Back To Top

ཀ་རྩོམ་མགོ་འཆོལ་ར་འཆོལ།

བཀླགས་གྲངས། 1054

མུ་ཏིག་གིས།

ཀ་བ་བུམ་པ་གཉིས་ཀ་རྩད་རྩད་ནས།།
ཁ་དང་ལག་པ་གཉིས་ཀ་རང་མ་བསྡད།།
ག་ལེར་བསམ་ན་ཤར་ནུབ་གཉིས་ཀ་ནས།།
ང་ཡིན་ཁོ་ཡིན་ཟེར་ནས་ད་དུང་རྩོད།།

ཅ་ཆ་གཉིས་ཀ་ཙ་ཚ་རེད་ཟེར་ནས།།
ཆ་མེད་ལུགས་མེད་གཉིས་ནས་འུར་འུར་སོང་།།
ཇ་འཐུང་ཉལ་འདུག་བར་ནས་བསམ་བསྡད་ན།།
ཉ་ཉོག་བསྲེས་པའི་གཏམ་ལ་ཚོད་མེད་གི།

ཏ་ཏོ་ཟེར་བའི་རྒྱ་ཡིག་དགེ་རྒན་དང་།།
ཐ་གུ་སློབ་གྲྭའི་ཆོས་དགེ་ངོ་སྡུག་གཉིས།།
དྭ་ཕྲུག་ཁ་རྒྱ་མགོ་རྒྱ་མ་ཡིན་ཡང་།།
ན་ཚོད་རྒས་ཀྱང་བོད་ཕྲུག་རྡུང་རྡུང་པ།།

པ་མགོ་ཁ་པར་འཁུར་བའི་ཁྱུ་ཚོགས་ཤིག།
ཕ་མ་བཞིན་དུ་མགོ་ལ་འགྱིང་ཡོང་གི།
བ་གླང་མཉམ་དུ་ལམ་ཁ་བཀག་ཡོང་གི།
མ་རབས་འདི་ཚོར་ཚོད་ཅིག་མེད་པ་འདྲ།།

ཙ་རི་ཙོ་རེ་གསར་འགྱུར་རྣ་སུན་དང་།།
ཚ་གེ་ཚིག་གེ་འཁྲབ་སྟོན་རྫུན་མ་ཚོ། །
ཛ་དྲག་དུས་ལ་དགོས་མཁོ་མ་མཆིས་པས།།
ཝ་ཡེ་ནན་ཙམ་བྱེད་ན་མི་ཆོག་གམ།།

ཞ་ར་མིན་ན་རྒྱབ་མདུན་ལྟ་ཡག་བྱོས།།
ཟ་རྒྱུ་བྱུང་ན་བཤད་རྐྱང་དཀྲུགས་རྐྱང་མིན།།
འ་འུབ་ཟུག་བཞིན་དྲ་སྟེང་གཤར་རྐྱང་མིན།།
ཡ་ཡུད་བཤད་ནས་དུས་ཚོད་གཏོང་རྐྱང་མིན།།

ར་ལྤགས་གོན་པའི་རི་སྤྱང་ཉྭ་འདར་ཚོ།།
ལ་ལུང་མེད་ལ་ཙི་སྐོར་འདེབས་རྐྱང་རེད།།
ཤ་ཁྲག་འཐུང་བས་མ་ཚད་རུས་འཆའ་བས།།
ས་སྟེང་འདི་ནས་རིགས་རྒྱུད་ཆད་རན་རེད།།

ཧ་ལོ་ཀ་རྩོམ་ཕྲིས་ཞེས་སྐུལ་ཡོང་ན།།
ཨ་རོ་ཡ་ཡ་མི་ཟེར་ག་མེད་རེད།།
ཧ་ཅང་ཁ་གཙང་སྤུས་གཙང་མིན་ན་ཡང་།།
ཨ་ཀྱོག་པ་ཀྱོག་ཁ་ངོ་སྲུང་བར་བྱ།།

༢༠༢༣ ༨ ༦

2023-09-30 ཇག་ལྷ་དཀར་པོ།
ཀ་བཤད་གནའ་ཤི་ད་བཤད་རེད།
ཁ་རྒོད་སྟག་རྒོད་ང་རོ་རེད།
ག་རེ་བཤད་རུང་མ་བཤད་རུང་།
ང་དང་ཁྱོད་ཚོ་ལབ་རྐྱལ་རེད།།
2023-09-11 རྡོ་གོར་མོ།

2023-09-07 ཤེད་བུ
ཀ་ཡ་བརྫེ་ཞིག་བྱས་ནས་རྩོད་ལ་ཧ་ཅང་དགའ།  །
ཁ་ཡང་མགོ་སྒུར་ར་ཞིག་བྱས་ནས་རྩོད་ལ་དགའ། །
ག་ངོ་བྷོག་གཅིག་བུས་རང་ཚུགས་ཟིན་དཀའ་བས་ན། །
ང་ཡང་ཀ་ཁ་གཉིས་ཀྱི་མཉམ་དུ་རྩོད་ལ་ཞུགས། །
2023-09-06 བེའུ་རྫི་རྡ་རྡ།
ཀ་ཡེ་ཁོ་བོ་ཁོ་མོ།། ཁ་ལག་གཉིས་མཚུངས་ཡིན་ན།། ག་ལེར་གོ་སྐབས་བཟུང་སྟེ།། ང་ཚོའི་རྨི་ལམ་སྒྲིབ་རོགས།།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།