Back To Top

འབྲོག་མོ་ཞིག་གི་མི་ཚེ།

བཀླགས་གྲངས། 907

ལང་ཚོ་ཚོན་གྱིས་མ་བྲིས་སྐྱེ་ལུས་འབྲོག།
རྫུན་དང་ཚིག་རྩུབ་མི་སྨྲ་སྐད་ངག་འབྲོག།
གནོད་སེམས་ལོག་ལྟས་མ་ལྷད་སེམས་པ་འབྲོག།
འབྲོག་མོ་རང་བྱུང་ཁམས་ཀྱི་སྙིང་བོ་ཡིན།།

རང་བྱུང་ཁམས་ཀྱི་ཆར་ཆུ་དང་། རྩི་ཤིང་། ཁ་དོག་ཕུན་སུམ་ཚོགས་པའི་མེ་ཏོག་དང་། གནམ་སའི་བར་གྱི་བསིལ་རླུང་།  གཡའ་སྤང་གངས་ཀྱི་རི་བོ་སོགས་མཚར་སྡུག་རྣམ་པར་བཀྲ་བའི་འཇིག་རྟེན་གྱི་ཡང་སྙིང་ནི། འགྲོ་བ་མི་ཡི་རིགས་ཏེ། སྲོག་ལྡན་ཀུན་ལས་རྣམ་རིག་དང་། ཐབས་མཁས་ཀྱི་རྣོ་དཔལ་བླ་མ་མེད་པ་དེ་ཡིན། རང་བྱུང་ཁམས་ཀྱིས་འགྲོ་བ་ཀུན་ལ་རང་རང་གི་དགོས་མཁོ་དང་འཚམ་པའི་ལེགས་སྐྱེས་ཕུན་སུམ་ཚོགས་པ་ཞིག་བསྩལ་ཡོད་ནའང་། ཚིམ་དུ་མེད་པའི་འགྲོ་བ་མིའི་རིགས་ནི། མིའི་རིགས་ནས་འཕྲུལ་རིགས་དང་། འཕྲུལ་རིགས་ལས་གཡོ་རྒྱུ་དང་ཧམ་པའི་རིགས་ལ་འགྱུར་བའི་དུས་སྐབས་འདིར། མཐོ་སྒང་གི་འབྲོག་མོ་ཞིག་གི་མི་ཚེའི་བརྒྱུད་རིམ་ལ་རྒྱུས་མངའ་བྱུང་བར་ཧ་ཅང་དགའ་སྟེ། ཁོམ་སྐབས་དང་བསྟུན་ནས་མུ་འགོད་བྱེད་པར་འདོད་དོ།།
རི་ཐང་རྫ་ཆུ་འབབ་སའི་ཡུལ་ལྗོངས་འབྲོག།
རྟ་ནོར་ལུག་གིས་གང་བའི་འབྱོར་ཕྱུག་འབྲོག།
ཤ་མར་ཐུད་གསུམ་འཛོམས་པའི་འཚོ་བ་འབྲོག།
འབྲོག་མོ་འཁྲུངས་སའི་འབྲོག་པའི་ས་ཆ་སྐྱིད།།

འབྲོག་མོ་ཞིག་གི་མི་ཚེ་ཡི་རབ་ཏུ་བྱེད་པ་དང་པོ་འོ།།

2023-03-02 གལས་ལེ་རྒྱལཛ
ཤིན་ཏུ་ལེགས་པས་མུ་མཐུད་རོགས།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།