ནའང་འདིར་ནན་ཏན་དུ་སྟོན་འདོད་པ་ནི། འབོད་སྲོལ་འདི་གསར་དུ་བཟོ་མཁན། སྐབས་དེའི་གོ་མིན་ཏང་གི་དབང་འཛིན་པ་ཚོའི་སེམས་ན་འབོད་སྲོལ་འདིའི་གོ་དོན་ངོ་མ་ཅི་ཡིན་དང༌། དེ་ལྟར་བཟོས་པའི་དགོས་པ་རྒྱུ་མཚན་སོགས་གསལ་བོར་ཡོད་ཀྱང༌། རང་ཅག་བོད་མི་རྒན་རབས་པའི་ནང་ན་ད་དུང་ཡང་དེའི་གོ་དོན་མི་མཁྱེན་མཁན་ཧ་ཅང་མང་བའི་ཚོད་དུ་གདའ།
དེ་སྔའི་རང་གཞུང་བཀའ་ཤག་དང་རྒྱ་ནག་གོ་མིན་ཏང་གཉིས་བར་ཡིག་འགྲུལ་བྱུང་བའི་ཚིག་འགྲོས་ལ་དཔྱད་ན། རང་གཞུང་གི་མཛད་གཙོ་རྣམ་པའི་དགོངས་པ་ལའང། རྒྱ་ནག་གི་གོང་མ་གསར་བ་རེ་རེ་ཁྲིར་ཕེབས་སྐབས་རྒྱལ་ཁབ་ལ་མིང་གསར་བ་རེ་འདོགས་སྲོལ་ཡོད་པ་ལྟར། མན་ཇུ་རྒྱལ་རབས་རྫོགས་ནས་གོ་མིན་ཏང་གིས་རྒྱ་ནག་ལ་དབང་ལུང་ཁྱབ་སྒྱུར་བྱེད་མགོ་བརྩམས་ཡོད་སྟབས། ་་ཀྲུང་དབྱང་་ཞེས་པ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་མིང་གསར་བ་ཞིག་ཡིན་པ་ལས། དེ་ལས་སྤྲོས་པའི་སྲིད་དོན་གྱི་དགོས་པ་དང་དམིགས་ཡུལ་གཞིར་བཞག་པའི་གོ་དོན་གཏིང་ནག་པོ་ཞིག་ཡོད་པ་ཐུགས་ཟུར་ཙམ་ལའང་འཁྲུངས་མེད་ཚོད་འདུག
་་ཀྲུང་དབྱང་་ཞེས་པ་རྒྱ་ནག་སྐད་ངོ་མ་ཞིག་ཡིན་ལ། ་་ཀྲུང་་དང་་དབྱང་་གཉིས་ཀའི་གོ་དོན་ནི་དབུས་དང་དཀྱིལ་གྱི་དོན་ཡིན། འོན་ཀྱང་དེ་ལ་སྲིད་དོན་གྱི་སྲོག་བཅུག་ནས་་ཀྲུང་དབྱང་སྲིད་གཞུང་་དང་་ས་གནས་སྲིད་གཞུང་་ཞེས་བརྗོད་སྐབས། ཀྲུང་དབྱང་སྲིད་གཞུང་ནི་རྒྱལ་བོ་ལྟ་བུ་དང་ས་གནས་སྲིད་གཞུང་ནི་བློན་པོ་ལྟ་བུ། ཀྲུང་དབྱང་སྲིད་གཞུང་ནི་ཨ་ཕ་ལྟ་བུ་དང་ས་གནས་སྲིད་གཞུང་ནི་བུ་ཕྲུག་ལྟ་བུ། ཀྲུང་དབྱང་སྲིད་གཞུང་ནི་གཙོ་བོ་དང་ས་གནས་སྲིད་གཞུང་ནི་ཕལ་བ། ཀྲུང་དབྱང་སྲིད་གཞུང་ནི་བདག་པོ་ཆེན་པོ་དང་ས་གནས་སྲིད་གཞུང་ནི་གཡོག་པོ་སྟེ། མདོར་ན། བོད་དང་རྒྱ་ནག་གཉིས་འདས་པའི་རྒྱལ་རབས་ལོ་རྒྱུས་གང་གི་སྐབས་སུ་འང་རྣམ་པ་ཐམས་ཅད་དུ་འདྲ་མཉམ་གྱི་རྒྱལ་ཁབ་གཉིས་ཀྱི་ངོ་བོར་ཡང་དག་པར་གནས་ཡོད་ཀྱང༌། ་་ཀྲུང་དབྱང་་དང་་ས་གནས་་ཞེས་པའི་འབོད་སྲོལ་འདི་གསར་དུ་བཟོས་པ་ནས་བཟུང༌། བོད་འདི་རྒྱལ་ཁབ་ཅིག་ཡིན་པའི་གདན་ཐོབ་མེད་པར་བྱས་ཏེ། རྒྱ་ནག་ཀྲུང་དབྱང་སྲིད་གཞུང་གི་བཀའ་བརྩི་དང་ལེན་ཞུ་དགོས་པའི་རང་སྐྱོང་ལྗོངས་དང་རང་སྐྱོང་ས་ཁུལ་དུ་མར་བསྒྱུར།
བོད་ཅེས་པའི་འབོད་ཚུལ་འདི། རང་ཅག་བོད་མི་ཚོས་ད་དུང་ཡིག་ངག་གཉིས་ཐོག་ཏུ་འབྲི་རྗོད་གནང་བཞིན་པ་དེ་ལྟར་ཡང་། རྒྱ་ནག་སྐད་ཡིག་ནང་སྔ་མོ་ཞིག་ནས་ནག་གསུབ་བཏང་སྟེ་ཤུལ་མེད་བཟོས་ཚར་ཡོད། དེང་སང་རྒྱ་ནག་སྐད་དུ་་ཤི་ཙང་་ཞེས་འབོད་པ་འདི་རང་རེའི་སྐད་དུ་ཐད་ཀར་དུ་འགྱུར་ན། ནུབ་གཙང་ངམ། དབུས་གཙང་དུ་འགྱུར་བ་ལས། བོད་སྤྱི་ལ་གོ་བའི་ཐ་སྙད་དུ་འགྱུར་མི་ཐུབ་ཚུལ་གོང་དུ་བརྗོད་པ་བཞིན་ནོ།།
མིང་བརྡའི་ནུས་པ་གལ་ཆེ་ཚུལ་རོབ་ཙམ་བསྟན་པས་མཇུག་བསྡུ་བ།
མཐར་འཕྲོས་མོལ་གྱི་ཚུལ་དུ་། མིང་བརྡའི་ནུས་པ་གལ་ཆེ་ཚུལ་རོབ་ཙམ་བསྟན་པས་མཇུག་བསྡུ་བ་ལ། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་ཕྱིར་མགོན་པོ་ཐབས་མཁས་པས། །ཆོས་ཀུན་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་ལྟར། སྤྱིེར་འགྲོ་བ་མི་སུ་འདྲ་ཞིག་ཡིན་ཡང་། དང་བོ་མ་ལས་བཙས་མ་ཐག་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ལ་མིང་ཡག་པོ་བཀྲ་ཤིས་པ་ཞིག་གདགས་ཆེད། རང་ཡུལ་གྱི་བླ་མ་དང་མཁན་པོ། རྩིས་པ་སོགས་ལ་དྲིས་ནས་མིང་འདོགས་པ་དང་། ཡང་ན་བུ་ཕྲུག་གི་ཕ་མའམ་དེའི་མེས་པོས་འདོད་རྒྱལ་གྱིས་མིང་འདོགས་སྲོལ་ཡོད། རང་རེའི་བླ་ཆེན་སྐྱེས་ཆེན་རྣམ་པའི་མཚན་གསོལ་སྟངས་ལ་གཞིགས་ན། དེ་ལ་རྟེན་འབྲེལ་གྱི་གནད་ཁྱད་པར་བ་ཞིག་ཡོད་པ་ངང་གིས་རྟོགས་ཐུབ། དཔེར་ན། མཚན་བརྗོད་པར་དཀའ་བ་ ༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་མཚན་ཡོངས་སུ་རྫོགས་པར་ཞུས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་བོ་མཆོག་ཅེས་གསོལ་བ་ལྟ་བུ་དང་། ཕྱོགས་མཚུངས་༸ཀུན་གཟིགས་པན་ཆེན་རིན་པོ་སྐུ་ཕྲེང་རིམ་བྱོན་དང་། ས་སྐྱ་༸གོང་མ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན། ༸རྒྱལ་བ་ཀརྨ་བ་སྐུ་ཕྲེང་རིམ་བྱོན། རྒྱལ་བ་ཀློང་ཆེན་རབ་འབྱམས། ཀུན་མཁྱེན་འཇིགས་མེད་གླིང་བ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། ཞབས་དཀར་ཚོགས་དྲུག་རང་གྲོལ། བདུད་འཇོམས་གླིང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། དཔལ་ཆེན་ནམ་མཁའ་འཇིགས་མེད་ལ་སོགས་གཟི་བྱིན་འབར་བའི་མཚན་དང་། བོད་མི་དཀྱུས་མ་རྣམས་ཀྱི་མཚན་ལའང་། བཀྲ་ཤིས་དང་། སྒྲོལ་མ། དབང་ཕྱུག་དང་ཕུན་ཚོགས་སོགས་གང་ཡག་ཡག་འདོགས་པའི་སྲོལ་ཡོད་པ་འདི་ལས། བོད་མིའི་རིག་གཞུང་ནང་མིང་ལ་གཙིགས་ཆེན་ཅི་ཙམ་གནང་གི་ཡོད་མེད་གསལ་བོར་མཐོང་ཐུབ།
ཕྱོགས་མཚུངས་དཔེར་ན། ཡི་དམ་གང་རུང་གི་བསྙེན་མཚམས་ལ་བཞུགས་མཁན་ཆོས་པ་ཞིག་ལ་མཚོན་ན། སྒྲུབ་པ་བོ་རང་ཉིད་ཀྱི་མིང་དང་། བསྒྲུབ་བྱའི་ཡི་དམ་གྱི་མཚན་གྱི་དགྲ་གྲོགས་བརྟག་པ་སྔོན་དུ་འགྲོ་རྒྱུ་ཤིན་ཏུ་གལ་ཆེ་ཚུལ་སྔགས་ཀྱི་བཀླག་ཐབས་ནས་འབྱུང་བ་འདིར་ཁོལ་དུ་ཕྱུངས་ན། གཉིས་པ་དགྲ་གྲོགས་ཀྱི་འབྲས་བུ་བསྟན་པ་ནི། གསལ་བྱེད་དགྲར་གྱུར་ནད་མང་ཞིང་། །དབྱངས་ཡིག་དགྲར་གྱུར་སྲོག་དང་བྲལ། །ཐ་མ་གྱུར་ན་འབྲས་བུ་མེད། །གྲོགས་སུ་གྱུར་ན་དངོས་གྲུབ་འབྱུང་། །དེ་ཕྱིར་དགྲ་གྲོགས་བརྩི་བ་གཅེས། །ཞེས་པས་སྟོན་ཏེ། ཡི་དམ་ལྷའི་སྙིང་བོའི་ཐོག་མ་གསལ་བྱེད་ཡིན་པ་དེ་རང་གི་མིང་གི་ཐོག་མའི་དགྲ་རུ་གྱུར་ན་ལུས་ལ་ནད་མང་དུ་འབྱུང་ཞིང་སྡུག་བསྔལ་བར་འགྱུར་ལ། དེ་ཡང་གསལ་བྱེད་ས་ཡིག་ཡིན་པ་དགྲ་རུ་གྱུར་ན། ནང་བད་ཀན་དང་ས་ནད་ལ་བརྟེན་པའི་རིགས་འབྱུང་བ་ཤས་ཆེ་ལ། ཕྱི་རོལ་དུ་འང་ཁང་བ་ཞིག་པ་དང་། ས་འོག་ཏུ་ལྷུང་ནས་ན་བ་སོགས་འབྱུང་ངོ་། ། གསལ་བྱེད་ཆུ་ཡིག་ཡིན་པ་དགྲ་རུ་གྱུར་ན། ནང་ཆུ་ནད་དང་གྲང་བ་ཤས་ཆེར་འབྱུང་ལ། ཕྱི་རོལ་ཏུ་ཕྱུགས་ལ་སོགས་ཡོད་ན་ཆུས་ཁྱེར་བ་དང་ཞིང་སོགས་ལ་ཤྭ་སྦུད་སོགས་འབྱུང་བའི་སྐྱོན་ཡོང་ངོ་།།གསལ་བྱེད་མེ་ཡིག་ཡིན་པ་དགྲ་རུ་གྱུར་ན། ནང་མཁྲིས་པ་དང་རིམས་སོགས་ཚ་ནད་དྲག་པོ་འབྱུང་ལ། ཕྱི་རོལ་ཏུ་ཁང་བ་དང་རྩྭ་ཤིང་ལ་སོགས་པ་ལ་མེའི་གནོད་པ་འབྱུང་ངོ་།། གསལ་བྱེད་རླུང་ཡིག་ཡིན་པ་དགྲ་རུ་གྱུར་ན། ནང་རླུང་ལ་བརྟེན་པའི་ནད་འབྱུང་ལ། ཕྱི་རོལ་ཏུ་ཁང་ཞིང་སོགས་ལ་རླུང་གི་གནོད་པ་འབྱུང་ངོ་།།ནམ་མཁའ་ལ་དགྲ་རུ་འགྱུར་བ་མི་སྲིད་དོ།།ཞེས་པ་འདི་ལས། མིང་གདགས་པ་དང་ཐ་སྙད་སྦྱོར་བའི་སྐབས་སུ། སྣང་ཆུང་དང་སླ་བཅོས་སུ་མ་སོང་བ་གལ་ཆེ་ཚུལ་བསྟན་ཡོད།
རྒྱ་ནག་གི་རིག་གཞུང་ནང་དུ་འང་མིའི་མིང་དང་ས་དཔྱད་སོགས་ལ་ཧ་ཅང་གིས་གཙིགས་ཆེན་བྱེད་སྲོལ་ཡོད་དེ། ཆོས་ལུགས་ཐམས་ཅད་དུག་ཏུ་ལྟ་བའི་རྒྱ་དམར་གྱི་འགོ་གཙོ་དག་གིས་ཀྱང་ལྐོག་ཏུ་ནག་རྩིས་ལ་ཡིད་ཆེས་ཀྱིས་རང་གི་མིང་བརྗེས་པ་ལ་སོགས་པའི་གནས་ཚུལ་བྱུང་ཡོད། དཔེར་ན། མའོ་ཙེ་ཏུང་གི་མིང་ཡང་རྒྱ་ནག་གི་རྩིས་པ་ཞིག་གིས་བཏགས་པ་དང་། མའོ་ཡི་མི་ཚེའི་རིང་སྔ་ཕྱིར་བསྡོམས་སྙུག་མིང་དང་གསང་མིང་མི་འདྲ་བ་ཉི་ཤུ་རྩ་གྲངས་འབྲི་སྤྱོད་བྱས་མྱོང་ཚུལ། ད་དུང་རྩིས་པ་དེས་མའོ་ལ་ཚེ་རབས་ལས་རྩིས་བསྐོར་ཏེ། ཁྱེད་རང་གི་ལག་ཏུ་དབང་ཆ་བསླེབས་རྗེས་རྒྱ་ནག་གི་གོང་མའི་ཁྲི་ལ་འདུག་མི་རུང་བ་དང་། གལ་ཏེ་བསྡད་པ་ཡིན་ན་སྲིད་དབང་མི་བརྟན་པ། རྒྱ་ནག་གི་ནུབ་ཕྱོགས་སུ་གཏན་ནས་འགྲོ་མི་ཉན་པ། སོང་ན་ཚེ་སྲོག་ལ་ཉེན་ཆེ་བ་བརྗོད་པ་ལྟར། མའོ་ཡི་ཚེ་གང་བོར་རྒྱ་ནག་གོང་མའི་ཁྲི་ལ་འདུག་ཙམ་ཡང་བྱེད་ཕོད་མེད་པ་དང་། དེ་བཞིན་དུ་བོད་དང་ཤར་ཋིར་ཁི་སི་ཐན་གྱི་ས་ཐོག་ལའང་དངོས་སུ་གོམ་པ་སྤོ་ཐུབ་མེད་པ་རེད། རྗེས་སུ་གོ་ཐོས་ལ་མའོ་ཡིས་ད་དུང་ལྐོག་ཏུ་རྒྱ་ནག་སྐད་དུ་ཡོད་པའི་རྡོ་རྗེ་གཅོད་པ་རྒྱུན་དུ་ཀློག་འདོན་བྱེད་བཞིན་ཡོད་སྐད་དེ་ལྟར་ཡང་། ཁ་ནས་རྟག་པར་ཆོས་ལུགས་ཐམས་ཅད་རྨོངས་དད་དང་དུག་རེད་ཅེས་སྒྲོག་གི་ཡོད།
རྣམ་པ་ཚོས་གོང་དུ་དུམ་བུ་བཅུར་བགོས་ཏེ་རིམ་འགོད་བགྱིས་པའི་མཐའ་དཔྱོད། བདེན་གཏམ་རྡུལ་ཕྲན་འབར་བའི་ཟིལ་ཤུགས་ལ་ཞིབ་ཏུ་གཟིགས་ཏེ་དགོངས་པ་ནན་ཏན་ཞིག་བཞེས་པ་ཡིན་ན། ་་ཤི་ཙང་་དང་་ཐུ་བྷོད་་ཀྱི་ཁྱད་པར་ནི། བོད་མི་རང་ག་བ་ཞིག་གི་སྐྱེས་མིང་ངམ་བཏགས་མིང་དང་། ཡུལ་སྡེ་དང་ལུང་ཚན་བྱེ་བྲག་པ་ཞིག་གི་ས་མིང་ཆུ་མིང་དང་། ཐ་ན་བླ་ཆེན་སྐྱེས་དམ་པ་ཞིག་གི་མཚན་ལས་ཀྱང་བརྒལ་ཏེ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་གོ་གནས་དང་མཚན་མཐོང་ལ་རྒྱ་དང་འབྲེལ་བ་ཆེན་པོ་ཆགས་ཡོད་ཚུལ་གསལ་རྟོགས་བྱུང་ཡོད་ངེས་ཡིན་པར་ཡིད་ཆེས་ཞུ་བཞིན་ཡོད།
ལར་ནས་འདི་འདྲའི་གནད་དོན་གལ་ཆེན་ཐོག་བོད་མིའི་ངོས་ནས་ཐུགས་སྣང་ཆེན་པོ་མ་གནང་བའི་རྒྱུ་མཚན་གཙོ་བོ་ཞིག་ནི། དུས་ད་ལྟ་བར་རྒྱ་ནག་གི་ཆོས་དང་། རིག་གཞུང་། མི་རིགས་སྐད་ཡིག ཡུལ་གོམས་གཤིས་ལུགས་སྤྱི་དང་། ལྷག་པར་དུ་རྒྱ་དམར་གུང་བྲན་ཏང་གི་ལོ་རྒྱུས་དང་དེའི་ལྟ་བ་སྤྱོད་པ་སོགས་ཀྱི་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ཉུང་དྲགས་པའི་རྐྱེན་ཡིན་པར་འདོད།
དེས་ན། བོད་ཀྱི་བདེན་མཐའ་གསལ་ཐབས་ལ་བརྩོན་པའི་སྐབས་སུ། རྒྱ་དམར་གཞུང་དང་ལྷན་དུ་དོན་འབྲས་ཡོད་པའི་ཞི་མོལ་ཡོང་ཐབས་མ་མཆིས་ཀྱང་། གཉུག་མར་གནས་པའི་རྒྱ་མི་རིགས་གང་མང་མང་ལ་ཐད་ཀར་རྒྱ་ནག་སྐད་ཡིག་རང་གི་ཐོག་ནས་འབྲེལ་འདྲིས་དང་གོ་རྟོགས་སྤེལ་རེས་གནང་ཐུབ་པའི་བོད་མི་ཉུང་མཐར་ཡང་ས་ཡ་བརྒལ་བ་བྱུང་ཡོད་ན། དེ་ལ་དཔགས་པའི་གྲུབ་འབྲས་ཉམས་དགའ་བ་ཞིག་ཐོབ་ཡོད་ཚོད་རེད་ལ། གོང་དུ་དུས་ཚོད་མང་བོ་བཏང་། དཀའ་ལས་མང་བོ་བརྒྱབ་ནས་བྲིས་པའི་མཐའ་དཔྱོད་འདི་ཡང་འབྲི་མི་དགོས་པར། སྔ་ས་ནས་ཐག་ཆོད་ཚར་ཡོད་རྒྱུ་རེད།
གཤམ་དུ། མཁྱེན་ཡངས་བོད་མི་རིག་པ་དང་ལྡན་པ་རྣམས་ཀྱི་ཐུགས་སྣང་འདྲེན་ཕྱིར། འཛམ་གླིངཤར་ནུབ་རྒྱལ་ཁབ་ཉིས་བརྒྱ་བརྒལ་བའི་ནང་། རྒྱ་ནག་སྐད་ཡིག་འབྲི་སྤྱོད་བྱེད་མུས་ཀྱི་མི་འབོར་ཅི་ཙམ་ཡོད་མེད་ཀྱི་བསྡོམས་འབོར་རགས་ཙམ་ཡང་འདིར་བཀོད་ཡོད།
ཧིན་དྷུ་ཉི་ཤེ་ལ། བྱེ་བ་གཅིག
ཐེ་ལནད་ནང་ལ། བྱེ་བ་གཅིག
མཱ་ལེ་ཤེ་ཡ་ནང་ལ། ས་ཡ་བདུན་ལྷག
ཨ་རིའི་ནང་ལ། ས་ཡ་ལྔ་ལྷག
སིང་ག་ཕོར་ན། ས་ཡ་གསུམ།
ཁེ་ན་ཌ་ན། ས་ཡ་གཉིས་མ་ཟིན་ཙམ།
བྷར་མའི་ནང་། ས་ཡ་གཅིག་དང་འབུམ་དྲུག་ཙམ།
ཧྥེ་ལི་ཕིན་ནང་། ས་ཡ་གཅིག་དང་འབུམ་གསུམ་ལྷག
བྷེ་རོའི་ནང་། ས་ཡ་གཅིག་དང་འབུམ་གསུམ་ལྷག
ཨོ་གླིང་ནང་། ས་ཡ་གཅིག་དང་འབུམ་གཉིས་ཙམ།
ཧོང་ཀོང་ནང་། ས་ཡ་བདུན་ལྷག
ཐེ་ཝན་དུ་བྱེ་བ་གཉིས་དང་ས་ཡ་གསུམ་ལྷག
གོང་ཁག་ནི་ས་ཡ་བརྒལ་བ་གཙོ་བོ་བྱས་པ་ཡིན།
རྒྱ་ནག་སྐམ་ས་རང་དུ་དུང་ཕྱུར་བཅུ་བཞི་སྟེ། དེའི་ཁར་ད་དུང་ཁྲི་དང་འབུམ་དུ་མ་ཡོད་པའི་ཡུལ་གྲུའི་ནང་གི་མི་འབོར་བསྣན་ན་ཕལ་ཆེར་དུང་ཕྱུར་བཅོ་ལྔ་ཙམ་ཡོད་པའི་དབང་དུ་བཏང་ན། འཛམ་གླིང་ཡོངས་ཀྱི་མི་འབོར་དུང་ཕྱུར་བདུན་བཅུ་དོན་གཉིས་ཀྱི་བརྒྱ་ཆ་ཉི་ཤུ་ལྷག་ཟིན་ཡོང་གི་འདུག་པ་བཅས། དགོངས་པའི་དཔྱད་གཞིར་ཕུལ།
བོད --- Tibet --- 图博
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གལ་ཆེན་ཞིག
སྤྱི་འཐུས་གདུགས་དཀར་ཚེ་རིང་ལགས་ནས།
དཔལ་ལྡན་ཚོགས་གཙོ་མཆོག ངས་སྔོན་མ་ཕྱི་ལོ་༡༩༩༣ ལོར། རྒྱ་ནག་སྐད་དུ་བྲིས་པའི་དཔྱད་རྩོམ་ཐུང་ཐུང་ཞིག་དམངས་གཙོ་རྒྱ་ནག་[民主中国]དུས་དེབ་ཏུ་བཀོད་ཐོན་བྱུང་ཡོད་པ་དེ་གཞིར་བཞག་གིས། དེ་རིང་གྲོས་ཚོགས་ར་བ་འདིའི་ནང་ལ་ངག་ཐོག་ནས་འགྲེལ་རྗོད་ཐུང་ཙམ་ཞིག་ཞུ་འདོད་བྱུང་། རྩ་བས་གནས་ཚུལ་འདི་གསར་བ་དེ་འདྲ་མིན་ཡང་། དོན་དངོས་ཐོག་ད་བར་དུ་ཐག་ཆོད་པ་ཞིག་ད་དུང་བྱུང་མེད་སྟབས། གྲོས་ཆོད་གྲོས་འཆར་འདི་གྲོས་ཚོགས་སུ་དངོས་སུ་མ་བཏོན་སྔོན་ལ། གྲོས་འཆར་འདི་འདྲ་ཞིག་འདོན་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་ཕྱག་རོགས་སྤྱི་འཐུས་རྣམ་པ་ཚོར་གསལ་བཤད་ཡག་པོ་ཞིག་ཞུ་ཐུབ་ན་དགོངས་པ་བཞེས་ཕྱོགས་ལ་ཏན་ཏན་ཁྱད་པར་འགྲོ་ངེས་རེད་བསམས་བྱུང་། རྣམ་པ་ཚང་མས་མཁྱེན་གསལ་ལྟར། གྲོས་འཆར་འདི་ཐ་སྙད་བྱེ་བྲག་པ་ཞིག་གི་སྐོར་ལ་ཡིན་སྟབས། གྲོས་ཚོགས་ནས་བགྲོ་གླེང་ཐག་གཅོད་གནང་བདེ་མེད་པ་ལྟ་བུ་དགོངས་སྲིད་པ་རེད། འོན་ཀྱང་ཐ་སྙད་དེ་ཐ་སྙད་སྤྱིར་བཏང་བ་ཞིག་གཏན་ནས་མ་རེད། དེ་ང་ཚོ་བོད་རྒྱལ་ཁབ་དང་མི་དམངས་ཀྱི་མཚན་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། འདི་ཐ་སྙད་ཙམ་ཞིག་རེད། གནད་འགག་དེ་ཙམ་ཨེ་ཡོད་དགོངས་ན་དེ་མ་འགྲིག་པ་རེད། རྒྱུ་མཚན་ནི་ཐ་སྙད་འདིའི་རྒྱབ་ན་རྒྱ་དམར་གྱི་སྲིད་དོན་གཡོ་བྱུས་གཏིང་ནག་ཅིག་སྦས་ཡོད་པ་ངས་སྔོན་མ་ནས་གསལ་བོར་མཐོང་བསྡད་ཡོད།
དེར་བརྟེན། ད་རེས་གཞིས་བྱེས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་དང་མགྲིན་ཚབ་ བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་འདིའི་ནང་། ཁྲིམས་བཟོའི་འགན་དབང་གི་ཐོག་ནས་ཐ་སྙད་འདིའི་སྐོར་ལ་གཏན་འབེབས་གཙང་མ་ཞིག་གནང་ཐུབ་ན་དགེ་མཚན་ཧ་ཅང་ཆེ་བ་མཐོང་། ཡིན་ནའང་། འདིར་བཞུགས་སྤྱི་འཐུས་རྣམ་པ་མང་ཆེ་བ་ད་བར་རྒྱ་ནག་སྐད་ཡིག་ལ་ཆེད་དུ་སྦྱང་བ་སྔོན་དུ་མ་སོང་བ་རྐྱང་ཡིན་སྟབས། ཐ་སྙད་འདིའི་བྱུང་རིམ་ལོ་རྒྱུས་དང་རྒྱབ་ལྗོངས་སྐོར་ངོ་སྤྲོད་མཚམས་སྦྱོར་ངེས་པ་རྙེད་པ་ཞིག་ཞུས་ན་མ་གཏོགས། འོལ་ཚོད་ཀྱིས་ཐག་བཅད་ན་ཡག་པོ་མེད་པ་གསལ་བོ་རེད།
དེས་ན། ང་ཚོས་བོད་ཅེས་བརྗོད་སྐབས། འདིར་བཞུགས་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པས་དབུས་པའི་བོད་མི་སུས་ཀྱང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་ཀྱི་ཡོད་པ་དང་། དེ་བཞིན་དུ་དབྱིན་སྐད་དུ་Tibet ཞེས་བརྗོད་སྐབས་བོད་ས་ཡོངས་ལ་བདེ་བླག་ཏུ་གོ་ཐུབ་ཀྱི་ཡོད་པ་དེ་ལྟར་ཡང་། རྒྱ་ནག་སྐད་དུ་་西藏xi zang་་ཞེས་བརྗོད་སྐབས། བོད་སྐད་དང་དབྱིན་སྐད་ནང་བཞིན་བོད་ས་ཡོངས་ལ་གོ་མི་ཐུབ་པ་བཟོས་བཞག་ཡོད་པ་རེད། རྙོག་དྲ་འདི་ནས་བྱུང་བ་རེད།
ང་སྔོན་ཆད་བོད་དུ་ཡོད་དུས། མཚོ་སྔོན་མི་རིགས་སློབ་ཆེན་ན་སློབ་སྦྱོང་བྱེད་བཞིན་པའི་དུས་སུ། ཉིན་ཞིག་་སྦྲང་ཆར་་ཡིན་ནམ་ཅི་བོད་ཡིག་གི་དུས་དེབ་ཅིག་གི་ཐོག མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་བརྩམས་པའི་དཔྱད་རྩོམ་ཞིག་མཐོང་བྱུང་བ་དེའི་ནང་དུ། ་་དེང་སང་རྒྱ་ནག་སྐད་དུ་བོད་ཀྱི་མིང་ལ་་西藏xi zang་་ཞེས་འབོད་པ་ཤིན་ཏུ་མི་འཐད་ཀྱང་་གསུངས་འདུག རྗེས་སུ་མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་ཀྱང་དེ་དང་འདྲ་བ་གསུངས་ཡོད་པ་ཤེས་རྟོགས་བྱུང་། གང་ལྟར་ཁོང་རྣམ་པ་གཉིས་ཀྱིས་མཚོན་པའི་བོད་བཞུགས་སྐད་གཉིས་སྨྲ་བའི་དབང་བོ་མང་ཆེ་བ། རྒྱ་དམར་གྱི་འབོད་ཚུལ་དེར་ཐུགས་འདོད་གཏན་མེད་པའི་དགོངས་ཚུལ་ཤུགས་ཆེར་ཡོད་པ་གསལ་བོ་རེད།
མཚམས་འདི་ནས་ངས་གསལ་ཁ་དོད་དེ་ཞུ་འདོད་པ་ནི། གནད་དོན་འདི་ང་གདུགས་དཀར་ཚེ་རིང་གིས་གློ་བུར་དུ་ཤེས་སོང་བ་ལྟ་བུ་ཞིག་དང་། སྔོན་ཆད་སུ་གང་གིས་མ་ཤེས་པའི་གནད་དོན་ཞིག་ངས་གསར་དུ་ཤེས་ཡོད་ཅེས་ཞུ་ཡི་མེད་ལ། འདི་ལ་དོ་སྣང་ཡོད་མཁན་ང་གཅིག་པོ་ལས་མི་འདུག་ཅེས་དེ་བས་ཀྱང་བརྗོད་ཀྱི་མེད།
སྟབས་མ་ལེགས་པ་ཞིག་ལ། བོད་བཞུགས་མཁས་དབང་རྣམ་པ་ཚང་མ་གཞན་དབང་སྟབས་བསྟུན་གྱིས་སྨྲ་རྗོད་རང་དབང་ཙམ་ཡང་མེད་ས་ནས། འདི་འདྲའི་ཚོར་རྫི་སྐྱེན་པའི་གནད་དོན་ཐད་རང་རང་གི་དགོངས་ཚུལ་གསལ་སྟོན་དང་། དགག་བཞག་སྤོང་གསུམ་གྱི་སྒོ་ནས་ཐ་སྙད་འདི་འདྲ་གཏན་ལ་འབེབས་པའི་གོ་སྐབས་ཞིག་ག་ལ་ཡོད།
ཧ་ལས་དགོས་པ་ཞིག་ནི། ང་རང་སྐྱབས་བཅོལ་དུ་འབྱོར་རྗེས་མཐོང་བའི་རང་གཞུང་གི་གཞུང་འབྲེལ་ཡིག་ཆ་གལ་ཆེན་སྤྱི་དང་། ལྷག་པར་དུ་༧གོང་ས་ཆེན་པོའི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་གྱིས་མཚོན་པའི་ཆོས་སྲིད་ལུགས་གཉིས་དང་འབྲེལ་བའི་བླང་དོར་བཀའ་སློབ་ལམ་སྟོན་ཁག་རྒྱ་ནག་སྐད་དུ་འགྱུར་བ་ཐམས་ཅད་ཀྱི་ནང་གང་སར་བོད་་ཀྱི་མིང་ལ་་ 西藏xi zang་་ ཞེས་བྲིས་འདུག་པར་བློ་ཕམ་ཆེན་པོ་བྱུང་། ད་བར་དུ་འདི་འདྲའི་གནད་དོན་གལ་ཆེན་ཐོག་གོ་མེད་ཚོར་མེད་ངང་ཡིན་ཤག་ཤག་གིས་འགྲོ་བསྡད་པ་ནི། སྲིད་དོན་གྱི་གནད་འགག་ཐོག་ནས་བལྟས་ན་ནོར་འཁྲུལ་ཆེན་པོ་ཞིག་རེད་སྙམ།
ང་བཙན་བྱོལ་དུ་འབྱོར་ནས་རིང་བོ་མ་སོང་བར། ༧གོང་ས་མཆོག་དང་རང་གཞུང་གི་བཀའ་འབྲེལ་ལྟར། སུད་སིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས། ནུབ་ཕྱོགས་རྒྱལ་ཁབ་ཁག་བརྒྱད་ལ་ངོ་བསྐྱོད་ཀྱིས་གཞིས་ལུས་བོད་རྒྱ་ཆེའི་མི་དམངས་ཀྱི་ལུས་སེམས་གཉིས་ཀས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་རྣམས་འཛམ་གླིང་མི་དམངས་ཡོངས་ཀྱིས་མཁྱེན་རྟོགས་ཡོང་བའི་འབད་བརྩོན་བྱས་པ་ཡིན། རྒྱལ་ཁབ་དེ་དང་དེ་དག་ཏུ་ཐུག་འཕྲད་བྱུང་བའི་རྒྱ་རིགས་མཁས་པ་རྣམས་དང་། ཨ་རིའི་གྲོང་ཁྱེར་ཉིག་ཡོག་ནས་སྐུ་ཞབས་ང་ཕོད་འཇིགས་མེད་ལགས་ཀྱིས་གཙོས་རང་རིགས་མཁྱེན་ལྡན་ཁག་ཅིག་དང་ལྷན་དུ་གནད་དོན་འདིའི་སྐོར་ལ་གོ་སྡུར་བགྲོ་གླེང་ལྷུགས་པོར་ཞུས་པ་ཡིན་ཏེ། བསམ་ཚུལ་མ་འདྲ་བ་ཙམ་དང་བགྲོ་གླེང་བྱས་པ་ཙམ་ལས། གནད་དོན་ཐག་ཆོད་པ་ཞིག་བྱུང་མ་སོང་།
རྗེས་སུ་རྒྱ་གར་དུ་ཚུར་ལོག་ནས། བོད་རང་གི་རྒྱལ་རབས་ལོ་རྒྱུས་དང་། རྒྱ་ནག་སྐད་དུ་ཡོད་པའི་བོད་དང་རྒྱ་ནག་གི་ལོ་རྒྱུས་བྱུང་རབས་སྐོར་གྱི་དེབ་མི་ཉུང་བ་ཞིག་བཀླགས་ཏེ་ནན་ཏན་ཆེན་པོས་དཔྱད་པ་ཞིབ་མོ་བྱས་པ་ཡིན།
བོད་ཀྱི་བཙན་པོའི་རྒྱལ་རབས་དང་། རྒྱ་ནག་གི་ཐང་རྒྱལ་རབས་སྐབས་ནས་བཟུང་། བོད་རྒྱ་གཉིས་བར་ལ་ཞི་དྲག་གཉིས་དང་ཆོས་སྲིད་གཉིས་ཕྱོགས་ནས་མཛའ་དང་མི་མཛའི་འབྲེལ་བ་སྣ་ཚོགས་ཤིག་བྱུང་བའི་མགོ་བརྩམས་འདུག སྐབས་དེ་དང་དེའི་རྒྱ་ནག་གི་ལོ་རྒྱུས་དེབ་ཐེར་ཚང་མའི་ནང་དུ། ང་ཚོ་བོད་ལ་ ་吐蕃་་ཅེས་འབོད་ཀྱི་འདུག་ལ། ་་ཐུ་བྷོད吐蕃་་ཅེས་བརྗོད་སྐབས་བོད་ཆོལ་ཁ་གསུམ་སྤྱི་ཡོངས་ལ་ཁྱབ་ཀྱི་ཡོད་པའང་གསལ་བོ་འདུག འདིའི་སྐོར་དབོན་ཞང་རྡོ་རིང་གིས་མཚོན་རྡོ་རིང་ཁག་དང་ཏུན་ཧོང་གཏེར་ཡིག་སོགས་སུ་ལས་སླ་བོར་རྙེད་ཀྱི་འདུག
ཡིན་ནའང་སྟབས་ཉེས་པ་ཞིག་ལ། ང་ཚོས་་ཐུ་བྷོད吐蕃་་ཅེས་པའི་ཡིག་འབྲུ་འདི་གཉིས་ཀྱི་གོ་དོན་ཡང་སྙིང་ག་རེ་ཡིན་མིན་སྐོར་རྒྱ་ཡི་ཚིག་མཛོད་ཆེན་མོ་་辞海བསྔོགས་སྐབས། སེམས་ལ་ཆུ་འཁྱག་བླུགས་པ་བཞིན་གྲང་ཤུར་ཤུར་ཆགས་སོང་། ་་ཐུ་བྷོད吐蕃་་ཅེས་པ་འདི་ང་ཚོ་བོད་མི་ཡོངས་ལ་མཐོང་ཆུང་ཁྱད་གསོད་ཚད་ལས་འདས་པ་བྱས་པའི་འབོད་ཚུལ་ཞིག་ཡིན་པ་ད་གཟོད་ཤེས་བྱུང་། ་་ཐུ་吐ནི་ཕྱི་ལ་སྐྱུགས་པའི་དོན་དང་། བྷོད་蕃་ནི་ཤེས་རིག་དཔལ་ཡོན་མ་དར་བའི་མི་རིགས་ཀླ་ཀློ་སྤྱོད་པ་རྩིང་བོ་ལ་གོ་ཡི་འདུག དེ་འདྲ་ཡིན་སྟབས། ་་ཐུ་བྷོད་吐蕃་་ཀྱིས་ཆོལ་ཁ་གསུམ་པོར་གོ་ཐུབ་ཀྱང་དེའི་གོ་དོན་ཧ་ཅང་མི་ལེགས་པ་དང་བཀྲ་མི་ཤིས་པ། མཐོང་ཆུང་གི་བསམ་བློ་ཤུགས་ཆེ་བས་བེད་སྤྱོད་མ་བྱས་པར་བཞག་པ་ཡིན། འདི་གཅིག་ཡིན།
ད་དེ་ནས། ་་西藏xi zang་་ཟེར་བའི་ཐ་སྙད་ཁྱད་མཚར་འདིའི་སྐོར་ལ་ཉམས་ཞིབ་ཅིག་བྱས་པ་ཡིན།
འབོད་ཚུལ་འདི་མཉྫུའི་གོང་མ་་ཁཱང་ཞིའི་སྐབས་ནས་གསར་དུ་བྱུང་བ་ཞིག་རེད་འདུག རྩ་བས་ཐ་སྙད་འདིའི་ངོ་གདོང་ནས་གོ་བ་ཞིག་བླངས་པ་ཡིན་ན། ་་ཤཱི་西ནི་་རྒྱ་ནག་སྐད་དེ། ནུབ་ཀྱི་དོན་་དང་། ་་ཙང藏་་ནི་བོད་སྐད་ཀྱི་སྒྲ་ཟུར་ཆག་པ་སྟེ། བོད་སྐད་དུ་དབུས་གཙང་ཞེས་འབོད་པའི་གཙང་གི་སྒྲ་གཅིག་པོ་ཚུར་བླངས་ཏེ་བཟོས་པའི་རྒྱ་བོད་སྐད་གཉིས་འདྲེས་མའི་འབོད་ཚུལ་ཞིག་རེད་འདུག དེས་ན་འབོད་ཚུལ་གསར་བ་འདི་བྱུང་མ་ཐག་པའི་སྐད་ཅིག་དང་བོ་དེ་ནས་བཟུང་། ཐ་སྙད་འདིའི་ངོ་གདོང་རང་ནས་འགྲེལ་བཤད་ཅིག་བརྒྱབ་པ་ཡིན་ན། མདོ་སྟོད་སྨད་གཉིས་ཚུད་པའི་བོད་ཆོལ་ཁ་གསུམ་ཡོངས་ལ་ཁྱབ་རྒྱུ་ལྟ་ཅི། ཐ་ན་དབུས་གཙང་མངའ་རིས་དང་བཅས་པར་འབོད་པའི་ནང་གི་གཙང་གི་ཡུལ་ཁོ་ན་ཙམ་ལས་དབུས་དང་སྟོད་མངའ་རིས་ཕྱོགས་ལའང་གོ་མི་ཐུབ་པ་ཆགས་ཡོད།
ཐ་སྙད་འདིའི་ཐོག་མའི་བྱུང་རྐྱེན་སྐོར་ལ་ཉམས་ཞིབ་བྱས་ཡོང་དུས། རང་བཞིན་གྱིས་༧རྒྱལ་བ་ཡབ་སྲས་གཉིས་ཀྱི་མཛད་པ་འཕྲིན་ལས་དང་འབྲེལ་བ་ཞིག་ཆགས་ཡོང་གི་འདུག་ལ། ལྷག་པར་དུ་གཙང་པན་ཆེན་རིན་པོ་ཆེ་དང་འབྲེལ་བ་དམིགས་བསལ་ཡོད་པ་འདྲ་བོ་ཞིག་འདུག གང་ལྟར་མཉྫུ་གོང་མ་་ཁཱང་ཞི་་ཁྲི་ལོ་གཉིས་པ། ཕྱི་ལོ་ ༡༦༦༣ ཟླ་བརྒྱད་པའི་ནང་། པན་ཆེན་རིན་པོ་ཆེར་མཚན་འཁོད་ཕྱག་བྲིས་ཤིག་གནང་བའི་ནང་། ་་ཤཱི་ཙང་པན་ཆེན་ཧུ་ཐོག་ཐུ 西藏班禅胡土克图 ་་ཞེས་གསལ་འདུག་པ་དང་། དུས་དེ་ནས་བཟུང་རྒྱ་ནག་གི་ཡིག་ཆ་ཚང་མའི་ནང་དུ་་西藏ཤཱི་ཙང་་ཞེས་པའི་ཡིག་འབྲུ་འདི་གཉིས་ས་ཁྱབ་རྡོ་ཁྱབ་ཏུ་དར་མགོ་བརྩམས་འདུག
དེ་ནས་གོ་མིན་ཏང་དང་གུང་ཁྲན་ཏང་། ལྷག་པར་དུ་གུང་ཁྲན་ཏང་གི་སྐབས་ལ་་ཤཱི་ཙང་་ཞེས་པའི་ཐ་སྙད་བཀྲ་མ་ཤིས་པ་འདི་འབྲི་སྤྱོད་ཀྱི་རྒྱུན་མཐུད་པ་ཙམ་དུ་མ་ཟད། སྔར་ལས་ཀྱང་སྡུག་ཐོག་སྡུག་བརྩེགས་ཀྱིས། བོད་ས་དུམ་བུ་མང་བོར་བཅད་དེ་དབུས་གཙང་གི་ཕྱོགས་དེ་་西藏ཤཱི་ཙང་་ཞེས་པའི་མིང་གི་འོག་དང་། བོད་ས་གཞན་རྣམས་རྒྱ་ནག་གི་ཞིང་ཆེན་གཞན་པའི་ནང་ཟླ་བསྒྲིལ་གྱིས། ་་ 青海ཆིན་ཧེ་་ 甘肃ཀན་སུ་་ 四川ཟི་ཁྲོན་་ 云南ཡུན་ནན་སོགས་ཀྱི་ཁོངས་སུ་ཡོད་པའི་བོད་ས་རྣམས་དང་། བོད་ས་དེ་དང་དེར་གནས་པའི་བོད་མི་རྣམས་རིམ་གྱིས་མིང་གི་ལྷག་མ་ཙམ་ཡང་མེད་པ་བཟོ་འདོད་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།
གོང་གསལ་ལོ་རྒྱུས་ཀྱི་བྱུང་རབས་རྒྱབ་ལྗོངས་དང་བྱུང་རྐྱེན་སོགས་ལས་ང་ཚོས་གསལ་བོར་རྟོགས་ཐུབ་པ་ནི། ་་ཐུ་བྷོད 吐蕃་་ཅེས་པའི་འབོད་ཚུལ་འདིའི་གོ་དོན་ཧ་ཅང་མི་ལེགས་པ་མ་གཏོགས། བོད་ཆོལ་ཁ་གསུམ་པོར་ཁྱབ་པའི་བོད་ཀྱི་སྤྱི་མིང་ཞིག་དང་། དེས་བོད་འདི་རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་དང་གདན་ཐོབ་ལ་དོ་ཕོག་འགྲོ་ཡི་མེད་པ་རེད།
འོན་ཀྱང་། ་་ཤཱི་ཙང་་ཟེར་བའི་འབོད་ཚུལ་འདི་བྱུང་བ་ནས་བཟུང་། བོད་འདི་རྒྱལ་ཁབ་རང་རྐྱ་འཕེར་བ་ཞིག་ཡིན་པའི་ངོ་བོ་དང་ལོ་རྒྱུས་གོ་གནས་སམ་གདན་ཐོབ་མེད་པར་བཟོས་པ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས། ངས་་ཤཱི་ཙང་་ཞེས་པའི་ཐ་སྙད་འདིའི་ནུས་པ་ནི། མི་ཤི་རྟ་འགྱེལ་གྱི་གཡུལ་འཁྲུག་ཆེན་པོ་ཞིག་གིས་བསྐྱེད་པའི་གོད་ཆག་ལས་ཀྱང་ལྡབ་འགྱུར་གྱིས་ཆེ་བ་དང་། ངན་སྔགས་འཆང་བ་སྟོང་ཕྲག་དུ་མས་དུས་གཅིག་ཏུ་མཐུ་བརྒྱབ་པ་ལས་ཀྱང་སྡུག་པར་ངོས་འཛིན་གྱི་ཡོད།
་་吐蕃ཐུ་བྷོད་་དང་་西藏ཤཱི་ཙང་་གཉིས་ཀ་མི་འགྲིག་སྟབས། དེ་སྔའི་ཆོས་རྒྱལ་ཚོའི་སྐབས། རྒྱ་ནག་གིས་བོད་ལ་འབོད་པའི་་ཐུ་བྷོད་་ཀྱི་སྒྲ་རང་སོར་བཞག་སྟེ། དོན་གྱི་གོ་བ་གསར་བ་ཤིན་ཏུ་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཡི་གེ་གཉིས་གསར་དུ་བཟོས་ནས་ དེ་རིང་འདིར་གྲོས་ཚོགས་ཀྱི་གསོལ་ཅོག་ཐོག་ཁྱེར་ཡོང་ཡོད། ཡི་གེ་འདི་གཉིས་ཀྱི་དང་བོ་་图་ཡི་དོན་ནི།
奋发图强,宏伟蓝图སྟེ། དམིགས་ཡུལ་རླབས་པོ་ཆེ་ཞིག་འགྲུབ་ཆེད་འབད་བརྩོན་བྱེད་པ་དང་། ་་བྷོད་博་ ནི་བོད་རང་གི་སྒྲ་དང་ཉེ་བ་ཙམ་དུ་མ་ཟད། འདིའི་གོ་དོན་ནི་博大精深སྟེ། རྒྱ་ཆེ་ལ་གཏིང་ཟབ་པའི་དོན་ཡིན་པས། ནང་བ་སངས་རྒྱས་པའི་ཆོས་ལ་གོ་ཆོག་པ་མ་ཟད། 博爱众生སྟེ། འགྲོ་བ་སེམས་ཅན་ཡོངས་ལ་ཚད་མེད་པའི་སྙིང་རྗེ་མངའ་བའི་དོན་ཡང་ཡོད་པས། འཕགས་མཆོག་ཕྱག་ན་པདྨོར་རང་བཞིན་གྱི་གོ་འགྲོ་བ་ཞིག་ཡོད་པས་རྟེན་འབྲེལ་གྱི་ཆ་ནས་ཀྱང་ཤིན་ཏུ་ལེགས་པར་མཐོང་གི་ཡོད།
གོང་ཞུས་བྱུང་རབས་དང་རྒྱབ་ལྗོངས་ཀྱི་གནས་ཚུལ། དེ་ལས་ཀྱང་གལ་ཆེ་བ་སྲིད་དོན་གྱི་གནད་འགག་ཐོག་དགག་དགོས་རྒྱུ་མཚན་ཅི་ཆགས་སྐོར་ལ། སྤྱི་འཐུས་རྣམ་པ་ཚང་མས་དགོངས་པ་ཟབ་བཞེས་གནང་ཐོག གྲོས་འཆར་འདིར་སྤྱི་མོས་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་བཞིན་ཡོད།
གྲོས་ཆོད་གྲོས་འཆར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་བསྩལ་བའི་ལུགས་གཉིས་བླང་དོར་བཀའ་སློབ་ཀྱིས་མཚོན། བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་དེབ་ཐེར་སོགས་སྤྱི་དང་། ལྷག་དོན་རང་གཞུང་གི་གཞུང་འབྲེལ་ཡིག་ཆ་ཁག་རྒྱ་ནག་སྐད་དུ་སྒྱུར་བའམ་ཡང་ན་རང་ཕྱོགས་ནས་ཐད་ཀར་དུ་རྒྱ་ཡིག་གི་དུས་དེབ་དང་གསར་ཤོག་སོགས་འདོན་འགྲེམ་སྐབས། བོད་་ཀྱི་སྐད་དོད་དུ་་ཐུ་བྷོད图博་་དང་་བྷོད博་་ཅེས་འབྲི་རྗོད་དགོས་པ་མ་ཟད། བོད་ས་སྟོད་སྨད་བར་གསུམ་གྱི་ས་མིང་ཆུ་མིང་རིའི་མིང་དང་གྲོང་སྡེའི་མིང་སོགས་ཚང་མ། བོད་རང་གི་ལོ་རྒྱུས་སུ་ཇི་ལྟར་འབོད་པ་དེ་དེ་བཞིན་དུ་ཡུལ་བྱེ་བྲག་པ་དེ་དང་དེའི་ཡུལ་མི་རང་བཞིན་པའི་སྐད་གཞིར་བཞག་གིས་སྒྲ་ཇི་བཞིན་པར་བསྒྱུར་དགོས་པ་ལས། ་་ཤི་ཙང西藏་་གིས་མཚོན། རྒྱ་དམར་གྱིས་གསར་དུ་བཏགས་པའི་ཐ་སྙད་རིགས་བེད་སྤྱོད་ནམ་ཡང་མི་ཆོག་པའི་གྲོས་ཆོད་དུ། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས། ཞེས་བཏོན་པར། སྤྱི་འཐུས་རྨེའུ་མགོན་པོ་མཚོས་རྒྱབ་སྐྱོར་གནང་། དགག་བྱ་གནང་སྤྱི་འཐུས་གཅིག་ཀྱང་མ་བྱུང་བས། ཕྱི་ལོ་༡༩༩༨ ཟླ་ ༩ ཚེས་༢༢ ཉིན། སྤྱི་མོས་བྱུང་།
(ཕྱི་ལོ་ ༡༩༩༨ ཟླ་༩ ཚེས་ ༡༥ ནས་ཚེས་ ༢༥ བར་ཚོགས་པའི་སྐབས་བཅུ་གཉིས་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་ཐོག་གཏན་ལ་ཕབ་པའི་གྲོས་ཆོད།)