Back To Top

མི་ཡུལ་ཉུལ།

སྙན་ངག་ཅིག

བཀླགས་གྲངས། 698

༼མི་ཡུལ་ཉུལ། 

 

བལ་བོད་མཚམས་སུ་ལས་ཀྱིས་ལྟེ་ཁྲག་འཐོར།།

རྒྱ་གར་ཡུལ་དུ་ཤེས་བྱའི་གཤོག་རྩལ་རྒྱས།།

ནུབ་ཕྱོགས་གྲགས་པའི་མཁའ་ལ་ལྡིང་བཞིན་ལྡིང་།།

ཤར་ནུབ་རིག་པའི་གསང་གནད་ཉུལ་ལ་སྤྲོ།།

 

ཉུལ་ཉུལ་རབ་ཏུ་ཉུལ། 

སྲང་ལམ་འདི་ནས་ལོ་རྒྱུས་ཀྱི་རི་མོ་ཉུལ། 

ཆབ་སྲིད་ཀྱི་འཕོ་འགྱུར་ཉུལ། 

མི་རིགས་ཞིག་གི་བྱས་རྗེས་ཉུལ། 

སྒྱུ་རྩལ་གྱི་འཛུམ་མདངས་ཉུལ། 

འཛུགས་བསྐྲུན་གྱི་འོད་མདངས་ཉུལ། 

དཔལ་རྩལ་གྱི་གཟི་བརྗིད་ཉུལ། 

སྐྱིད་སྡུག་གི་ཚོར་འདུ་ཉུལ། 

དཔལ་འབྱོར་གྱི་ཡར་རྒྱས་ཉུལ། 

སྐད་ཡིག་གི་གྲགས་པ་ཉུལ། 

སྙན་ངག་གི་གསང་བ་ཉུལ། 

མདོར་ན་ཇི་ཙམ་ཉུལ་ཡང་འཛད་མི་སྲིད་དོ། སྔར་ཉུལ། ད་ཡང་ཉུལ། མ་ཤི་བར་དུ་ཉུལ་བར་བྱའོ།།

10/02/23 རང་གཤིས་ཀྱིས་གཟའ་འཇུག་སྤྲོ་འཁྱམས་ཀྱི་ཚོར་འདུ་ཡིག་གེར་བཀོད་ཐལ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།