མྱིད་ཐག་གི་རྐུབ་ཀྱི་ང་ཚོ།
གློག་ཞགས། (ཨ་རི)
ཅི་ཡང་མི་ཐེགས་པའི་ང་ཚོ།
གངས་རི་ཁུར་པའི་ང་ཚོ།
གང་ཞིག་ནས་བཏེགས་ཏེ་གང་ཞིག་ལ་འགྲོ
རྒོད་པོས་ཀི་རྒྱང་ཙམ་བྱེད་པ་ལས། བྲག་རི་རྣོ་སྐུད་ཀྱིས་གཅུན་བཞིན་པ་དྲན་ནམ།
ང་ཚོས་ཅི་ཞིག་འཚོལ་གྱིན་ཡོད། ཕ་ས་དང་ཕུ་ནུ་བཞག་ནས།
ཐག་རིང་ཐག་རིང་ཞིག་ནས།
དར་ལྕོག་ཟད་པོ་དག་འགུལ་ཙམ་འགུལ་ཙམ་བྱེད་པ་ལས། རྩྭ་ཐང་ངུ་མི་སྤོབས་པ་དྲན་ནམ།
ང་ཚོས་ཅི་ཞིག་རྩོད་ཀྱིན་ཡོད། ལག་དམར་དང་དགྲ་ཟླ་བཞག་ནས།
ས་ཁོངས་དང་ཆོལ་ཁ་བརྩད་ནས།
གངས་རི་ཨུ་ཚུགས་ཀྱིས་འགྲེང་བ་ཙམ་ལས། སྦྲ་ཁྱིམ་ཐེད་བཞིན་པ་དྲན་ནམ།
ང་ཚོས་ཅི་ཞིག་འཇོན་གྱིན་ཡོད། རང་བཙན་དང་དབུ་མ་བརྩད་ནས།
དཔའ་གཏམ་དང་ཁ་རྒྱགས་བཤད་ནས།
ཅི་ཡང་མི་མཁྱེན་པའི་ང་ཚོ།
ཐམས་ཅན་མཁྱེན་པའི་ང་ཚོ།
གང་ཞིག་གླེང་ནས་ཅི་ཞིག་འཚོལ།
མྱིད་ཐག་གི་རྐུབ་ཀྱི་ང་ཚོ།
༢༠༡༨ལོའི་སྤྱི་ཟླ༡༠པའི་ཚེས་༡༨ཉིན་ཨ་རིའི་རྒྱལ་ས་ནས།