དེ་རིང་གི་འབོད་སྒྲ ཚན་པ་གསུམ། རྒྱ་ནག་དམར་ཤོག་གི་ཁྲག་མཚོ་བསྐྱིལ་བའི་རྒྱལ་སྟོན་ཉིན་མོ་ལ།
བཀླགས་གྲངས། 895
ཐུན་མོང་གི་གཉེན་དགྲ
མི་དགོས་ནང་གི་མི་དགོས་གཅིགདམར་ཤོག་སྲིད་དབང་སྒེར་གཅོད་ཡིན།བོད་སོག་ཡུ་གུར་རྒྱ་ནག་པའི།ཐུན་མོང་དགྲ་བོ་གུང་ཇག་ཡིན།
དམངས་ལ་དམངས་གཙོའི་གཞུང་ཞིག་མཁོ།གཞུང་ལ་བྱམས་བརྩེའི་དཔོན་ཞིག་མཁོ།མི་རྣམས་སྐྱིད་སྡུག་གཅིག་གི་ཁྱིམ།བདེན་པའི་མཐུ་དཔུང་གཅིག་ཏུ་སྒྲིལད།
གསུང་གི་ཕོ་ཉས། ༢༠༢༣/༡༠/༠༡
གུང་ཇག་གི་བྱུས་ཉེས།
ཁྱོད་ལ་རྒྱལ་ཁབ་བཙུགས་པའི་དུས་སྟོན་དེ་སྐྱིད་ཀྱང།ང་ལ་རྒྱལ་ཁབ་ཤོར་བའི་བློ་འགྱོད་དེ་ཆེ་གིཁྱོད་ལ་མེས་རྒྱལ་ཞེས་པའི་ང་རྒྱལ་དེ་ཆེ་ཡང་།ང་ལ་བཙན་དབང་ཟེར་བའི་འཇིགས་སྣང་དེ་ཆེ་གི
མར་ལེའི་དར་དམར་ཕྱར་ནས་དམག་འཁྲུག་བསླངས།།མེས་རྒྱལ་གཅིག་འགྱུར་ཟེར་ནས་བཙན་འཛུལ་བྱས།།མི་རིགས་མཐུན་སྒྲིལ་ཟེར་ནས་རིགས་རྒྱུན་གཅོད།།སྒྱུར་བཅོས་ཕྱུག་འགྱུར་བསྒྲགས་ནས་སྣོད་བཅུད་བརྫད།།
ཞི་དྲག་ངན་གཡོ་དུ་མས་རྒྱལ་ཁམས་བརླགས།།ནག་ཕྱོགས་གུང་ཇག་གདོན་འདྲེའི་ཆོ་འཕྲུལ་བརྒྱ།།བདེན་པའི་མཐུ་ཡིས་ཟློག་པའི་དཔུང་སྟོབས་སྐྱེད།།རང་དབང་དམངས་གཙོའི་ལས་འགུལ་རྒྱལ་གྱུར་ཅིག།
