འཇིག་རྟེན་ཨ་མ་ཞིག་གི་སྐྱེ་བ་བླངས་ཡོད།
བཀླགས་གྲངས། 828
འཇིག་རྟེན་ཨ་མ་ཞིག་གི་སྐྱེ་བ་བླངས་ཡོད།
ཟླ་ཁྲག་མངལ་ལ་འཁྱིལ་བའི་སྔ་དགོང་དག་ལ།།
འཇིག་རྟེན་ཨ་མ་གཞན་ལྟར་དགའ་བ་མ་རྙེད།།
གློག་མིག་ཤེལ་སྒྲོམ་ནང་གི་ཤ་ཚུགས་དེ་ཡིས།།
སེམས་ཀྱི་ཕྱི་ནང་ཚོར་བའི་རླབས་ཀྱིས་དེད་སོང་།།
ལྟོ་བོངས་ཆེ་རུ་རྒྱས་པའི་གཟུགས་བྱད་དེ་ཡིས།།
རླབས་ཆེན་མ་ཡུམ་གང་དེའི་བརྩེ་བ་མ་བརྙེས།།
ཡན་ལག་གར་ལ་ལྡེམ་པའི་འགུལ་ལྕོག་ཕྲ་མོས།།
བྱིན་ཅན་མ་ཡིག་སྣུམ་པོ་སྙིང་ཁར་བབས་སོང་།།
སྤྲིན་ནག་ཡོ་ལང་འཁྲུག་འདྲའི་ཟུག་གཟེར་དྲག་པོས།།
ཚེ་ཡི་རྒྱུན་ཐག་བཅད་ཀྱང་བློ་འགྱོད་མ་སྐྱེས།།
ཤ་རྗེན་རློན་པས་བྲང་གི་ནུ་མ་འཚོལ་དུས།།
སྲོག་གི་སྙིང་བོས་ཁྱོད་ཀྱི་འཛུམ་ཆུང་སྲུང་འདོད།།
༢༠༡༧ ༥ ༣༠།