མདང་མཚན།
མཁའ་དབྱིངས་ན་ཟླ་འོད་འཚེར་རམ་ཅི།
ཁོ་མོ་རྨི་ལམ་དུ་བྱོན་ནས།
ཁྱོད་ཀྱིས”ཟླ་བའི་ལྷ་མོ”ཞེས་མི་འབོད་དོན་ཅི་ཡིན་ཟེར།
དོན་ངོ་མར།
ངས”ཟླ་བའི་ལྷ་མོ”ཞེས་མ་བོས་ནས་ཡུན་རིང་ཕྱིན་སོང་།
བཀླགས་གྲངས། 744
རྨི་ལམ་ལ་གཤོག་པ་བཏགས་པ།
དོལ་སྨྱོན།
མདང་མཚན།
མཁའ་དབྱིངས་ན་ཟླ་འོད་འཚེར་རམ་ཅི།
ཁོ་མོ་རྨི་ལམ་དུ་བྱོན་ནས།
ཁྱོད་ཀྱིས”ཟླ་བའི་ལྷ་མོ”ཞེས་མི་འབོད་དོན་ཅི་ཡིན་ཟེར།
དོན་ངོ་མར།
ངས”ཟླ་བའི་ལྷ་མོ”ཞེས་མ་བོས་ནས་ཡུན་རིང་ཕྱིན་སོང་།
ང་རང་འཁོར་བའི་ཐང་ཆེན་ན་འདུར་དྲགས་པས་ཡིན་ནམ།
ཡང་ན་ཞེ་ལ་ཐིམ་པའི་བག་ཆགས་མཐུག་དྲགས་པས་ཡིན།
མཛེས་པ་ཐར་ཐོར་དང་།
ནོམ་པ་མག་མོག་དེ་ཚོར་ང་རང་མགུ་ཐབས་ཁྱོན་ནས་མ་བྱུང་།
མདང་མཚན།
མཁའ་དབྱིངས་ན་ཟླ་འོད་འཚེར་རམ་ཅི།
ཁོ་མོ་རྨི་ལམ་དུ་བྱོན་ནས།
ཁྱོད་ཀྱིས”ཟླ་བའི་ལྷ་མོ”ཞེས་མི་འབོད་དོན་ཅི་ཡིན་ཟེར།
དོན་ངོ་མར།
ངས”ཟླ་བའི་ལྷ་མོ”ཞེས་མ་བོས་ནས་ཡུན་རིང་ཕྱིན་སོང་།
ང་རང་རང་ཉིད་ལ་དགའ་དྲགས་པས་ཡིན་ནམ།
ཡང་ན་རྨི་ལམ་ནང་གི་ཁོ་མོར་དུང་དྲགས་པས་ཡིན།
ལོ་ཟླ་འདི་དག་གི་རིང་།
ཉི་ཟླའི་འཆར་ནུབ་དང་སྐྲ་ལོའི་འཇམ་ངད་དག་ལའང་།
བརྩེ་དགས་རོལ་མྱོང་བྱེད་པར་གཏན་ནས་མ་ཕོད།
མདང་མཚན།
མཁའ་དབྱིངས་ན་ཟླ་འོད་འཚེར་རམ་ཅི།
ཁོ་མོ་རྨི་ལམ་དུ་བྱོན་ནས།
ཁྱོད་ཀྱིས”ཟླ་བའི་ལྷ་མོ”ཞེས་མི་འབོད་དོན་ཅི་ཡིན་ཟེར།
དོན་ངོ་མར།
ངས”ཟླ་བའི་ལྷ་མོ”ཞེས་མ་བོས་ནས་ཡུན་རིང་ཕྱིན་སོང་།
༢༩-༠༡-༢༠༢༤ ཉིན།