Back To Top

དྲན་པའི་སྣང་བ་འདེགས་པའི་ཀ་ཆེན།

རང་བསླུས་ཀྱིས།

བཀླགས་གྲངས། 730

དྲན་པའི་སྣང་བ་འདེགས་པའི་ཀ་ཆེན།


འཚོ་བའི་རྨི་ལམ་རིང་མོ་དལ་དལ་གྱིས་ཡོང་ནས། །
མཇམ་མཉེན་ལག་ཟུང་ལྷོད་པོས་བྱིལ་བྱིལ་ཞིག་བྱས་པས། །
དྲན་པའི་སྣང་བ་འབར་བའི་མཚན་ལྗོངས་འདིའི་ཁྲོད་ནས། །
ཡིད་ཀྱི་མཁའ་དབྱིངས་སྔོན་མོ་མཐིང་མདོག་གིས་ཟིན་སོང་། །

གནམ་གྱི་དགུ་ཚིགས་རིང་མོ་ལག་ཟུང་གིས་ཕྱེས་ནས། །
ཡང་ཡང་དྲན་པའི་གདུང་བ་རི་སིལ་དུ་འཐོར་དུས། །
ས་མཐའི་སེམས་པས་སྲུང་བའི་ལོ་ཟླ་འདིའི་ངོགས་ནས། །
ཞེན་ཆགས་བུ་ལོན་ཡིན་པའི་དྲན་སྣང་དེ་ཡལ་སོང་། །

ལོ་ཟླའི་སྐས་རྐང་འགྲིམས་པའི་དུས་ཡུན་དེ་བརྗེད་སོང་། །
ས་མཐའི་རྨི་ལམ་རིང་མོའི་སྐྱོ་ངལ་ཡང་བརླག་སོང་། །
ཡིད་ཀྱི་དབྱིངས་ཁར་འཇུས་པའི་ལག་ཟུང་ཡང་བོར་སོང་། །
མི་སྡུག་འཚོ་བའི་རྡོག་ཁྲེས་རྔམ་རྔམ་གྱིས་བབས་བྱུང་། །

ད་ནི་མི་ཚེའི་ཟློས་གར་རྨི་ལམ་བཞིན་འཕོས་ནས། །
རེ་དོགས་སྣང་བའི་གོས་ཆེན་ལྷབ་ལྷུབ་ཀྱིས་གཡོགས་དུས། །
ཨ་འཐས་འདོད་པའི་གཞི་ངོས་འཇའ་རིས་ཀྱིས་ཟིན་ཏེ། །
ཁོང་དགོད་འུར་ཟིང་ངར་མའི་མདེའུ་དེ་ཟགས་སོང་། །

ཉི་ཟླའི་འོད་མདངས་རེས་ཀྱིས་འཆར་ངོགས་སུ་ལྷུང་བས། །
རྨི་ལམ་བཙན་ཤུགས་དྲག་པའི་དངངས་འཚབ་ཏུ་གྱུར་ཏེ། །
ཡིད་རྒུའི་ལོངས་སྤྱོད་བརྡལ་བའི་མི་ཡུལ་གྱི་ཁམས་ནས། །
དགའ་སྐྱོས་ཐག་ཕྲེང་སྦྲེལ་བའི་གཏམ་རྒྱུད་དེ་བྱུང་སོང་། །

འཇའ་འོད་གུར་གྱིས་ཕིབས་པའི་མཚན་མོ་དེ་མིན་ཡང་། །
ཞེ་འདོད་གཡོ་བའི་འཁྲི་ཤིང་མུན་ངོགས་ནས་སྐྱེས་ཏེ། །
ས་མཐའི་སྐྱོ་གཞས་ལེན་པའི་རི་བྱིའུ་ཡི་ཚོགས་རྣམས། །
ང་དང་མཉམ་དུ་ལྷོ་རོང་གད་ཁུངས་དེ་སྐྱིད་ཨང་། །

2023-04-28 ཇག་ལྷས།
རི་སུལ་
གད་ཁུང་  
2023-03-29 གསལ་ལེ་རྒྱལ།
2023-03-25 ཤེད་བུ།
2023-03-25 མཚམསྤྲིན།
2023-03-24 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།