Back To Top

སྐད་ཆ་དེའི་སྔ་གཞུག

སྒྲེ་བོས།

བཀླགས་གྲངས། 658

ཁྱིམ་ནས་འདུག་བཟོད་མི་འདུག
ཁྱིམ་གྱི་མེ་ལ་དྲོད་དང
ཁྱིམ་གྱི་གློག་ལ་འོད་མི་འདུག

སྨུག་པ་འཐིབ་པའི་རི་སྒང་དེ་ནས
ང་ཡི་བསམ་པ་ལུས་སོང
དཀྱུས་རིང་བའི་གཞུང་ལམ་འཕྱན་ནས
ཉི་མའི་ནུབ་ཕྱོགས་སུ་འགྲོ

རླུང་གིས་རྡེབ
ཆར་བས་སྦངས
ཆར་རླུང་ནང་གི་མི་དེ
ཁྱོད་རང་ཡིན་འདྲ་ངའང་ཡིན་འདྲ
འུ་གཉིས་སུ་ཡིན་སུ
འུ་གཉིས་ལ་གསལ

ད་ནས
འུ་གཉིས་དུས་ཚོད་ཀྱི་སྨྱུག་གཟེབ་ཏུ་བསྐོངས་ནས
གྱེས་གདུངས་རིང་མོའི་དབུས་ནས་མཐའ་ལ་འགྲོ
མཐའ་ནས་ཕ་རོལ་ལ་འགྲོ
རི་བོ་དང་གཙང་བོ
སེམས་ཀྱི་ཕ་རོལ་དུ་འགྲོ

22|01|24

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།