Back To Top

ན་ཆུང་ཚོར་སྙིང་གཏམ་དུ།

ན་ཆུང་ཚོར་སྙིང་གཏམ་དུ།

ཀྭ་ཡེ་ཚུར་ལ་ཉོན་དང་ན་ཆུང་ཚོ།།
ཁ་པར་ཉིན་མཚན་རྩེད་བའི་སློབ་མའི་ཚོགས།
ག་ས་ག་ནས་རྩྭ་ལྡུམ་སྐྱེས་སྐྱེས་རེད།།
ང་ཡི་མིག་གི་ལིང་ཏོག་འདི་ཚོ་རེད།།

ཅ་ནེ་ཐ་ལིན་ཙམ་ཡང་བཀྲུས་མ་ཤེས།།
ཆ་ལུགས་བརྗེ་ནས་སྣ་རྣར་ཨ་ལོང་སྒྲིག།
ཇ་དང་ཀྲིན་མོག་ཚོད་མེད་ཟོས་ཟོས་ནས།།
ཉ་གེ་ཉོག་གེ་དུས་ཚོད་སྐྱེལ་བཞིན་འདུག།

པ་ལོ་དྲེག་པས་ཚོས་ཀྱང་གནམ་ལ་བསླངས།།
ཕ་ལོ་ཉལ་སར་ལྷུང་ཡང་ཧ་ཧ་དགོད།།
བ་མོ་བེའུ་ཡང་ཁྲེལ་གཞུང་ཡོད་ཡོད་འདྲ།།
མ་ལོའི་བུ་ཀྱེ་ཨམ་གཙིག་བསྡམས་རན་རེད།།

ཙ་གེ་ཙིག་གེ་ཡིན་ན་དྲག་གི་ར།།
ཚ་གེ་ཚིག་གེ་བྱེད་རྒྱུ་མང་དྲགས་ཏེ།།
ཛ་རེ་ཛོར་རེ་མི་ཚེ་འདའ་སོང་ན།།
ཝ་རུ་ཝུ་རེ་འགྱོད་པ་སྐྱེ་འོང་ངོ་།།

ཞ་བོ་བཞིན་དུ་ནང་ལ་འཛུལ་འཛུལ་ནས།།
ཟ་ངེ་ཟེང་ངེ་དྲ་བར་སྒོང་དྲགས་ན།།
འ་བེ་འུབ་བེ་ཁྱི་ཕྲུག་བདག་མེད་བཞིན།།
ཡ་བེ་ཡོ་བེ་ངུ་དུས་ཚར་ལེ་རེད།།

ར་ལ་ཞོན་ནས་གནམ་ལ་འཕུར་མཁན་དང་།།
ལ་མོ་ཉལ་སའི་ནང་ནས་རྒྱག་མཁན་གཉིས།།
ཤ་བེ་ཤོབ་བེ་མི་ཚེ་བདའ་མཁན་གསུམ།།
ཡ་མ་ལངས་པའི་གཏམ་རྒྱུད་ངོ་མ་རེད།།

ཧ་ལོ་ཧ་ཧེ་མི་དགོས་མགོ་ནག་ཁྱོད།།
ཨ་མའི་བུ་རེད་བཀྲ་ཤིས་བདེ་ལེགས་བརྗོད།།
ཧ་རེ་ཧུ་རེ་ཕ་སྐད་བརྗེད་སོང་དུས།།
ཨ་བ་ཨ་མའི་མ་རྩ་བརླག་པ་རེད།།

མུ་ཏིག་མ་བུ་གསུམ་གྱི་ཉལ་ས་ནས་སྒྲིག་པའི་ཀ་ཕྲེང་།

བཀླགས་གྲངས། 659

2025-02-23 རིན་ཆེན།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།