Back To Top

ང་ཡི་ནམ་མཁའ།

བཀླགས་གྲངས། 951

གངས་མྱིག་གིས།

ང་ཡི་ནམ་མཁའ་དྭངས་ཤིང་གཙང་པས།།
ང་ནི་སྤྲིན་དཀར་འཁོར་འདོད་ཆེ་རུང་།།
ལྷགས་རླུང་རྒོད་པོས་ཕྱོགས་བཞིར་དེད་དེ།།
སྤྲིན་དཀར་ཆགས་པའི་གོ་སྐབས་མི་འདུག།


ང་ཡི་ས་ཞིང་ཡངས་ཤིང་ཆེ་བས།།
ང་ནི་འབྲུ་དྲུག་སྨིན་དགོས་བསམ་ཡང་།།
སད་དང་སེར་བས་དུས་བཞིར་གཙག་ཏེ།།
འབྲུ་དྲུག་སྨིན་པའི་སྐལ་བ་མི་འདུག།


ང་ཡི་རྩ་ཐང་མཛེས་ཤིང་སྐྱིད་པས།།
ང་ནི་ནོར་ལུག་འཕེལ་རྒྱས་དགའ་ཡང་།།
ཁྱི་སྤྱང་ངན་པས་དུས་བཞིར་བཀར་ཏེ།།
ནོར་ལུག་འཁོར་ས་གནས་མལ་མི་འདུག།


ང་ཡི་ཕ་ཡུལ་རྒྱས་ཤིང་དར་བས།།
ང་ནི་བདག་པོ་སྲུང་སྐྱོབ་མོས་ཀྱང་།།
དབང་ཆེན་དཔོན་གྱིས་བཀའ་བཀོད་འོག་ནས།།
རང་ཡུལ་བདག་པར་ལམ་ཁ་མི་འདུག།

2023-08-19 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།