Back To Top

ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་།

ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་།

བཀླགས་གྲངས། 835

གསུང་བ་པོ།ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ།

ཡིག་འབེབས་པ།འཇམ་དབྱངས་དཀར་པོ།

གསུང་གནས།བཞུགས་སྒར་རྒྱལ་བའི་ཕོ་བྲང་།

གསུང་ཚེས།སྤྱི་ལོ་༢༠༢༣ཟླ་ཚེས་ཉིན།

 

རྒྱལ་བ་རིན་པོ་ཆེས་མགོ་ཁྲིད་པའི་[མཚམས་འདིར་སྐུ་དྲུང་དུ་མཇལ་ཁ་ཞུ་བཞིན་པའི་བུ་མོ་ཞིག་གིས་ང་ཚོས་ཁྱོད་རང་སྐུ་གཟུགས་བདེ་པོ་ཡོང་བའི་སྨོན་ལམ་ཞུ་བཞིན་ཡོད་ཅེས་ཞུས་པར།གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་ཀྱང་ངས་བཟུང་བསྡད་ཡོད་ལ།བཙན་བྱོལ་ལ་ཡོད་པའི་བོད་མི་རྣམས་ཀྱི་སེམས་ཤུགས་ཀྱང་ངས་བཟུང་བསྡད་ཡོད་པས།ང་ལོ་བརྒྱ་ལྷག་ཅིག་སྡོད་རྒྱུ་ཡིན།ཤེས་སོང་ངམ།ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌།།ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།།ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།ཧ་ཧ་ཧ་་་།[བུ་མོ་དེའི་མགོ་ལ་ཕྱག་གིས་ཤུགས་ཆེ་ཙམ་འགའ་གཞུས་ཏེ་བཞད་མོ་བཞད།བུ་མོ་དེས་ཐུགས་རྗེ་ཆེ་ཞུས།བློ་བདེ་པོ་དང་སེམས་སྐྱིད་པོ་བྱས་ཏེ་སྡོད་ཨང་།

ང་ཚོ་བོད་གངས་ཅན་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཡིན་པས།སྤྱི་ཡོངས་ཀྱིས་བཤད་ན་བོད་པའི་བྱིས་པ་ཆུང་ཆུང་ཚོས་ཀྱང་འབུ་མ་གསོད་ཟེར་བའི་གོམས་སྲོལ་ཞིག་ཡོད།ཕྱི་རྒྱལ་གྱི་བྱིས་པ་ཚོ་འབུ་གསོད་རྒྱུ་དེ་སྣང་མེད་ཡིན།བོད་པ་ཚོ་ཆུང་ཆུང་སྐབས་ནས་འབུ་མ་གསོད་ཅེས་བཤད་ཀྱི་ཡོད།

ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་རྒྱུན་འཛིན་གྱི་མི་རིགས་ཤིག་ཆགས་ཡོད་པ་དང་།ང་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་གྱི་བཟོ་ལྟ་བུ་ཆགས་ཡོད་པས།ངས་འཕགས་པ་སྤྱན་རས་གཟིགས་ལ་མགྲོན་གཉེར་བྱེད་པ་དང་།བོད་པ་ཚོའི་ཚབ་བྱས་ནས་ཞུ་བསྐུལ་བྱེད་ཀྱི་ཡོད།ཤེས་སོང་ངམ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།