བཀླགས་གྲངས། 1343
མུ་ཏིག་གིས།
ལས་ཀྱི་རི་མོ་ལེགས་བྲིས་མ།།
ཚེ་ཡི་དངོས་གྲུབ་རང་བྱུང་མ།།
གཏན་གྱི་འདུན་མ་ལམ་ཐུག་མ།།
སྐྱིད་ཀྱི་མེ་ཏོག་རྣམ་བཞད་མ།།
བརྩེ་བའི་སྣང་བ་རང་མཐུན་ལ།།
སྐྱིད་ཀྱི་ཉི་མ་འཆར་བར་ཤོག།
དུང་བའི་སེམས་པ་མཉམ་འདྲིས་ལ།།
གཡང་གི་དྲོད་ཁོལ་འཁྱིལ་བར་ཤོག།
ཁྱིམ་གྱི་དགོད་སྒྲ་རྟག་བརྟན་ཤོག།
བུ་དང་བུ་མོས་བཀྲ་ཤིས་ཤོག།
མི་ཚེའི་ལམ་ཁ་ཡངས་བར་ཤོག
མཛའ་བའི་ཉེ་དུ་ཕུན་སུམ་ཚོགས།།