Back To Top

དུས་རྒོལ།

རང་བསླུས་ཀྱིས།

བཀླགས་གྲངས། 423

དྲིལ་བརྡས་དུས་ཚོད་ཅིག་གསལ་འདོན་བྱས་རྗེས།
མང་པོ་ཞིག་གོམ་སྟབས་བྲེལ་བྲེལ་གྱིས་ཕྱི་སྒོར་ཐོན་ཞིང་།
མང་པོ་ཞིག་ག་ལེར་ག་ལེར་ནང་དུ་འཛུལ་སོང་།
ད་དུང་། འབབ་ཚིགས་ནས་མང་པོ་ཞིག་རྒྱུག་འདུར་ལ་ཞུགས་ཡོད།

དུས་ཚོད་ཀྱི་སྐར་ཆ་རེ་རེས་འགྲོ་འདུག་ལ་ཐིག་རིས་ཕབ་ཅིང་།
མི་ཚོགས་ཀྱི་རླབས་རྒྱུན་དེས་དངོས་ཡོད་དང་སྟོང་བསམ་གྱི་རྣོ་ཁར་བརྡར་དུས།
གོ་ལའི་བདག་དབང་ཡིན་པའི་ཆོད་ཡིག་གི་ཤོག་ལྷེ་རལ་པོ་དེ།
དལ་བ་དལ་བུར་ཉི་ཟླའི་འོད་ངོགས་ནས་རླུང་གིས་ཡང་ཡང་སྤུར་སོང་།

དབྱར་དགུན་མེད་པར་དུས་བཞིའི་གཟུངས་ཐག་ལ་འཇུ་མཁན་ནི།
མི་ལས་སེམས་ཅན་དུད་འགྲོ་ལ་ངར་ཤུགས་ཆེ་ཡང་།
ལོ་ཟླའི་འཕོ་འགྱུར་གྱི་ཁྲོད་ནས་རྨི་ལམ་གྱི་འཚོ་བ་ཁོ་ན་གླེང་མཁན་དེ།
དགུན་འཁྱགས་ཀྱི་གནམ་མཐར་གཡེང་བའི་སྐར་ཚོགས་ཁོ་ན་རེད།

དུས་ཚོད་ཀྱིས་གནམ་གཤིས་ལ་ཚོད་འཛིན་མེད་ཀྱང་།
དུས་ཚོད་འཁོར་བསྐྱོད་ཀྱིས་གོ་ལའི་འཇིག་ཉེན་ལ་བྱིལ་བྱིལ་བྱས་དུས།
ཆོས་ཉིད་ཀྱི་གླེགས་བམ་མཐུག་པོ་དེའི་དབང་ལུང་སྩོལ་མཁན་དེ།
མཚན་མོ་དེའི་རླུང་བུ་ཁོ་ན་ལས་གཞན་སུ་ཞིག་ཡོད་ཨང་།

དོན་དམ་པར། དུས་ཚོད་ཀྱིས་གོ་ལའི་བཞུད་ལམ་འཇལ་ཐུབ་བམ།

༢༠༢༤།༠༥།༡༧

2024-10-15 སྲིན་མོ།

2024-10-06 ཤེད་བུས།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།