བཀླགས་གྲངས། 512
ལུགས་ལྡོག་གིས།
ང་ཚོ་མཐོ་སྒང་གི་ཇག་པ་ཡིན་པའི་ཆ་ནས།
གདོད་མའི་གོམས་གཤིས་དང་ཇག་གླུ་བརྗེད་མི་འོས།
ཇག་པ་ལ་རྒྱ་ཅན་ཞིག་ཡིན་ན།
ཚེ་སྲོག་གིས་སྲུང་བའི་རྩ་དོན་དང་།
ཇག་པའི་རིགས་ལ་དུང་བའི་འདུ་ཤེས་ཡོད་དགོས།
ང་ཚོ་འགྲོ་བ་མིའི་རིགས་སུ་འགྱུར་དུས།
ཇག་པའི་འཚོ་བ་དང་རྔོན་ལས་ལ་བྱང་།
ཐ་སྙད་འདི་མིག་ལ་རྩུབ་ཅིང་རྣ་བར་མི་སྙན་པ་ནི།
བཅོས་མ་དང་ཁྲལ་ལས་ལ་གོམས་སོང་བས་ཏེ།
གདོད་མ་དང་འབྱུང་ཁུངས་ལ་མི་དད་པས་རེད།
ཇག་པའི་ལུས་ངག་ཡིད་གསུམ་གྱི་སག་ཐག་ན།
དབྱངས་གསལ་གྱི་མདའ་གཞུ་ཐོགས་ཡོད།
འཕངས་ན་འབེན་དུ་འཕོག་པའི་ཁྱབ་པ་དང་།
ཕོག་ན་འཆི་བའམ་གཏོར་བའི་ཁྱབ་པར་ངེས།
ཟུར་ཟ་དང་དགག་རྒྱག་གི་སྒྲི་རོན་གསར་པ་གསར་པས།
ས་སྒང་ཆེན་པོའི་ཕ་རོལ་གྱི་རྒྱུ་སྐར་གཏོར་ཐུབ་ཅིང་།
གླིང་སྙོབ་འཕུར་མདའི་ཤེད་ཤུགས་ལས་བརྒལ་ཡོད།
ཡིན་ནའང་། ཇག་པའི་མིང་ཙམ་འཛིན་པ་ལས།
ཇག་ལས་སུ་འཇུག་མི་ཕོག་པའི་ཇག་པ་ནི།
ལྐོག་ཟ་རུལ་སུངས་མཁན་གྱི་གྲས་སུ་བརྩིའོ།།
༢༠༢༤-༡༢-༢༡