Back To Top

ཨ་ནི་རིང་ལུགས།

བཀླགས་གྲངས། 961

ས་དཀར་རྡོ་རྗེ།

 

ཡིག་འབྲི་བ།            གངས་མྱིག

 

ངོ་དེབ་ཐོག་ཨ་ནུ་རིང་ལུགས་ཀྱི་གཞས་གསར་ནང་ཆེན་ནང་ཆེན་དང་གསེར་རྟ་གཉིས་ལ་སྐད་གཉིས་ཟུང་འབྲེལ་དེ་མི་ཡག་པའི་ཚུལ་མཆན་གཏགས་པར། མི་འགའ་ཤས་ཀྱིས་མོ་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་པར་བརྟེན། དེ་དག་ལ་གོ་བ་ནོར་འཁྲུལ་བྱུང་ཡོད་པ་འདུག་པས་རང་གི་བསམ་ཚུལ་གྱི་དོད་དུ་འོག་གི་ཡིག་ཉོབ་འདི་སྤེལ་བའོ།  

 

བོད་མི་མང་ཤོས་ཤིག་གིས་ཨ་ནུ་རིང་ལུགས་ཟེར་བ་དེ་གླུ་གཞས་འཕུར་ཟེར་བ་དེ་ས་གྲགས་གནམ་གྲགས་སུ་སོང་རྗེས་ངོ་ཤེས་པ་རེད་ཟེར་ན་མི་ཆོག་པ་མེད། འོན་ཀྱང་བོད་

ཀྱི་གླུ་གཞས་ལ་ཅུང་ཟད་དུང་བ་ཡོད་མཁན་ཞིག་ཡིན་ན་ཨ་ནུ་རིང་ལུགས་ཟེར་བའི་མཚན་སྡེབ་དེ། གླུ་དབྱངས་ཨ་ནུ་རིང་ལུགས་ཀྱི་གླུ་གཞས་སྔ་ཤོས་ཨ་ནུ་རིང་ལུགས་དང་ཡུལ་ནས་ཡོང་དུས་ཟེར་བ་སོགས་གཏོང་རྗེས། ཁོང་གཉིས་ལ་དོ་སྣང་སྤྲད་རྒྱུ་མགོ་བཙུགས་ཡོད་པ་དང་བདག་ཀྱང་དེའི་ཁོང་ནས་གཅིག་ཡིན། 

 

གླུ་གཞས་འཕུར་ཟེར་བ་དེ་གཏོང་རྗེས་བོད་ཕྱི་ནང་གཉིས་དང་རྒྱ་ནང་ནས་ཁོང་གཉིས་ཀྱི་སྐད་གྲགས་སྔ་ལས་ཆེ་བ་ཆགས་ཤིང་།  མ་ཟད་རྒྱ་ནག་ནང་གི་གླུ་གཞས་འགྲེན་བསྡུར་གྱི་གར་སྟེགས་ཆེ་ཤོས་ཏེ། ང་ནི་གླུ་བ་ཡིན་ཞེས་པའི་གར་སྟེགས་ཐོག་གླུ་དབྱངས་འགའ་ཤས་གཏོང་ཡོད་པ་དང་།  ད་དུང་ཁོང་གཉིས་ལ་རྒྱ་ནག་ནང་གི་རོལ་མོ་དུས་སྟོན་ཆེ་པོ་ཞིག་གི་ཐོག་ལ་དྲ་ཐོག་ནས་གྲགས་པ་ཆེ་ཤོས་ཀྱི་གཟེངས་བསྟོད་ཐོབ་པ་རེད།  གཟེངས་རྟགས་དེ་ཡང་བོད་སྐད་གཙང་མའི་གླུ་དབྱངས་འཕུར་ལ་ཐོབ་པ་རེད། 

 

འདི་དག་ནི་ཁོང་གཉིས་ཀྱི་གཟི་བརྗིད་ཡིན་ལ་བོད་ཀྱི་གླུ་དབྱངས་ཀྱང་དུས་རབས་མཐུན་པ་དང་རྒན་གཞོན་ཀུན་གྱི་སེམས་ཁམས་དང་འཕྲོད་པ། མ་ཟད་བོད་སྐད་ཚིག་ཅིག་ཀྱང་མི་ཤེས་མཁན་གྱི་མི་རིགས་གཞན་པ་མང་པོས། བོད་ཀྱི་གླུ་གཞས་རིག་པ་ལ་དགའ་ཞེན་དང་དོ་སྣང་གསར་བ་རེད་ཡོང་བ་བྱས་ཡོད། དེས་ན་བོད་མི་མང་པོ་ཞིག་གིས་ཁོང་གཉིས་ལ་ཕ་སྐད་གཙང་མའི་གླུ་དབྱངས་དེ་འདྲ་གང་མང་སྟོན་པའི་རེ་བ་དང་ཡིད་ཆས་ཚད་མཐོ་བྱས་ཏེ་སྒུག་ནས་སྡད། 

 

རེད་དེ་ཁོང་གཉིས་ཀྱིས་ཉེར་བའི་ལོ་འདི་དག་རིང་ལ་ཕ་སྐད་གཙང་མའི་གླུ་དབྱངས་འཛུམ་མོ་ལྔ་ཡིས་གྲངས་ལོན་པ་ཞིག་ཡོད་ལ་མེད་ལ་ཡིན་པ། འདི་ནི་བོད་ཀྱི་གླུ་གཞས་རིག་པ་ལ་དགའ་མཁན་ཚོ་སེམས་ཕམ་དགོས་པ་དེ་འདྲ་རེད། གཅིག་བྱས་ན་རྒྱ་མི་གཞོན་སྐྱེས་གླུ་བ་དེ་ཚོས་རྒྱ་སྐད་དང་དབྱིན་སྐད་སྦྲག་མའི་གླུ་དེ་དག་དཔེ་རུ་བཟུང་བ་ཡིན་འགྲོ། ཡང་མིན་རང་གི་གླུ་གཞས་དེ་ཁྱབ་སྒྲགས་ཆེ་རུ་འགྲོ་ཆེད་ཡིན་འགྲོ། 

 

གལ་སྲིད་གནད་དོན་དང་པོ་ཡིན་ན། ཁོང་ཚོའི་སྐད་ཡིག་གི་མ་ལག་ནི་སྲ་བརྟན་ཡིན་པ་དང་དེ་མར་བྲིན་ཐབས་བྱེད་མཁན་མེད་པས་བསྡུར་ས་མི་འགྲོ། གནད་དོན་གཉིས་པ་དེ་ཡིན་ན་ཁོང་གཉིས་ཀྱི་ཕ་སྐད་གཙང་མའི་གླུ་དབྱངས་འཕུར་ལས་གྲགས་ཆེ་བ་ཞིག་བྱུང་མེད་ཙང་། སྐད་གཉིས་སྦྲག་པའི་གླུ་གཞས་དེ་འདྲ་ལེན་པ་ལ་དགོས་པ་ཆེ་པོ་མ་མཐོང་། 

 

གཙོ་བོ་དེ་ཀ་ཁ་ཡི་ས་ལམ་རྒྱ་ཆུང་ཐོག་གཞན་གྱིས་དེ་རྩ་མེད་དུ་གཏོང་བའི་ཐབས་ཤེས་སྣ་ཚོགས་སྟོན་གྱིས་ཡོད་པས།  དེའི་ཕྱོགས་ལ་བོད་ཀྱི་སྒྱུ་རྩལ་བ་སློབ་གསོ་མཁན་ཚོས་འགན་ཁུར་ཏེ།རོང་འབྲོག་མང་ཚོགས་རྣམས་ལ་རང་གི་སྐད་ཡིག་གི་རིན་ཐང་ཤེས་པའི་ལམ་སྟོན་ལ་འབད་དགོས་ཙང་། གླུ་གཞས་གཏོང་བ་དང་གཏམ་བཤད་གནང་བ་སོགས་ཀྱི་སྐབས་སུ། ཅི་ནས་ཀྱང་ཕ་སྐད་མ་ཡིག་ཁ་གཙང་བེད་སྤྱོད་བྱེད་པ་ནི་བོད་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་ཡིན། 

 

མི་རབས་གསར་བ་རྣམས་ར་མ་ལུག་གི་ལམ་ལ་མི་འགྲོ་བའི་ཆེད། མིང་གྲགས་ཅུང་ཟད་ཡོད་པའི་བོད་ཀྱི་གླུ་བ་གླུ་མ་རྣམས་དང་སློབ་གསོ་བ་དང་ཤེས་ཡོན་པ་ཡིན་ཟེར་མཁན་ཚོ། གཞན་གྱི་ལག་ཆ་རུ་མ་ཆགས་པ་བོད་རང་གི་སྐད་དང་ཡི་གེ་ཆོས་དང་རིག་གཞུང་སོགས་གཅེས་འཛིན་གནང་སྟེ། མི་རབས་གསར་པ་རྣམས་ལམ་ལོག་པ་ནས་འགྲེན་པའི་ཐབས་ཤེས་ལ་འབད་རྒྱུ་ནི་གལ་ནང་གི་དོན་ཆེན་རེད་སྙམ། 

 

སྐབས་འདི་ནས་ཨ་ནུ་རིང་ལུགས་ཀྱི་མིང་ནས་བཟུང་དགོས་དོན། ང་རང་ཨ་ནུ་རིང་ལུགས་དགའ་དྲགས་ནས་ཡིན། ངས་ཨ་ནུ་རིང་ལུགས་ཀྱི་གཞས་གསར་ལ་སྒུག་སྒུག་གཞན་པ་སུ་ལ་ཡང་སྒུག་མྱོང་མེད། དེང་སོང་ཁོང་གཉིས་ཀྱིས་གཞན་སྐད་དང་སྦྲག་པའི་གཞས་མང་པོ་སྟོན་གྱི་འདུག དེས་ན་གསར་སྐྱེས་གཞས་བ་གཞས་མ་ཚོས་ཀྱང་དགོས་སྣང་ཤར་དེ་འདྲ་བྱེད་སྲིད་པ་འདུག་པས། ད་ནས་བཟུང་ཁྱེད་གཉིས་གཞས་གསར་བཟོ་སྐབས། བོད་སྐད་ཐོག་ནས་བཟོ་ན་བོད་གཞས་རྣལ་མ་དང་གཞན་སྐད་ཐོག་ནས་བཟོ་ན་གཞན་སྐད་རྐྱང་པས་བཟོ་བའི་རེ་བ་ཞུ། 

 

 

༢༠༢༣/༩/༧ མཐའ་ཡས་རྒྱ་མཚོའི་འགྲམ་ནས་འཇུག་བསྡུས་པའོ། 

 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།