Back To Top

ནོར་གླིང་སྐར་ཆུང་རུ་ཁག

བཀླགས་གྲངས། 1060

མུ་ཏིག

བདག་གི་སྙིང་ཉེ་བའི་སྐུ་མགྲོན་རྣམ་པ། 

ནམ་རྒྱུན་དཔེ་དེབ་དབུ་འབྱེད་ལ་མི་སྣ་དམིགས་བསལ་དང་གལ་ཆེན་སོགས་ཆེད་དུ་གདན་འདྲེན་ཞུས་སྲོལ་ཡོད་མོད། འོན་ཀྱང་ངའི་ངོས་ནས་གཅེས་ཕྲུག་ཁྱེད་ཚོ་ནི་མི་སྣ་གལ་ཆེ་ཤོས་དེ་ཡིན། 

 

དེ་རིང་གི་སྐུ་མགྲོན་ཁྱེད་ཅག་ཡིན་ལ། དཔེ་དེབ་འདིའི་ནང་གི་མི་སྣ་ཁྱེད་ཚོ་ཡིན། སྒོ་འབྱེད་གནང་མཁན་དང་ཐོག་མའི་ཀློག་པ་པོ་ཡང་ཁྱེད་ཚོ་ཡིན། ཁྱེད་ཅག་ཡོད་པས་ད་གཟོད་ངས་མི་ཡུལ་ལ་དེབ་འདི་འདྲ་ཞིག་གི་ལེགས་སྐྱེས་ཕུལ་ཐུབ་སོང་། བཀའ་དྲིན་ཆེ། 

 

ད་དུང་དེབ་འདིའི་ཞུ་དག་པ་དང་ཇུས་འགོད་པ། རི་མོ་བ། པར་སྐྲུན་དང་འབྲེལ་བའི་བཀའ་མོལ་དང་རོགས་རམ་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། 

2024-03-23 མུ་ཏིག
བཀྲ་ཤིས་བདེ་ལེགས། བསྟན་བཟང་ལགས།
དེབ་ཀྱི་མིང་བྱང་ལ་ "ནོར་གླིང་སྐར་ཆུང་རུ་ཁག" ཡིན། ནང་དོན་ནི་རྐང་རྩེད་སྤོ་ལོ་རུ་ཁག་ཅིག་གི་ཚོགས་མི་ཚོའི་མཛའ་བརྩེ་དང་ནམ་ཀུན་གྱི་བྱེད་སྒོ་མཚོན་པའི་དངོས་སྒྲུང་ཞིག་རེད། རུ་ཁག་འདི་ཐོག་མར་བཙུགས་དུས་ཕལ་ཆེར་༢༠༡༨ ལོ་ཡིན་པ་ཡོད། སྐབས་དེར་རུ་ཁག་གི་མིང་བྱང་བྱིས་པ་ཚོས་དབྱིན་ཡིག་ནང་ལ་བྲིས་པ་ཞིག་གུས་མོས་བོད་སྒྱུར་བྱས་པ་ཡིན། ད་དུང་རུ་ཁག་གི་ལས་རྟགས་ཤིག་ཀྱང་ལག་བྲིས་བྱས་བྱུང་། དེ་ནས་བཟུང་བྱིས་པ་ཚོས་བཏགས་པའི་མིང་འདི་གལ་ཆེན་རྩིས་ནས་ང་ཚོས་མུ་མཐུད་བེད་སྤྱོད་བཏང་ནས་ཡོང་བ་རེད། དེང་སང་སྐབས་དེའི་ཚོགས་མི་ཚང་མ་ས་གནས་མི་འདྲ་བའི་སློབ་གྲྭར་ཕྱིན་ནས་གཅིག་ཀྱང་ལྷག་མེད་ཀྱང་། སྐབས་དེའི་ཉེ་འཁོར་གྱི་བྱིས་པ་གྱ་ཙེ་གོམ་ཙེ་བྱེད་བཞིན་པ་ཚོ་དེང་སང་རུ་ཁག་འདིའི་ཚོགས་མི་གྱུར་ཡོད། ཁོང་ཅག་གི་སྒྲུང་རེད་ལགས།


དེབ་འདི་མངགས་ཉོ་གནང་འདོད་ཚེ་གུས་མོ་མུ་ཏིག་ལ་འབྲེལ་བ་གནང་རོགས། 


2024-03-22 བསྟན་བཟང་།
དེབ་ཀྱི་མིང་བྱང་ཅི་ཡིན་པ་། ནང་དོན་གནད་བསྡུས་ཤིག་དང་གང་ནས་མངགས་ཉོ་བྱ་ཐུབ་མིན་གྱི་གནས་ཚུལ་སོགས་བཀོད་ཐུབ་ན་ཤིན་ཏུ་བཟང་། རེ་སྐུལ་ཙམ་ཡིན།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།