གཅིག་སྟོང་དགུ་བརྒྱ་ང་དགུ་ལོའི་ཟླ་གསུམ་པའི་ཚེས་བཅུ་ནིཅི་ཞིག་ཡིན་ནམ།
བཀླགས་གྲངས། 933
གསུམ་བཅུ།
ཟླ་གསུམ་པའི་ཚེས་བཅུ།
གཅིག་སྟོང་དགུ་བརྒྱ་ང་དགུའི་ལོ།
ལྷ་ས་ལ་ཐོག་མདའ་འཕངས་པའི་ལོ།
གངས་སེང་གི་གད་རྒྱངས་བསྒྲགས་པའི་ལོ།
གངས་ཅན་མགོན་པོ་གངས་རི་ནས་བྱོལ་བའི་ལོ།
ཆོལ་ཁ་གསུམ་པོའི་ཁྱིམ་གཞི་གསར་དུ་བཙུགས་པའི་ལོ།
དེ་ནས་བཟུང་རང་དབང་དང་མང་གཙོ་ལ་ཁ་ཕྱོགས།
ཆོས་སྲིད་དང་རིག་གཞུང་གི་སོན་རྩ་བཏབ།
ལོ་རྒྱུས་ཀྱི་བདེན་པ་བདར་ཅིང།
ཞི་རྒོལ་གྱི་དར་ཆ་ཕྱར།
གསུམ་བཅུ
ནམ་ཡང་མི་བརྗེད།
མི་ལོ་རེ་ལྔ་འགོར་ན་ཡང།
ལོ་ཟླ་དེ་དག་ཁྲག་གིས་བྲིས་ཡོད།
བདེན་དོན་དེ་དག་རུས་པ་ལ་བརྐོས་ཡོད།
བདེན་པའི་འཐབ་རྩོད་ཀྱི་སྐྱ་རེངས་འཆར་ལ་ཉེ།
གངས་ཅན་མགོན་པོ་གངས་རིའི་དབུ་རྩེ་ལ་བཞུགས་ངེས་ཡིན།