བཀླགས་གྲངས། 886
བཀག་ཀྱང་མི་ཁོག་པ་ནི། ལོ་ཟླའི་བཞུར་རྒྱུན་དེའོ།།
དོལ་སྨྱོན།
ཀ
ང་ཡི་དཀར་ཡོལ་དང་འོ་ཇ།
དེའི་ནང་དུ་འཁྱིལ་བའི་དྲན་གདུང་།
བག་ཆགས་ཀྱི་ཁ་རླངས་འཐུལ་ལེ།
ལན་ཆགས་ཀྱི་ལྦུ་བ་ལྟེམ་མེ།
ཁ།
ང་ཡི་གླུ་གཞས་དང་རོལ་དབྱངས།
དེའི་བར་ནས་མཆེད་པའི་རྒྱུད་དྲུག་གི་དབྱངས་རྟ།
སེམས་དང་སེམས་པ་ཚ་ལམ་མེ།
ཞལ་དང་ཞལ་རས་འཛུམ་དམུལ་ལེ།
31-12-2020