Back To Top

ང་རྒྱལ།

བཀླགས་གྲངས། 776

___ལུགས་ལྡོག

སློབ་གསོ་ཞིག་གམ་བག་ཆགས་ཤིག་གིས།
གནམ་འོག་གི་བུད་མེད་ཡོད་དོ་ཅོག་མིག་ནང་དུ་མ་བཞག་སྟེ།
མིང་གྲགས་མེད་པའི་ཕོ་རྒོད་ལྐོག་གྱུར་བ་ཞིག་བྱས་པ་ཡིན།

རྨི་ལམ་དང་བདེན་པར་རྨོངས་པའི་དབང་གིས།
ཆེས་སྤྱིར་བཏང་གི་ཕལ་བའི་ཕལ་བ་ཞིག་ཏུ་གྱུར།

རྒྱུ་འབྲས་ཀྱི་མཚམས་ལས་བརྒལ་བའི་འཐོབ་བྱ་མང་པོ་ཞིག
རང་ཉིད་བདེན་པར་རློམ་པའི་ང་རྒྱལ་གྱིས་བཀག་ཟིན་པ་ནི།
ཕྱི་ཐག་དང་མི་ཚེའི་རིན་ཐང་མཚོན་བྱེད་ཅིག་ཡིན་པས་ན།
གསོན་ནམ་ཤི་ཡང་། རང་ཉིད་དང་མཉམ་དུ་འཁྱེར་བའི་ནོམ་པ་ཡིན།

ད་ནི། ཉིན་རེ་ནས་ཟླ་བ་དང་ལོ་རེའི་འཁོར་སྐྱོད་དུ།
རང་ཉིད་ཀྱི་གྲོགས་ངོ་ཤེས་ཚོའི་མིག་ནང་དུ་ཆུང་ཞིང་།
ནུས་མེད་འཇོན་མེད་ཀྱི་ལྡོམ་པོ་འཁྱར་པོ་ཞིག་ཏུ་འགྱུར་ན་འདོད།

གཞུངས་དྲང་དང་འཇོན་ཐང་གི་འགལ་བ་ནི།
མཉམ་དུ་གནས་ཐབས་མེད་པའི་མེ་ཆུ་གཉིས་དང་མཚུངས།

ཁ་སང་དེ་རིང་། འཇིག་རྟེན་འདིར་འཚོ་ཞིང་གནས་དུས།
གནས་ལུགས་ཀྱིས་མི་སྟོང་བའི་སེམས་ཁམས་ཤིག་གྲུབ་ན།
དཀའ་ཚེགས་དང་མི་ཁ་ནི་ཆེས་ཕལ་བ་ཞིག་རེད་སྙམ།

ང་རྒྱལ་འདི། ཁྱོད་ལ་ཡོད་ཅིང་ང་ལའང་ཡོད།
ཡིན་ཡང་། ལག་ལེན་གྱིས་གཅེས་སྤྲས་བྱ་དགོས།
༢༠༢༥-༡-༢༦

2025-02-23 གངས

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།