Back To Top

རི་གུར་ནང་གི་དྲན་ཤིང་རི་ལ་འཇོག

བཀླགས་གྲངས། 1055

འབབ་བཟོའི་སྐར་མ་སྡོང་པོའི་འཕྱང་འཕྲུལ་སྒུལ།། 
གློག་འོད་ཁྲ་ཁྲ་མེ་ལྕེ་ལྷམ་ལྷམ་ཁོལ།། 
མི་རེའི་སེམས་ལ་རི་ཆུའི་རི་མོ་འཁྱིལ།། 
རི་གུར་ནང་གི་དྲན་ཤིང་རི་ལ་འཇོག།

རི་གུར་ནང་གི་དྲན་ཤིང་རི་ལ་འཇོག

མུ་ཏིག

སྒར་ཁ་འདི་ནི་ཐག་ཉེ་ཐག་ཉེ་ཞིག། 
མ་ཤེས་མ་མཐོང་ལོ་ཟླ་མང་པོ་སོང་།། 
རི་གུར་འདི་ཚོ་གཙང་མ་གྲ་དག་རེད།། 
མགྲོན་བདག་ཚང་གི་རྣམ་འགྱུར་དེ་ལས་ཡག།

དགུན་འཁྱག་ནང་ལ་ཉི་འོད་ཚ་སོབ་སོབ།། 
རི་རྒན་སྐྱ་བོའི་ཚར་ཞྭ་དཀར་སོབ་སོབ།། 
རྫ་རི་བྲག་རི་ནགས་རི་གཡའ་རི་དང་།། 
གངས་ཆུ་རྫ་ཆུ་རྦབ་ཆུ་སོ་སོར་ལྷུང་།།

རྡོ་ལེབ་འཁུར་བའི་བོང་གྲལ་དམག་ལ་འགྲན།། 
ཁངས་རྡོག་འདྲ་བའི་ར་ལུག་བྲག་ན་འབའ།། 
གཡའ་མ་གཞབ་པའི་རྡོ་བས་རི་ཁོག་དཀྲོག།
བཙན་བྱོལ་མཚན་ནག་ལམ་ཁ་དྲན་པར་བྱས།།

མེ་སྤུངས་ལྷམ་མེར་དགོད་སྒྲ་ཐག་དིར་རི།། 
རྐང་བྲོ་ཐག་ཐག་རོལ་དབྱངས་བྲག་མཆོངས་མ།། 
ཟླ་བ་གསལ་ལེ་ནམ་མཁའ་སྔོ་ཡུག་ཡུག། 
གཅེས་ཕྲུག་འཛུམ་དམུལ་རི་བོང་སོ་གཉིས་མ།།

འབབ་བཟོའི་སྐར་མ་སྡོང་པོའི་འཕྱང་འཕྲུལ་སྒུལ།། 
གློག་འོད་ཁྲ་ཁྲ་མེ་ལྕེ་ལྷམ་ལྷམ་ཁོལ།། 
མི་རེའི་སེམས་ལ་རི་ཆུའི་རི་མོ་འཁྱིལ།། 
རི་གུར་ནང་གི་དྲན་ཤིང་རི་ལ་འཇོག།

༢༠༢༤ ༡ ༢༦དང་༢༧ ཉིན། ཉེ་འཁོར་བྱིས་པ་ཚོ་ཁྲིད་ནས་རི་གུར་ཞག་སྡོད་ལ་ཕྱིན་པའི་ཉིན་ཐོར།

2024-02-03 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།