Back To Top

བུ་མོ་ཚོས་ཟླ་མཚན་འབབ་དུས་འདི་དག་ཟ་མི་ཉན།

དོ་སྣང་ཤེས་བྱ།

བཀླགས་གྲངས། 762

སྤྱི་ལོ༢༠༡༩ཟླ༩ཚེས༡༠ཉིན། བུ་མོ་ཚོར་ཟླ་མཚན་འབབ་པའི་སྐབས་སུ་གཤམ་གྱི་གནད་དོན་བཞི་ལ་འཛེམ་རྒྱུ་གལ་ཆེ།

 1. ཟླ་མཚན་ཡོང་སྐབས་ཆུ་གྲང་མོ་མ་འཐུང་། ཁྱིམ་གྱི་དྲོ་ཚད་ཡིན་པའི་དབུགས་ཆུ་འཐུང་བ་དང་། པེ་ཏའི་ཤིང་འབྲས(coconut)ཟོས་ན་བཟང་།

2. ཟླ་མཚན་ཡོང་སྐབས་སྐྲ་འཁྲུ་འདག་རྫས(shampoos)ཀྱིས་མགོ་མ་འཁྲུ། གང་ལགས་ཤེ་ན། ཟླ་མཚན་ཡོང་སྐབས་སྐྲའི་བུ་ག་རྣམས་ཁ་ཕྱེ་ཡོད་པས་ཆམ་པ་རྒྱག་སླ་བར་མ་ཟད། ལོ་གཞོན་པའི་སྐབས་དང་ལྷག་པར་ལོ་རྒས་དུས་ཚབས་ཆེའི་མཇུག་འབྲས་ངན་པ་ཡོང་སླ།

3. ཟླ་མཚན་ཡོང་སྐབས་རྡོ་ཀུ་བ(Cucumber)མ་ཟ། གང་ལགས་ཤེ་ན། རྡོ་ཀུ་བས་ཟླ་མཚན་འགག་པའམ་ཇེ་ཉུང་དུ་གཏོང་བས། དེའི་མཇུག་འབྲས་ལ་གཅིན་དུས་ཐོག་གཏོང་མི་ཐུབ་པ་དང་། མངལ་གནས་ལ་སྐྱོན་རྒྱག་སྲིད་པ་ཡིན།

4. ཟླ་མཚན་ཡོང་སྐབས་དངོས་པོ་གཞན་གྱིས་རང་ལ་ཤུགས་ཆེན་པོས་གཞུ་བའམ། རང་དངོས་པོ་གཞན་ལ་ཤུགས་ཆེན་པོ་བརྡབ་པ། ལྷག་པར་དུ་ཁུར་ལྕི་མོ་འཁུར་བ་སོགས་བྱ་མི་རུང་། དེ་ལྟར་བྱས་པའི་མཇུག་འབྲས་ལ་སྐྱུགས་མེར་ལངས་པ། མངལ་གནས་ལ་སྐྱོན་ཤོར་བ། མངལ་སྐྲན་ཆགས་པ། མངལ་ཆགས་མི་ཐུབ་པ་བཅས་ཡོང་གི་ཡོད།

ཞིབ་མཇུག་གི་གྲུབ་དོན་ལྟར་ན། དཔེར་ན། ཟླ་མཚན་ཡོང་སྐབས་འཁྱག་སྤྲི་ཟས་པའི་མཇུག་འབྲས་དེ་ལོ༥-༡༠རྗེས་སུ་འབྱུང་གི་ཡོད་པ་དང་། ཉེན་ཚབས་ཆེ་བའི་མཇུག་འབྲས་ནི་ཟླ་མཚན་འགག་པ་ལ་བརྟེན་ནས་མངལ་སྐྲན་ཡོང་གི་ཡོད་པ་དང་། ནུབ་ཕྱོགས་པའི་བུད་མེད་མང་པོ་ཞིག་ལ་མངལ་སྐྲན་ཡོང་བའི་རྒྱུ་མཚན་གཙོ་བོ་ཡང་ཟླ་མཚན་འབབ་སྐབས་གལ་གནད་ཆེ་བའི་འཛེམ་བྱའི་རིགས་ལ་སྣང་ཆུང་བྱས་པས་ཡིན་འདུག

 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།