བཀླགས་གྲངས། 965
མུ་ཏིག་གིས་གངས་སྙན་ངག་པར་ལན་དུ།
ས་ཐག་རིང་མ་རེད་ཐག་ཉེ་རེད།།
ས་ཐག་ཉེ་དྲ་སྒང་གྲུ་བཞི་རེད།།
ཤེལ་གྲུ་བཞིའི་ནང་གི་ཇག་པ་ཚོ།།
ཚང་གཅིག་ལ་འཛོམས་ནོ་སྐྱིད་རེ་ལྟོས།།
ང་སྐྱིད་ནོ་ངས་ར་མི་ཚོར་གི།
ང་སྡུག་ནོ་མྱིས་ར་མ་ཤེས་ཟིག།
མགོ་སྐྱིད་སྡུག་གནམ་ལ་བཅོལ་མཁན་ང་།།
སྐད་ཡི་གེའི་ངོ་ནས་འཛུམ་རེ་རྙེད།།
ང་ཇག་ལམ་འདི་ལ་ཞུགས་དུས་ན།།
ཇག་དཔོན་དམངས་གཉིས་ཀས་སྔུན་བསུ་གི།
དཔའ་དཔུང་བ་གཤིབ་ས་ཡིན་པར་སྨོན།།
ཇག་མིང་སྲིང་མཛའ་བརྩེ་བརྟན་པར་སྨོན།།
མཆན་འདི་ཚོ་ཀློག་ན་སྙན་མོ་རེད།།
ལག་མཐེ་མོ་རིག་ན་སྐྱིད་པོ་རེད།།
ལན་འདེབས་ས་མི་རྙེད་སྡུག་བསྔལ་རེད།།
ཚིག་འཛུམ་དྲུག་ཅན་གྱི་ཇག་རོགས་ཚོ།།