འདྲེ་རྐང་འཇིབ་ཀྱིས།
བཀླགས་གྲངས། 824
ཁྱེད་ཉིད་གང་དུ་ཡོད་ན
ངས་དྲན་པའི་ཀློང་ན་ཁྱེད་ཉིད་རྟག་ཏུ་འགུལ་བཞིན་འདུག
མི་ཚོགས་མཚོ་རླབས་བཞིན་འཕྱུར་བའི་དབུས་ན
རི་ཆུའི་མཛེས་པ་མཐོང་བའི་དུས་ན
ཁྱེད་ཉིད་ངའི་སར་འོང་བཞིན་པ་འདྲ་ལ
ང་ལ་སྐད་ཆ་ཞིག་བཤད་འདོད་པའང་འདྲ
ཡིན་ནའང འདི་ནི་སེམས་པའི་ཁང་བཟང་གིས་བསྐྲུན་པའི་མཛེས་པའམ
རེ་བའི་རླུང་བུས་སྒུལ་བའི་མེ་ཏོག་གི་འདབ་མ་རེད་ཨང
ལོ་ཟླ་མང་བོ་ཞིག་འདས་སོང
ངས་ཁྱོད་ལ་འཁྲེང་བའི་སྙན་ངག་གི་མཆོད་པ་འབུལ་ཡོད་ལ
ངས་ཁྱོད་ལ་མཇལ་བའི་སྨོན་ལམ་གྱི་ཁ་བཏོན་ཆད་མེད
དེ་རིང་ཡང་ལས་ཚོགས་ཀྱི་བར་གསེང་ནས
ངས་ཁྱེད་ཉིད་མཐོང་འདོད་ཀྱི་ཆུ་བོ་རྒྱས་ཞིང
ཁྱེད་ཀྱི་གསུང་སྙན་གྱི་རོལ་དབྱངས་དེ་ཡང་ལྷག་པར་དྲན་ནས་འོང
6/9/2023 ཞོགས་པར་འདྲེ་རྐང་འཇིབ་ཀྱིས།