Back To Top

ཧྥ་ཇག་ཏུ་འཛུལ་བའི་ཇག་པ་ཞིག

ལུགས་ལྡོག་གིས།

བཀླགས་གྲངས། 978

ལོ་སྔོན་མའི་སང་ཉིན་གྱི་ཉིན་མོར།
ང་རང་ཆེད་དུ་ཧྥ་ཇག་ཏུ་འཛུལ་བཞག།

ང་ཧྥ་ཇག་ཚང་གི་ཇག་ཚང་དུ་འཛུལ་དུས།
ཉིན་མོའི་ནང་གི་ཉིན་མོ་ཞིག་གཏན་ཁེལ་བྱས།
སྒྲ་ཡངས་འཇུག་དང་སྒྲ་ཇི་བཞིན་པའི་ངོས་ནས།
ང་རང་རྣམ་རྟོག་ཟ་སའི་ཇག་པ་ཞིག་ཡིན།

ཧྥ་ཇག་ནི་མྱི་གསོད་མཁན་གྱི་ལག་དམར་ཞིག་མིན་ཡང་།
མྱི་སེམས་ལ་རྨ་ཁ་བཟོ་བའི་ཇག་ཚང་ཞིག་ཡིན་ན་འགྲིག།

ལ་ལ་ཞིག་གི་རྣམ་རྟོག་ཏུ་ཤར་བ་ནི།
སོར་མོའི་ཕྲེང་བ་ཅན་ལྟ་བུ་ཡིན་སྲིད་ཀྱང་།
ཁྱོད་རང་ཐ་སྙད་ཀྱི་རྒྱ་ལས་མ་གྲོལ་བའི།
ཡུལ་ལུང་གི་བྱང་ཆུབ་སེམས་དཔའ་ཞིག་རེད་ལབ་ཆོག།

ཀ་ཁའི་འཕུར་མདའ་ཐོགས་པའི།
ཇག་པ་ཚོས་དབྱངས་བཞིའི་རྔོན་ཁྱི་ཁྲིད་དེ།
མདུན་ཕྱོགས་ཀྱི་དགྲ་བོ་སྟག་གཟིག་འདྲ་ལ་འཐབ་དགོས།

ཇག་པ་ཞིག་ཡིན་ན།
ཇག་ལས་ནི་ཉིན་རེའི་འཚོ་བ་དང་འབྲེལ་ཡོད།

དབྱངས་གསལ་གྱི་སྲུང་འཁོར་ཐོགས་པའི།
ཇག་པ་ལུགས་ལྡོག་ཧྥ་ཇག་ཚང་དུ་འཛུལ་ཏེ།
འཇིག་རྟེན་དུ་སྐྱེས་པའི་ཆགས་སྡང་གི་ང་རོ་འདོན།

དགུན་གྱི་གྲང་ངར་དང་མཚན་མོའི་སྨག་རུམ་དུ།
ཇག་པའི་རང་ཚུགས་ལ་འགྱུར་བ་ཡེ་ནས་མེད།

ཇག་པ་ཟེར་དུས།
མཐའ་གཅིག་གིས་སྙིང་རྗེ་བྲལ་བའམ།
རིག་ཚད་རྐུ་འཕྲོག་བཅོམ་གསུམ་བྱེད་མཁན་ཏེ།
གནས་ལུགས་ཁྱོན་ནས་མི་ཤེས་པ་ཞིག་ཏུ་གོ་ན།
ཇག་པ་ནི་ཚིག་མཛོད་ནང་གི་བརྡ་ཆད་ཁོ་ན་མིན།

ཇག་པའི་ལྟོ་རྒྱབ་ལ་དཀའ་ཁག་མེད་ཚེ།
འགན་འཁྲི་ཅི་ཡང་མེད་པར་འདོད་ན།
ཁྱོད་ཀྱིས་ཇག་པའི་གཤིས་ཀ་ཤེས་མེད་ངེས་རེད།

བརྡ་སྤྲོད་སྟངས་ཤིག་གིས་བཤད་ན།
ཇག་པ་ནི་སྤྱི་ཚོགས་ཀྱི་ཐོག་མ་དང་།
སྐྱག་པ་ནི་ཟས་ཀྱི་མཐར་ཐུག་གོ་ཞེ་ན།
ཡིན་ལུགས་ཀྱི་གནས་ལུགས་ཤིག་ཧ་གོའམ།

ཇག་པ་དང་སྐྱག་པའི་ཐ་སྙད་གོ་ཙམ་ནས་གཡོལ་འགྲོ་ན།
མེས་པོ་ཚོར་ཕྱིར་མིག་འཕེན་ཞོར་འཕེན་ཞོར་དང་།
རང་གི་རྒྱུ་མའི་ཁུག་སྣེ་རེ་རེ་ཡིད་ལ་འཆར་ལོས་དགོས།

ཧྥ་ཇག་ཅེས་པའི་ཐ་སྙད་འདོགས་དོན་མི་ཤེས་ཀྱང་།
ཇག་པ་དང་སྐྱག་པས་བདག་ལ་སྤོབས་པ་བྱིན་སོང་།

ཇག་པ་དང་དམངས་གཙོ་གཉིས།
ཉམ་ཆུང་ཚོའི་མཛེས་སྡུག་ཡིན།

༢༠༢༤/༩/༡

2024-09-02 སྐལ་བཟང
2024-09-02 ཇག་ལྷ་དཀར་པོ།
ཇག་པ་སྐྱག་མ་འདྲ་མ་ཞིག་རེད་འདུག
སྐྱག་པ་ལ་ཡང་ཇག་དྲི་འཐུལ།

ཇག་པ་འདིའི་ཁ་ཟས་བོད་ཡིག་རེད།
དེ་བས་སྐྱག་པ་དེ་ཡང་རིན་པོ་ཆེ།

གལ་ཏེ། སྐྱག་པ་མི་དགོས་ན་ཟ་མ་མ་ཟ།
གལ་ཏེ། ཇག་པར་མི་དགའ་ན་བོད་ཡིག་མ་སྦྱོངས།
2024-09-01 རྡོ་གོར་མོ
2024-09-01 གསལ་ལེ་རྒྱལ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།