Back To Top

དྲན་ངོགས་ཀྱི་གླིང་ཚ་བོད་ཀྱི་བུ།

        ལམ།

བཀླགས་གྲངས། 791

དྲན་ངོགས་ཀྱི་གླིང་ཚ་བོད་ཀྱི་བུ།

     བོད་དོན་ཞི་བའི་འཐབ་རྩོད་པ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོད་དོན་ཆེད་བོར་བརླགས་བྱུང་ནས་ལོ་ངོ་བཅུ་འཁོར་བ། 

                                          ་་་ ་་་་ ་་་་ ལམ་གྱིས།
           ༼༡
གླིང་ཆེན་ཤར་རྒྱུད་ཀྱི་ཐུ་བྷོད་བཙན་པོའི།།
ཚ་བོ་ཡང་ཚ་ཡི་སྙིང་སྟོབས་མཚོན་པའི།།
ཚེ་གཅིག་དགའ་མ་དང་བུ་ཕྲུག་བསྐྱུར་ནས།།
བརྟན་གཡོ་འགྱུར་མེད་ཀྱི་དམ་བཅའ་བཞག་སྟེ།།
རྡོ་བརྐོས་རི་མོ་ལྟར་དྲན་གསོ་འཇོག་མཁན།།
རྗེ་འབངས་མི་རིགས་འདིས་རྗེད་དུ་མི་རུང་།།
            ༼༢
བོད་ཁམས་ཤར་ཕྱོགས་ཀྱི་བཙན་པོའི་དམག་རྒྱུད།།
འཚེ་མེད་ཞི་དུལ་གྱི་ཤཱཀྱའི་སེམས་རྒྱུད།།
ལ་རྒྱའི་རུས་རྐང་གི་བོད་པའི་བུ་རྒྱུད།།
རྒྱུད་ལྡན་དཔའ་བོ་དེ་གང་དུ་ཡོད་དམ།།
           ༼༣
རང་བཙན་རྩོད་པ་ལ་དཔའ་སྙིང་ཡོད་ཀྱང་།།
དབུ་མའི་ཐབས་ལམ་ལ་ཡིད་ཆེས་བརྟན་པའི།།
ཞི་བའི་དོན་ཚན་ལྔ་དཔང་བོར་བཞག་སྟེ།།
འདི་ལྟར་བོར་སོང་བར་ཕངས་སེམས་ཆེ་ཨང་།།
           ༼༤
བརྩེ་དུང་མཚོན་བྱེད་ཀྱི་"སེམས་འཕྲིན་དམར་པོ།།"
ཡུལ་གྱར་"མི་རྐྱང་གི་རི་ཆས་གཏམ་རྒྱུད།།"
"གྲྭ་བ་མི་བཅའ་ཞིང་སྦྱིན་བདག་མི་བཙལ།།"
"ཞི་བའི་འཐབ་རྩོད་"སོགས་དཔེ་དེབ་འགའ་ཞིག།
མི་ཡུལ་དྲན་རྟེན་དུ་བཞག་པ་དྲན་བྱུང་།།
༼༥
"མི་འགྱུར་གངས་ཕྲུག་"དང་"ཤ་ཁྲག་རུས་གསུམ།།"
སྙུག་མིང་དངོས་མིང་གི་ཟིན་བྲིས་སྣ་ཚོགས།།
ཕྱི་ནང་རིགས་མཐུན་གྱི་སེམས་ལ་ངེས་ཡོད།།
ལོ་བཅུའི་སྔོན་ཞིག་སྟེ་དེ་རིང་ཉིན་མོར།།
ནང་མི་ཉེ་འབྲེལ་ཀུན་ཤུལ་དུ་བཞག་ནས།།
བོད་རྒྱའི་ས་མཚམས་བརྒྱུད་བོད་དུ་སོང་སྟེ།།
རང་སྐྱོང་དོན་མཐུན་གྱི་བདེན་པའི་གནས་ལུགས།།
དམར་པོའི་སྲིད་གཞུང་ལ་ཞུ་བར་འབད་ཀྱང་།།
དཀར་མིན་ནག་ཕྱོགས་དེར་གདུབ་རྩུབ་ཆེ་བས།།
འདི་ལྟར་བརླགས་སོང་བར་ཧ་ཅང་འགྱོད་ཨང་།།
             ༼༦
འོན་ཀྱང་དྲང་བདེན་དེ་གསེར་དང་མཚུངས་ལ།།
རྒྱུ་དང་འབྲས་བུ་ཡང་འཆོལ་བ་མེད་ཕྱིར།།
ནམ་ཞིག་དགོས་འདུན་གྱི་ཉི་མ་འཆར་བས།།
ཁྱེད་ལ་གསེར་བྲིས་ཀྱི་དཔང་ཡིག་འཐོབ་ངེས།།

             13-06-2023.

2023-07-10 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།