Back To Top

སྣང་བ་རྒྱ་ཡན་མ།

བཀླགས་གྲངས། 432

ལུགས་ལྡོག་གིས།

རང་ཉིད་ནི་གཡག་རོག་ཞོལ་ཆེན་ངར་མ་ཞིག་ཡིན་སྣང་གིས།

ཉི་ཟླ་གཉིས་ཀ་རྭ་བར་དུ་གཟར་ནས་འགྱིང་ཉམས་ཆེན་པོས།
ཧར་སྒྲ་དམྱལ་ཁམས་དཀྲུག་པ་ཞིག་འབྱིན་པ་ན།
སྐར་མའི་ཚོགས་རྣམས་འདར་ཞིང་འཐོར་ལ་ཁད་དུ་གྱུར།

གཤིན་རྗེའི་རྒན་པོ་དང་སྒྲ་གཅན་གཉིས་འཇིགས་ཡུལ་ནི།
བདག་དང་བདག་གི་ང་རྒྱལ་གྱི་མགོ་འཕང་མཐོན་པོ་མིན་ན་ཅི།

ཡིད་ཕམ་པ་ཞིག་གམ། བྱེད་ཐབས་བྲལ་བ་ཞིག་ནི།
སྦལ་བའི་སྡང་མིག་དང་དུག་སྦྲང་གི་སྡུག་སྐད།
ཝ་སྐྱེས་དོན་མེད་དུ་འཛུམ་པ་བཅས་ཀྱིས།
ཐང་ཆད་ཅིང་ངལ་བའི་གནས་སུ་གྱར།

ང་རང་བེའུ་ནས་ནར་སོན་པའི་གོ་རིམ་ནི།
མུན་ནག་གི་མཁའ་དབུགས་རྔུབས་ཤིང་།
རི་སྤྱང་གི་ངུ་ཟུག་དང་འགྲོགས་ནས་ཡོང་བ་ཡིན་པས།
ད་ནི། རང་དབང་གི་རྨིག་བཞིས་གོ་ལ་ཁུ་ཚུར་འདྲ་བོ་གནོན་པར།
འཇིགས་པ་དང་ཞུམ་པའི་ཡིད་གཉིས་ཀྱི་འོབས་དོང་མ་མཆིས།

༢༠༢༤-༡༡-༨

2024-11-16 ཤེད་བུ

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།