སྙན་ཚིག
བཀླགས་གྲངས། 722
ཆུ་ཕྲན་ཕར་ནང་ཚུར་ནང་།།
གཙང་བོ་བཞུར་ནས་བཅད་སོང་།།
སེམས་ཀྱིས་ཟམ་ཐག་རིང་མོ།།
ནམ་ཡང་ཆད་དུ་མ་འཇུག།
རི་བོ་ཕར་ནང་ཚུར་ནང་།།
ཞལ་ངོ་རིག་རྒྱུ་མི་འདུག།
བཙག་དང་བསེར་བུ་ཁ་ནས།།
སྙིང་ལ་རྨ་ཁ་མ་གཏོད།།
གནམ་གྱི་ཕ་མཐའ་ཚུར་མཐའ།།
སྤྲིན་པ་འཚུབ་ཐེངས་ཤིག་གིས།།
སེམས་དང་བསམ་བའི་བར་ལ།།
མིག་ཆུ་གཏོང་གི་མ་འཇུག།
རྒྱང་ཐག་རིང་མོ་དེ་ན།།
ང་དང་ཁྱོད་གཉིས་ལུས་ཡོད།།
གནམ་སའི་རྒྱ་ཁྱོན་བར་ནས།།
ངེད་གཉིས་རེ་འདུན་ལྷག་ཡོད།།
། ༢༠༡༨/༡༠/༡༣ མཚན་མོར་རྒྱལ་ས་ཕ་རེ་སི་ནས།