Back To Top

ཡབ་མེས་འབྲོག་པ།

བཀླགས་གྲངས། 926

གངས་མྱིག་གི་གཞས་ཚིག

 

 

ཚིག                ས་དཀར་རྡོ་རྗེ། 

 

བྱམས་དང་བརྩེ་བ་ང་ཡི་སེམས་ཁམས་ཡིན།།

གཞན་ཕན་ལྷག་བསམ་ང་ཡི་རང་གཤིས་ཡིན།།

འཚེ་མེད་ཞི་བ་ང་ཡི་ལྟ་གྲུབ་ཡིན།།

ང་ནི་ཡབ་མེས་འབྲོག་པའི་རྒྱུད་འཛིན་ཡིན།།

 

དྭངས་གཙང་བོད་སྐད་ང་ཡི་ཕ་སྐད་ཡིན།།

ལྷད་མེད་དབྱངས་གསལ་ང་ཡི་མ་ཡིག་ཡིན།།

རིན་ཆེན་སྐད་ཡིག་ང་ཡི་ཚེ་སྲོག་ཡིན།།

ང་ནི་ཡབ་མེས་འབྲོག་པའི་ཤུལ་འཛིན་ཡིན།།

 

མགོ་སྦྲ་སྨུག་པོ་ང་ཡི་ཕ་ཁྱིམ་ཡིན།།

དཀར་ནག་སྒོ་ཕྱུགས་ང་ཡི་འཚོ་རྟེན་ཡིན།།

ཤ་མར་ཐུད་གསུམ་ང་ཡི་ཁ་ཟས་ཡིན།།

ང་ནི་ཡབ་མེས་འབྲོག་པའི་གཅེས་ཕྲུག་ཡིན།།

 

འདོ་བ་རྐྱང་རྒོད་ང་ཡི་འགྲོ་རོགས་ཡིན།།

ཕྱིང་དཀར་པགས་རྩག་ང་ཡི་རྒྱབ་གོས་ཡིན།།

གངས་རི་རྩྭ་ཐང་ང་ཡི་ཕ་ས་ཡིན།།

ང་ནི་ཡབ་མེས་འབྲོག་པའི་ས་བདག་ཡིན།།

2023-09-15 མྱི་ལྡང་།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།