གསུམ་བཅུའི་དུས་དྲན་དང་བོད།
བཀླགས་གྲངས། 876
ཇག་ལ་ཆས་ཤོག
ཇག་ལ་ཆས་ཤོག
སྟོད་ཀྱི་མངའ་རིས་སྐོར་གསུམ་ཇག་ལ་ཆས་ཤོག
བར་གྱི་དབུས་གཙང་རུ་བཞི་ཇག་ལ་ཆས་ཤོག
སྨད་ཀྱི་མདོ་ཁམས་སྒང་དྲུག་ཇག་ལ་ཆས་ཤོག
ཇག་ལ་ཆས་དུས་ལོ་རྒྱུས་མ་བརྗེད།
གངས་ལྗོངས་རྒྱལ་ཁབ་ཆེན་པོའི་གཟི་བརྗིད་དེ་ཡིན།
ཇག་ལ་ཆས་ཤོག
དཔལ་ལྡན་དམག་ཟོར་རྒྱལ་མོ་ཇག་ལ་ཆས་ཤོག
གནས་ཆུང་རྒྱལ་པོ་སྐུ་ལྔ་ཇག་ལ་ཆས་ཤོག
བཙན་པོའི་མགུར་ལྷ་བཅུ་གསུམ་ཇག་ལ་ཆས་ཤོག
སྲིད་པ་ཆགས་པའི་ལྷ་དགུ་ཇག་ལ་ཆས་ཤོག
གླིང་གི་དཔའ་རྟུལ་སུམ་ཆུ་ཇག་ལ་ཆས་ཤོག
བོད་སྐྱོང་ལྷ་སྲུང་མཐའ་དག་ཇག་ལ་ཆས་ཤོག
ཇག་ལ་ཆས་ནས་མཐུ་རྩལ་སྟོན་དགོས།
ནག་ཕྱོགས་གུང་ཇག་དམར་པོའི་མཁར་རྫོང་གཏོར་དགོས།
ཇག་ལ་ཆས་ཤོག
དབང་ཐང་གི་རྨོག་ཞྭ་མནབས་པ་རྣམས་ཇག་ལ་ཆས་ཤོག
རིགས་ཞེན་གྱི་གོ་ཁྲབ་གྱོན་པ་རྣམས་ཇག་ལ་ཆས་ཤོག
དབྱངས་གསལ་གྱི་མདའ་གཞུ་ཐོགས་པ་ཚོ་ཇག་ལ་ཆས་ཤོག
རྒྱུ་སྟོབས་གྱི་རལ་གྲི་འཕྱར་བ་རྣམས་ཇག་ལ་ཆས་ཤོག
འཆད་རྩོད་ཀྱི་མཐུ་སྔགས་གྲུབ་པ་རྣམས་ཇག་ལ་ཆས་ཤོག
ལག་རྩལ་གྱི་རྫུ་འཕྲུལ་སྟོན་མཁན་རྣམས་ཇག་ལ་ཆས་ཤོག
ཇག་ལ་ཆས་ནས་བདེན་དོན་རྩོད་དགོས།
བཙན་རྒྱལ་དྲག་པོའི་གདོང་འབག་བཤུ་དགོས།
ཇག་ལ་ཆས་ཤོག
ཕ་གཞིས་འཕྲོག་མཁན་གུང་ཇག་སྟེ།
ཇག་ལ་ཇག་ལན་མ་ལོན་སྡར་མ་ཟེར།
སྡར་མའི་རུ་སྡེ་ཇག་པའི་བྲན་གཡོག་ཡིན།
ནག་ཕྱོགས་དགྲ་ལས་རྒྱལ་ན་བསྟན་འགྲོར་ཕན།
དེ་བས་ཞི་དྲག་ལྷ་མི་ཐམས་ཅད་ཇག་ལ་ཆས་ཤོག
འདི་ནི་ཇག་ལྷ་དཀར་པོའི་གསུམ་བཅུའི་གསོལ་མཆོད་ཡིན།།
