Back To Top

ཞོགས་པའི་སྤྲོས་པ།

འདྲེ་རྐང་འཇིབ་ཀྱིས།

བཀླགས་གྲངས། 498

 

དེ་རིང་གི་གནམ་གཤིས་ཧ་ཅང་བཙོག
ཁ་སང་གི་མི་དེ་ཁོང་ཁྲོ་ལངས་པ་བཞིན
ངའི་སེམས་ཀྱི་སྒོ་མོ་གཏན་པར་བྱས

རྒྱང་རིང་ནས་འཐིབས་པའི་སྨུག་པ
ངའི་མིག་ཟུང་གི་ཁ་གཏད་དུ་ལངས་ནས
ཕ་ཡུལ་གྱི་རི་ཆུ་གནག་གསུམ་སྔ་མོ་ནས་མིད་ཟིན་པ་འདྲ

སྨུག་པའི་ཀློང་གི་ཕ་ཡུལ་གྱི་རི་གླུ་དེ
མཐའ་ཡས་པའི་རྒྱ་མཚོ་དང་གྲོང་ཁྱེར་དག་ནས་གོ་བར་སྨོན་དུས
ང་ཕ་ཡུལ་མ་ཡིན་པའི་ཕ་ཡུལ་གྱི་སྤང་ཁུག་ན་ཡོད་པར་འདོད

ངག་སྙན་མོ་དང་ཚིག་ཡག་ག་དེ་དག
རྨི་ལམ་གྱི་ཟམ་སྟེང་ན་འགུལ་ཞིང
ཇ་འོ་མ་དང་ཤ་ཚོམ་པོ་དེ་དག་ཀྱང་
རེ་བའི་ལྷན་འཛོམས་ཀྱི་དགོད་སྒྲའི་ཀློང་ན་འཕྱུར

ཁ་ཐག་རིང་སོང་བསམ་དུས
ཁྱེད་ཅག་ནི་བདག་གི་གམ་དུ་ཡོད་པར་སྣང་ལ
ཁ་ཐག་ཉེ་བར་བསམ་དུས
ཁྱེད་ཅག་ནི་མཐའ་མེད་པའི་མཁའ་དབྱིངས་སུ་འཐིམས་འདུག་སྙམ

འདྲེ་རྐང་འཇིབ། 2023/8/29

2023-09-01 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།