Back To Top

རྨི་ལམ།

གངས་མྱིག་གི་གཞས་ཚིག

བཀླགས་གྲངས། 857

སྡུག་བསྔལ་མི་འདོད་མི་སེམས།། 

སྐྱོ་བས་ཡོངས་སུ་གཏུམས་དུས།། 

གསོན་པ་ཟེར་བ་དེ་ཉིད།།

རྨི་ལམ་ཡིན་ན་བསམ་བྱུང་།། 

སེམས་ལ་མངའ་བའི་ན་ཟུག 

འཁྲུལ་སྣང་ཡིན་ན་དགའ་བ།།

 

བདེ་བར་རྔམ་པའི་མི་སེམས།། 

སྤྲོ་བས་ཡོངས་སུ་ཁེངས་དུས།། 

འཚོ་བ་ཟེར་བ་དེ་ཉིད།།

རྨི་ལམ་ཡིན་ན་བསམ་བྱུང་།། 

སེམས་ལ་འཆར་བའི་བདེ་བ།། 

མུ་མེད་ཡིན་ན་དགའ་བ།།

 

བདེ་སྡུག་མི་མཉམ་མི་སེམས།། 

སོ་ཉིད་ནང་དུ་ལྷུང་དུས།། 

མི་ཚེ་ཟེར་བ་དེ་ཉིད།། 

རྨི་ལམ་ཡིན་ན་བསམ་བྱུང་།། 

སེམས་ལ་ཡོད་པའི་དར་རྒུད།། 

འཕོ་འགྱུར་མེད་ན་དགའ་བ།།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།