འདྲེ་རྐང་འཇིབ་ཀྱིས།
བཀླགས་གྲངས། 524
དུག་སྦྲང་འཁོར་བ་དང་འདྲ་བའི
ཁོར་ཡུག་དོག་པའི་ཡུལ་ལུང་མོད
སེན་ཤུལ་དང་དེའི་རྨ་ཤུལ་གྱི་རི་མོ་དག་ནི
སྣུམ་ཚོན་གྱི་མདངས་ལྟར་གསལ་ལེར་མངོན
སེམས་ཀྱི་ཚག་སྒྲ་དེ་མ་གྲགས་གོང
ཕ་ཡུལ་གྱི་གནམ་གཤིས་ནི་སྐྱ་ཐང་ངེ
ཡུད་དུ་འོང་བ་ཞིག་མ་རེད
འབའ་འབུ་མང་གྲགས་པས་རྐྱེན་གྱིས
ཚག་སྒྲས་སླར་སེམས་པ་ལ་རྨ་ཁ་བཟོས་པ་ཉུང་ཉུང་མིན
རང་གཤིས་ལ་འགྱུར་ལྡོག་བྱུང་བས
རྣམ་འགྱུར་ནི་རྨ་ཕོག་པའི་རི་དྭགས་རྨས་མ་བཞིན
སྙིང་རྗེ་རུང་མཚམས་མཚམས་ལ་ཁོང་ཁྲོ་ཡང་ལང་བར་འཇུག
ཟློག་ཏུ་མེད་པ་ནི་བར་ཆད་རེད་དེ
བར་ཆེད་ཀྱི་སླད་དུ་རྒྱུ་གསོག་པར་ཤིན་ཏུ་སྤྲོ
དགོས་ས་དང་མི་དགོས་ས་མང་པོའི་ཟུར་ནས
དགའ་བ་དང་དགའ་བ་མེད་པའི་བར་གསེང་ནས
བར་ཆད་ཀྱི་རྒྱུ་འདེབས་པའི་མི་ཚོགས་ཧ་ཅང
ད་ནི་ཚག་སྒྲ་གཞན་ཞིག་གིསཁ་ལོ་མ་བཏུལ་ཚེ
གཡག་དང་འདྲ་བའི་ང་དང་ང་ཚོ
ལམ་གསར་བ་དང་བདེ་མོའི་གཞུང་ལམ་ཞིག་གཏན་དུ་མེད་པ་འདྲ
འདྲེ་རྐང་འཇིབ། 2025/3/11ཉིན།