Back To Top

རང་གཤིས།

བཀླགས་གྲངས། 1068

__ལུགས་ལྡོག་གིས།

གང་དུ་སོང་ན་ཉམ་ཆུང་དང་དམན་ས་འཛིན་ཏེ།
རང་ཉིད་ལ་འཐོབ་དགོས་པ་རྣམས་ཐོབ་ཅིང་།
ཡར་རྒྱས་ཀྱི་གོམ་ཁ་ཇེ་ཡང་དུ་ཕྱིན་སོང་ཟེར་ཆོག།

འགྱེལ་སོང་ན་ལང་དགོས་པའི་ཨུ་ཚུགས་དང་།
གནོན་ཡོང་ན་འཕག་དགོས་པའི་སྤོབས་པ་ཆེ།

སྤྱིར་བཏང་གི་ཟེར་སྒྲོས་དང་སྲོལ་ཙམ་དུ་མ་ཞུགས་ཏེ།
གཡས་གཅུ་གཡོན་གཅུ་གྲངས་མེད་བྱ་དགོས་བྱུང་།
རང་ཉིད་ལ་དབང་བ་རང་ཉིད་ཡིན་སྣང་གིས།
རྒྱབ་འགལ་གྱི་མདུན་སྐྱོད་ཡུན་རིང་བྱས་མཐར།
འཇིག་རྟེན་འདིར་རང་དབང་གི་གོ་འཕང་ཐོབ་ཅིང་།
ཁེར་ལམ་ཟིན་པའི་སངས་རྒྱས་སོང་ཟེར་ཆོག་ཡ།

ང་ནི། ཉལ་མི་དགོས་པར་རྨི་ལམ་རྨི་མཁན་ནམ།
གཤོག་པ་མེད་པར་འཆར་སྣང་གིས་འཕུར་བར་གོམས།

གཟུགས་ཀྱི་ཕུང་པོ་འདི་བརྡེག་བཙོག་གིས་མནར་ཡང་།
འདུ་ཤེས་ཀྱི་རྟ་མཆོག་སྲབ་མེད་ལ་ལམ་བུ་མི་དགོས་སྟབས།
ཉི་ཟླའི་རྒྱུ་ལམ་བཅད་དེ་རང་གི་དམིགས་འདུན་དུ་བགྲོད་ངེས།


༢༠༢༤/༥/༢༩

2024-05-31 ཟླ་བ།

2024-05-29 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།